Biblia Todo Logo
အွန်လိုင်း သမ္မာကျမ်းစာ

- ကြော်ငြာတွေ -




ཏི་མོ་ཐི་གཉིས་པ་ལེའུ་ 1:4 - རྫོང་ཁ་

4 ཁྱོད་ཀྱི་མིག་ལས་འཛག་མི་མིག་ཆུ་དེ་ ད་ལྟོ་ཚུན་ཚོད་ཡང་ ང་གིས་སེམས་ཁར་དྲན་ཏེ་རང་ཡོད་ དེ་སྦེ་འབད་ནི་འདི་གིས་ ངེ་གི་སེམས་ཁར་དགའ་ཚོར་ཐོབ་ནིའི་དོན་ལུ་ ཁྱོད་དང་གནམ་མེད་ས་མེད་འཕྱད་དགོ་མནོ་ཡི།

အခန်းကိုကြည့်ပါ။ ကော်ပီ




ཏི་མོ་ཐི་གཉིས་པ་ལེའུ་ 1:4
19 ပူးပေါင်းရင်းမြစ်များ  

འདི་བཟུམ་སྦེ་ད་ལྟོ་ཁྱེད་ལུ་ སྡུག་བསྔལ་འདི་ཚུ་འབྱུང་ནི་ཨིན་ དེ་འབདཝ་ད་ ད་རུང་ ང་ཁྱེད་དང་འཕྱདཔ་ད་ ཁྱེད་དགའ་ཚོར་ཐོབ་ནི་ཨིན་ ཁྱེད་ཀྱི་དགའ་ཚོར་དེ་ མི་ག་གིས་ཡང་ཁྱེད་ལས་འཕྱོག་འབག་མི་ཚུགས།


ད་ལྟོ་ཚུན་ཚོད་ ཁྱེད་ཀྱིས་ངེ་གི་མིང་ནང་ག་ཅི་ཡང་མ་ཞུ་ ད་རེས་ལས་ཞུ་དགོ་ དེ་ལས་ཁྱེད་ཀྱིས་ཐོབ་པའི་བསྒང་ལས་ ཁྱེད་ཀྱིས་དགའ་ཚོར་ཡོངས་སུ་ཐོབ་ནི་ཨིན།


ཡ་ཧུ་ད་པ་ཆ་ཁྱབ་ཀྱིས་ ང་ལུ་གནོད་འཚེ་བཀལ་ཏེ་ དཀའ་ངལ་དང་སྡུག་བསྔལ་ལེ་ཤ་བྱིན་ཏེ་འབད་རུང་ བཟོད་པ་བསྒོམས་ཏེ་སྡོད་ཅི་ ངེའི་མིག་ཏོ་ལས་མིག་ཆུ་འཛག་སྟེ་འབད་རུང་ ཉམ་ཆུང་གི་ཐོག་ལས་ གཙོ་བོ་གི་ཕྱག་ཞུ་ནི་ཡང་མ་བཞག


དེ་འབདཝ་ལས་བརྟེན་ཏེ་ ང་ལོ་གསུམ་གྱི་རིང་ལུ་ ཉིན་ནུབ་མེད་པར་ མིག་ཏོག་ལས་མིག་ཆུ་འཛག་སྟེ་ མི་ག་ར་ལུ་ང་གིས་ཉེན་བརྡ་འབད་མི་འདི་ ཁྱེད་ཆ་ཁྱབ་ཀྱིས་སེམས་ཁ་ལས་མ་བརྗེད་པར་ དྲན་པ་བཏོན་ཏེ་སྡོད།


ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་དད་པ་ནང་སྒྲིང་སྒྲིང་བཟོ་ནི་གི་དོན་ལུ་ ཐུགས་ཉིད་ཀྱི་གསོལ་རས་ལ་ལུ་ཅིག་ ཁྱེད་དང་བགོ་བཤའ་བརྐྱབ་ནི་སྦེ་ ཁྱེད་སྡོད་ས་འོང་ནི་གི་རེ་བ་སྦོམ་ང་ལུ་ཡོད།


ཁིརཱིས་ཡེ་ཤུ་གིས་ཁྱེད་ལུ་ཐུགས་བརྩེ་བ་ཡོད་དོ་བཟུམ་སྦེ་ ང་ཡང་ཁྱེད་ལུ་བརྩེ་བ་བསྐྱེད་དེ་ཡོདཔ་མ་ཚད་ ང་ཨ་རྟག་རང་ཁྱེད་ལུ་བལྟ་དགོ་མནོ་སྟེ་སྡོདཔ་ཨིན་ དེ་ག་ར་དཀོན་མཆོག་གིས་མཁྱེན།


ཁོ་ལུ་ན་ཚ་ཕོག་ཡོད་པའི་གནས་ཚུལ་དེ་ ཁྱེད་ཀྱིས་རྣ་བ་གོ་ནི་འདི་གིས་ ཁོ་ཁྱེད་ཀྱི་དོན་ལུ་ཚ་གྱང་ལངས་ཏེ་ ཁྱེད་ག་ར་དང་མཉམ་གཅིག་ ཁ་འཕྱད་པ་འོང་ནི་གི་རེ་བ་སྦོམ་བསྐྱེད་དེ་ཡོདཔ་ཨིན་མས།


དེ་འབདཝ་ད་སྤུན་ཆ་ཚུ་ ང་བཅས་དུས་ཡུན་དུམ་གྲ་ཅིག་གི་དོན་ལུ་ ཁྱེད་དང་མཉམ་གཅིག་ ལུས་འདི་ཁ་འཕྱལ་སོང་རུང་ ང་བཅས་རང་གི་སེམས་ཁར་ལས་ ཁ་མ་འཕྱལ་བར་ ང་བཅས་ཁྱེད་དང་མཉམ་གཅིག་ གནམ་མེད་ས་མེད་འཕྱད་དགོ་མནོ་སྟེ་ ཁྱེད་སྡོད་སར་ལོག་འོང་ནི་གི་ཐབས་ཤེས་འགྱིར་ཏེ་སྡོད་ཅི།


ད་ཁྱོད་རང་གནམ་དགུན་གྱི་དུས་ཚོད་ མ་རནམ་ལས་ ནཱ་འོང་ནི་ཚ་ངེར་བཏོན་ དེ་ལས་ ཡུ་བུ་ལུས་ཀྱིས་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས་ པུ་དཱེནས་དང་ ལི་ནུས་དང་ ཀལའུ་དི་ཡ་ཚུ་དང་ དདཔ་ཅན་སྤུན་ཆ་ག་ར་གིས་ཡང་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས།


ཁྱོད་ག་དེ་འབད་རུང་ ང་སྡོད་ས་མགྱོགས་པར་ཤོག


དེ་ལས་ དེ་ཚུ་ག་ར་ཁྱེད་ཆ་ཁྱབ་ལུ་བྲིས་མི་འདི་ ང་བཅས་ཀྱི་དགའ་སྤྲོ་ཡོངས་སུ་རྫོགསཔ་སྦེ་བྱུང་བའི་དོན་ལུ་ཨིན།།


ཁོ་གིས་ཁོང་གི་མིག་ཏོ་གི་མིག་ཆུ་འཕྱག་ནི་ཨིན་ ད་དེ་ཁར་ལུ་ཤི་ནི་དང་མྱ་ངན་འབད་ནི་ སྔུ་ནི་ ཟུག་རྐྱབ་ནི་ལ་སོགས་པ་མེདཔ་མ་ཚད་ ཧེ་མ་འཇིག་རྟེན་རྙིངམ་དེ་ཐལ་སོང་ཡི་ཟེར་གསུངསམ་ ང་གིས་གོ་ཡི།


ག་ཅི་སྨོ་ཟེར་བ་ཅིན་ ཁྲི་གི་སྦུག་ལུ་བཞུགས་མི་ལུག་གི་ཕྱུག་ཀུ་འདི་ ཁོང་གི་ལུག་རྫིཔ་མཛད་འོང་ ཁོ་གིས་ཚེ་མཐའ་མེད་པའི་ཆུ་མིག་ནང་འཁྱིད་བཀལ་འོང་ དེ་ལས་དཀོན་མཆོག་གིས་ ཁོང་གི་མིག་ཏོ་གི་མིག་ཆུ་འཕྱག་སྟེ་གནང་འོང་ཟེར་གསུངས་ཡི།།


ကြှနျုပျတို့နောကျလိုကျပါ:

ကြော်ငြာတွေ


ကြော်ငြာတွေ