2 དད་པ་གཅིག་ནང་ངེ་གི་བུ་ངོ་མ་བཟུམ་རང་ཡོད་མི་ ཏི་མོ་ཐི་ ཁྱོད་ལུ་ ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ ཁིརཱིས་ཡེ་ཤུ་གི་ཐུགས་རྗེ་དང་ སྙིང་རྗེ་དང་ཞི་བདེ་ ཁྱོད་ལུ་གནང་བཅུག།
དཀོན་མཆོག་གིས་བྱམས་པ་མཛད་མི་ ཁོ་རའི་དམ་པའི་མི་སྦེ་འབོ་མི་ རྒྱལ་ས་ རོམ་ནང་ཡོད་མི་ ཁྱེད་ག་ར་ལུ་ཨ་ནི་ཡི་གུ་འདི་འབྲི་དོ་ ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ཞི་བདེ་དང་ཐུགས་རྗེ་ ཁྱེད་ག་ར་ལུ་གནང་བཅུག།
ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་དང་ཞི་བདེ་ ཁྱེད་དང་གཅིག་ཁར་བཞུགས་བཅུག
ཏི་མོ་ཐི་ ཁྱེད་སྡོད་སར་བཏང་ཡི་ ཁོ་ཁིརཱིས་ཀྱི་གཏམ་བཟང་བཤད་ནི་ནང་ དཀོན་མཆོག་གི་ཕྱག་ལཱ་ནང་ ང་བཅས་ཀྱི་མཉམ་རོགསཔ་ཨིན་ ཁྱེད་ཀྱི་དད་པ་འདི་བརྟན་ཏོག་ཏོ་སྦེ་བཟོ་ནི་དང་ ཆ་རོགས་འབད་ནིའི་དོན་ལུ་ ང་བཅས་ཀྱིས་ ཏི་མོ་ཐི་བཏང་ཡི།
ང་ལུ་ལྕོགས་གྲུབ་གནང་མི་ ང་བཅས་ཀྱི་གཙོ་བོ་ ཁིརཱིས་ཡེ་ཤུ་ལུ་ ང་གིས་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ང་ལུ་དམ་ཚིག་ཅན་སྦེ་བརྩིས་གནང་སྟེ་ ཁོ་གི་ཕྱག་ཞུ་བའི་ལཱ་ང་ལུ་བཀོད་གནང་ཡི།
ངེ་གི་བུ་ ཏི་མོ་ཐི་ ཧེ་མ་ཁྱོད་ཀྱི་སྐོར་ལས་ ལུང་བསྟན་བཤད་མི་ཚུ་ལེགས་ཤོམ་སྦེ་དྲན་དགོ་ཟེར་ང་གིས་ཁྱོད་ལུ་བཀོད་རྒྱ་བྱིན་དོ་ ལུང་བསྟན་འདི་ཚུ་དང་འཁྲིལ་ཏེ་ ཁྱོད་ཀྱིས་ བདེན་པའི་ཕྱད་མདའ་མ་འདྲོག་པར་ དམག་མི་ལེགས་ཤོམ་བཟུམ་སྦེ་བརྐྱབས་དགོཔ་ཨིནམ་མ་ཚད།
དབའེ་ ཏི་མོ་ཐི་ ང་གིས་ཁྱོད་ལུ་བྱིན་མི་བཀོད་རྒྱ་དེ་ལུ་བདག་འཛིན་འཐབ་བཞག་ ཁུངས་མེད་པའི་ འཇིག་རྟེན་པའི་གཏམ་དེ་ཚུ་ ཡོན་ཏན་ཨིན་ཟེར་སྟོན་མི་ཆོས་རྫུས་མ་ཚུ་ལུ་མ་ཉན།
ངེ་གི་གཅེས་པའི་བུ་ ཏི་མོ་ཐི་ལུ་ ཨ་ནི་ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ཁིརཱིས་ཡེ་ཤུ་གི་ ཐུགས་རྗེ་དང་ སྙིང་རྗེ་དང་ཞི་བདེ་ ཁྱོད་ལུ་གནང་བཅུག།
དེ་འབདཝ་ལས་ ངེ་གི་བུ་ ཁིརཱིས་ཡེ་ཤུ་གི་ཐུགས་རྗེ་གི་རྒྱུད་ལས་སྦེ་ སྤོབས་པ་ཅན་དང་ལྡནམ་སྦེ་སྡོད་བཅུག
དབའེ་ ཏི་ཏུས་ ང་བཅས་དད་པ་གཅིག་ནང་ཡོད་མི་ ངེ་གི་བདེན་པའི་བུ་ ཁྱོད་ལུ་ཨ་ནི་ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་སྐྱབས་མགོན་ ཁིརཱིས་ཡེ་ཤུ་གིས་ ཁྱོད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག།
ཁག་ཆེ་བ་རང་ ཕོ་སྐྱེས་རྒས་ཤོས་འདི་ཚུ་ལུ་ ཚད་ལས་མ་བརྒལ་ནི་དང་ ཞེ་ས་ཐོབ་ནི་འོས་འབབ་ཡོདཔ་སྦེ་སྡོད་ནི་དང་ མཚམས་ཚོད་ཤེས་ནི་དང་ དད་པ་སྒྲིང་སྒྲིང་སྦེ་བསྐྱེད་ནི་དང་ བྱམས་སེམས་བསྐྱེད་ནི་ དེ་ལས་བཟོད་པ་བསྒོམ་སྡོད་ནི་དེ་ཚུ་སྟོན་བྱིན།
མཐའན་མཇུག་ལུ་ ང་དང་ཆ་ཡོད་མི་ག་ར་གིས་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་ཞུ་དོ་ དེ་ལས་ང་བཅས་ཀྱི་ཁ་ཐུག་ལས་ ཕར་གྱི་དདཔ་ཅན་ཆ་རོགས་ཚུ་ལུ་ཡང་ སྐུ་གཟུགས་བཟང་པོ་ཟེར་སླབ་བྱིན་ དཀོན་མཆོག་གི་ཐུགས་རྗེ་ཁྱེད་ག་ར་དང་གཅིག་ཁར་བཞུགས་བཅུག། །།
ཡབ་དཀོན་མཆོག་གིས་ ཁྱེད་ཆ་ཁྱབ་ ཁོ་རའི་མི་སྦེ་ཧེ་མ་ལས་ངོ་མཁྱེནམ་བཞིན་དུ་ དམ་པའི་ཐུགས་ཉིད་ལས་སྦེ་དམ་པ་མཛད་གནང་ཡི་ དེ་གིས་འབད་ ཁྱེད་ཆ་ཁྱབ་ ཡེ་ཤུ་ཁིརཱིས་ཀྱི་བཀའ་ལུ་ཉན་མི་དང་ ཁོ་གི་སྐུ་ཁྲག་རིན་ཆེན་གཏོར་ཏེ་ གཙངམ་མཛད་ཚར་མི་ཚུ་ཨིན། དེ་བ་ཡང་ལྷག་པའི་ ཐུགས་རྗེ་དང་ཞི་བདེ་ ཁྱེད་ལུ་ ཡང་ལས་ཡང་དུ་གནང་བར་ཤོག།
ང་བཅས་བྱམས་པ་དང་བདེན་པ་གི་ཐོག་ལས་སྡོད་ནི་གི་དོན་ལུ་ ཡབ་དཀོན་མཆོག་དང་ཁོ་རང་གི་སྲས་ ཡེ་ཤུ་ཁིརཱིས་ལས་བྱུང་མིའི་ ཐུགས་རྗེ་དང་ སྙིང་རྗེ་ དེ་ལས་ཞི་བདེ་ང་བཅས་ནང་ན་གནས་བཅུག།
ངེ་གི་ཨ་ལོ་ཚུ་བདེན་པ་གི་ནང་ན་གནས་ཡོདཔ་གོཝ་ད་ ང་ལུ་དེ་ལས་ལྷག་པའི་དགའ་སྤྲོ་གཞན་ག་ནི་ཡང་མེད།།
དཀོན་མཆོག་གིས་ཁྱེད་ཆ་ཁྱབ་ལུ་ ཁོ་རའི་སྙིང་རྗེ་དང་བྱམས་པ་ ཞི་བདེ་ ཡང་ལས་ཡང་དུ་གནང་བར་ཤོག།