ཏི་མོ་ཐི་གཉིས་པ་ལེའུ་ 2:10 - རྫོང་ཁ་10 དེ་འབདཝ་ལས་ ཁིརཱིས་ཡེ་ཤུ་གི་རྒྱུད་ལས་བྱུང་མི་ཐར་པ་དང་ མཐའ་མེད་པའི་གཟི་བརྗིད་ཐོབ་ནི་སྦེ་ ཁོང་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཚུ་གི་དོན་ལུ་ ང་དཀའ་ངལ་དེ་ཚུ་ག་ར་བཟོད་པ་བསྒོམས་ཏེ་སྡོདཔ་ཨིན། အခန်းကိုကြည့်ပါ။ |
དེ་འབདཝ་ད་ ང་བཅས་དཀའ་ངལ་དང་སྡུག་བསྔལ་མྱོངམ་ད་ འདི་གིས་ ཁྱེད་ཡང་སེམས་གསོ་དང་ཐར་པ་ཐོབ་ནི་གི་དོན་ལུ་ཨིན་ ད་རུང་ང་བཅས་ལུ་སེམས་གསོ་གནངམ་ད་ འདི་ཁྱེད་ཀྱི་དོན་ལུ་ཡང་སེམས་གསོ་གནངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཡང་ ང་བཅས་བཟུམ་སྦེ་དཀའ་ངལ་མྱོངམ་ད་ སེམས་གསོ་དེ་གིས་འབད་ བཟོད་སེམས་བསྐྱེད་དེ་ དཀའ་ངལ་དང་སྡུག་བསྔལ་བཟོད་ཚུགས།
དཀོན་མཆོག་གིས་སྦ་བཞག་མི་གསང་བ་དེ་ ག་ཅི་དེས་ཅིག་གཟི་བརྗིད་ཆེ་ཏོག་ཏོ་ཨིན་ན་ ཁྱེད་ ཕྱིའི་མི་རིགས་ཚུ་གི་དོན་ལུ་ཡང་ སྟོན་བྱིན་ནི་འདི་ ཁོ་གི་ཐུགས་འདོད་ཨིན་ གསང་བ་དེ་ག་ཅི་ཨིན་ན་ཟེར་བ་ཅིན་ ཁྱེད་ཀྱི་ནང་ན་ཁིརཱིས་བཞུགས་ཏེ་ཡོད་ ཁྱེད་ཡང་ཁིརཱིས་བཟུམ་སྦེ་གཟི་བརྗིད་ཅན་སྦེ་འགྱུར་ནི་ཨིན་ འདི་ལས་ཕར་ ཁྱེད་རེ་བ་བསྐྱེད་དེ་སྒུག་སྡོདཔ་ཨིན།