Biblia Todo Logo
အွန်လိုင်း သမ္မာကျမ်းစာ

- ကြော်ငြာတွေ -




ཏི་མོ་ཐི་གཉིས་པ་ལེའུ་ 4:4 - རྫོང་ཁ་

4 དེ་ལས་ཁོང་གིས་བདེན་པ་དེ་ལུ་ ཆ་མ་བཞག་པར་ ཁུངས་མེད་པའི་གཏམ་དེ་ལུ་གཙོ་བོ་བསྟེན་ཏེ་ཉན་སྡོད་འོང་།

အခန်းကိုကြည့်ပါ။ ကော်ပီ




ཏི་མོ་ཐི་གཉིས་པ་ལེའུ་ 4:4
13 ပူးပေါင်းရင်းမြစ်များ  

ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་མི་འདི་ཚུ་ སེམས་སྲ་ཀྲག་དང་ ཁོང་གི་རྣམ་ཅོག་ཡང་བྱ་རྡུགས་སྦེ་ རྣ་བ་ཡང་མི་གོ་བས་ ཁོང་གི་མིག་ཏོ་བཙུམ་སྡོད་དེ་ མིག་གིས་ཡང་མི་མཐོང་པས་ དེ་སྦེ་མེན་པ་ཅིན་ ཁོང་གི་མིག་ཏོ་གིས་ཡང་མཐོང་མཐོངམ་འོང་ རྣམ་ཅོག་གིས་ཡང་གོ་གོཝ་འོང་ སེམས་ཀྱིས་ཡང་ཧ་གོ་སྟེ་ སེམས་འགྱུར་སྦེ་ང་སྡོད་སར་ལོག་ལོགཔ་འོང་ དེ་ལས་ང་གིས་ཡང་ཁོང་ལུ་དྲགཔ་བཟོ་བཟོཝ་འོང་ཟེར་ ལུང་བསྟན་བཤད་དེ་ བཞགཔ་བཞིན་དུ་གྲུབ་ཨིན།


འདི་གསནམ་ད་ ཁོང་ལྷན་ཚོགས་ཆ་ཁྱབ་ཀྱིས་ རང་གི་རྣམ་ཅོག་སུབས་ སྐད་བརྐྱབས་ཏེ་ ཁོ་སྒྱིམ་བརྒྱུགས་འོངས་ཏེ།


དེ་སྦེ་འབད་ནི་དེ་གིས་ དཀོན་མཆོག་གིས་ཁོང་ལུ་ ཆོས་རྫུན་མ་ལུ་བདེན་འཛིན་རེ་བཅུག་ནི་སྦེ་ མགུ་འཐོམ་ནི་དབང་གནང་འོང་།


ཁུངས་མེད་པའི་འཇིག་རྟེན་གྱི་གཏམ་དང་ དང་ཕུགས་ཕ་བརྒྱུད་ཚུ་གི་མ་བདེན་མིའི་གཏམ་ འཚོལ་ནི་ལུ་བཀོག་བཞག་ཟེར་ཁ་བཀོད་རྐྱབས་ དེ་ཚུ་གིས་ ཉོགས་བཤད་འབྱུང་ནི་གི་རྒྱུ་རྐྱེན་གཅིག་མ་གཏོགས་ དད་པ་གི་རྒྱུད་ལས་སྒྲུབ་འོང་མི་ དཀོན་མཆོག་གི་ཕྱག་ལཱ་འདི་ འབད་མི་ཚུགས།


འཇིག་རྟེན་པའི་གཏམ་དང་ ཁུངས་མེད་མི་བློ་ཚུ་གི་གྲལ་ཁར་མ་འཛུལ་བར་ ཆོས་སེམས་བསྐྱེད་ནི་གི་དོན་ལས་སྦྱོང་བརྡར་འབད།


དབའེ་ ཏི་མོ་ཐི་ ང་གིས་ཁྱོད་ལུ་བྱིན་མི་བཀོད་རྒྱ་དེ་ལུ་བདག་འཛིན་འཐབ་བཞག་ ཁུངས་མེད་པའི་ འཇིག་རྟེན་པའི་གཏམ་དེ་ཚུ་ ཡོན་ཏན་ཨིན་ཟེར་སྟོན་མི་ཆོས་རྫུས་མ་ཚུ་ལུ་མ་ཉན།


ལུང་ཕྱོགས་ ཨེ་སི་ཡ་ནང་སྡོད་མི་ ཕི་གེ་ལུས་དང་ ཧཱེར་མོ་གེ་ནཱེས་གཉིས་ཀྱི་རྩིས་པའི་ དདཔ་ཅན་མང་ཤོས་ཀྱིས་རང་ ང་ལུ་བཀོག་བཞག་སྟེ་ཡར་སོངམ་ཨིནམ་དེ་ ཁྱོད་ཀྱིས་ཤེས།


དེ་ལས་བདེན་པ་ལུ་མ་ཉན་མི་ཚུ་གི་ཁྲིམས་ལུགས་དང་ ཡ་ཧུ་ད་པ་ཚུ་གི་དོན་དག་མེད་པའི་གཏམ་ཚུ་ནང་ སེམས་བཙུགས་མ་བཅུག


ཁྱེད་ག་ར་ལུ་དཀོན་མཆོག་གིས་ཐུགས་རྗེ་གནང་བཅུག། །།


དེ་ལས་ང་བཅས་ཀྱིས་ཁྱེད་ལུ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ དབང་ཤུགས་ཀྱི་ཐོག་ལས་ལོག་འབྱོན་ནི་སྐོར་ལས་བཤདཔ་ད་ མི་རིག་པ་ཅན་ཚུ་གིས་ མགུ་སྐོར་རྐྱབ་ནི་གི་དོན་ལུ་བཟོ་ཡོད་པའི་གཏམ་ཚུ་བཟུམ་སྦེ་མེན་ དེ་འབདཝ་ད་ ང་བཅས་རང་གི་མིག་ཏོ་གིས་མཐོང་མི་ ཁོ་རའི་གཟི་བརྗིད་ཀྱི་འཛོམ་དཔང་བཤདཔ་ཨིན།


ကြှနျုပျတို့နောကျလိုကျပါ:

ကြော်ငြာတွေ


ကြော်ငြာတွေ