Biblia Todo Logo
Bìoball air-loidhne

- Sanasan -




ཏི་ཏོས། 1:9 - གློ་བ།

9 མི་གཞན་མ་ཀྱ་ལ་ལྟ་བ་དངོས་གནས་ལ་སློབ་སྦྱོང་བརྒྱབ་ཡས་དང་། རྒྱབ་འགལ་བྱེད་མཁན་ཀྱ་ལ་བསླབ་བྱ་སྟེར་ཡས་ལ། ཁོ་རང་ལ་བསླབས་ལ་བཀའ་བདེན་པ་གོ་ལ་ཁོ་བརྟན་པོ་བསྡད་དགོས་ཀྱི་ལགས།

Faic an caibideil Dèan lethbhreac




ཏི་ཏོས། 1:9
24 Iomraidhean Croise  

གི་བྱས་རེ་སྨྲ་ན་ཁོས་གསུང་རབ་ནས་ཡེ་ཤུ་རང་མཱ་ཤི་ཀ་ལགས་སྨྲས་རེ་དཔང་པོ་སྟེར་ཏེ། ཡ་ཧུ་དཱ་པ་ཀྱ་ལ་མི་མང་ཀྱ་གདོང་དུ་དམི་ཅིག་གི་དབང་ཆེ་ལབ་བཏང་བ་ལགས།།


ཡིན་ནའང་གི་རི་མངོན་བཤད་དེ་བསྡད་དེ་གང་ལ། དད་པ་མི་བྱེད་མཁན་ཡང་ན་ཕི་དི་མི་ཀྱ་འོ་དུ་རུ་འོང་ན། ཁྱེད་ཀྱི་ལབ་ཀྱ་གོ་སྟེ་ཁོང་ཀྱ་ལ་ཁོ་རི་སྡིག་པ་ཀྱ་གསལ་བོ་འབྱུང་གི་ལགས། དེ་ནས་ཁོང་ཀྱ་ལ་ཁྲིམས་གཅོད་འཕོག་གི་ལགས།


ཡིན་ནའང་གི་རི་ལ་ཚོད་ལྟ་བྱེད། དེ་ནས་བཟང་ང་གོ་ལ་བརྟན་པོ་མ་ཟིམ་ཏེ་སྡོད།


འོ་བྱས་རེ་སྤུན་ཟླ་ཀྱ་བོ། བརྟན་པོ་བྱས་རེ་སྡོད། དེ་ནས་འི་ཀི་ཁ་ནས་སྨྲས་ན་གཏམ་ཀྱ། ཡང་མེད་ན་བྲིས་བྲ་ཡིག་ཀྱ་ནས་ཁྱེད་ཀྱ་ལ་སྟེར་ད་བསླབ་བྱ་ཀྱ་བརྟན་པོ་བྱས་རེ་སྲུངས།


ལོག་གཡེམ་པ་ཀྱ་དང་། ཕོ་ལ་སྤྱོད་མཁན། དེ་ནས་མི་བྲན་གཡོག་ལ་བཙོངས་མཁན་དང་། ཟོག་བཤད་མཁན་ཀྱ། དེ་ནས་མནའ་མི་རྩི་མཁན་དང་། བྱིན་རླབས་ཅན་གྱི་དཀོན་མཆོག་གིས་ང་ལ་གནང་གིན་གཟི་བརྗིད་ཅན་གྱི་གཏམ་བཟང་གི་ལྟ་བ་དྲང་པོ་ལ་མི་མཐུན་གྱིན་གི་རིའི་ཕྱིར་ལ་ལགས།


མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་ཀྱ་ལ་སྐྱོབ་ཡས་ལ་འཇིག་རྟེན་དུ་ཕེབས་པ་ལགས་སྨྲ་གིན་དེ། བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག། འོ་དེ་སྡིག་ཅན་ཀྱ་ནས་ང་གོ་གཙོ་ཡིན།


རིང་འགའ་ཡིས་རང་གི་ཤེས་རབ་བཟང་པོ་ལ་མེད་ཉན་ད་རང་གི་དད་པ་རང་མེད་ད་ལ་བཏང་བ་ལགས།


འདི་གཏམ་དེ་བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག།


འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐྱོན་མེད་ཀྱིན་གསུང་དང་། ཆོས་སེམས་ལ་མཐུན་གྱིན་བསླབ་བྱ་ཀྱ་ལ་ཁས་མེད་ལེན་ད་ལྟ་བ་གཞན་མ་ཀྱ་བསླབས་ན།


མཱ་ཤི་ཀ་ཡེ་ཤུ་ཡིས་གནང་འོད་ཀྱིན་དད་པ་དང་བྱམས་པ་ཡི་སྒོ་ནས། ཁྱོས་ང་ནས་གོ་གིན་བསླབ་བྱ་བདེན་པ་ཀྱ་བརྟན་པོ་སྲུང་ཞིག།


དེ་ནས་དཔང་པོ་མང་ང་ཡི་གདོང་དུ། ང་ནས་གོ་གིན་ངས་བསླབས་ལ་ལབ་ཀྱ་གཞན་མ་ཀྱ་ལ་བསླབས་ཐུབ་ཀྱིན། བློ་བཀལ་ཐུབ་ཀྱིན་སྐྱེས་བའི་བུ་ཀྱ་ལ་འཚོལ།


དེ་ནས་རང་གི་ཕྱོགས་ལ་མེད་ཀྱིན་ཀྱ་ལ་འཇམ་པོ་མ་སློབ་སྟོན་བྱེད་ཐུབ་ཀྱིན་འོང་དགོས་བ་ལགས། དེ་རེ་བྱེད་ན་དཀོན་མཆོག་གིས་ཁོང་ཀྱ་ལ་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། བདེན་པ་ལ་ཧ་གོ་ཐུབ་ཀྱིན་གྱི་སེམས་གནང་གི་ལགས།


ཡིན་ནའང་འོ་དེ་བསླབ་བྱ་ཀྱ་སུ་ནས་སྦྱངས་བྱ་གོ་ཁྱོས་རང་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་ཁྱོད་རང་གིས་བསླབས་ལ་བསླབ་བྱ་ཀྱ་དང་བརྟན་པོ་བྱས་རེ་བྱས་བྱ་དད་པ་ལ་གནས་རེ་སྡོད།


གི་བྱས་རེ་སྨྲ་ན་མི་ཀྱ་ཡི་ལྟ་བ་དྲང་བདེན་གྱི་བསླབ་བྱ་ལ་ཉན་ཉིད་མེད་འདོད་ད། རང་གིས་ཉན་ཉིད་འདོད་ཀྱིན་ལབ་ཀྱ་དང་རང་གི་འཐད་ཀྱིན་སློབ་དཔོན་ཀྱ་བཙལ་ཡས་ཀྱི་དུས་ཤར་གྱི་ལགས།


ཁོང་ཀྱ་ཨ་ལེའི་གཤམ་པ་ལ་རྒྱུག་བ་ལགས། དེ་ནས་བསླབ་བྱ་ཟོག་པོ་ཀྱ་སྟེར་ཏེ་ནང་མི་གི་རི་ལ་ཁྲུག་ཏུ་བཅུག་བ་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་ཁོང་ཀྱ་ཡི་ཁ་བཀག་དགོས་གུ་ལགས།


ཡིན་ནའང་ཁྱོད། ལྟ་བ་དྲང་པོ་ལ་གི་མཐུན་འདིག་བའི། འོ་དེ་གོ་ཤོད།


གཅེས་བའི་སྤུན་ཀྱ་བོ། འོ་རང་གི་རི་ལ་ཐོབ་ཐ་ཐར་པའི་སྐོར་ལ་ངས་ཁྱེད་ཀྱ་ལ་འབྲི་ཡས་དམི་ཅིག་གི་འཐད་འོད་ནའང་། དཀོན་མཆོག་གི་རང་གི་དམ་པའི་མི་ཀྱ་ལ་ལན་གཅིག་ཏུ་གནང་ན་དད་པ་གོ་སྲུང་སྐྱོབ་བྱེད་སྨྲས་རེ་ཞུ་བ་འབུལ་ཡས་ལ། ངས་ཁྱེད་ཀྱ་ལ་འདི་ཡིག་དེ་འབྲི་དགོས་སོང་།


ཡིན་ནའང་ང་མ་འོང་གིན་ཐུག་པའི་ཁྱེད་ཀྱ་ལ་འོད་ཀྱིན་གོ་བརྟན་པོ་བསྲུང་རེ་སྡོད།


ང་མགྱོགས་སེ་འོང་ང་ཡིན། དེ་ནས་ཁྱོའི་ཅོད་པན་གོ་སུས་འང་འཕྲོག་མི་ཐུབ་ཡས་ཀྱི་ཆེད་དུ། ཁྱོའི་མུ་ལ་གི་འོད་ཀྱིན་གོ་བརྟན་པོ་མ་བྱས་རེ་སྲུངས།


འོ་བྱས་རེ་ཁྱོད་ལ་གི་ཐོབ་ཐ་དང་ཁྱོས་གི་གོ་ག་གོ་ལ་བརྟན་པོ་མ་སྲུངས། དེ་ནས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་ཁྱོད་གཉིད་ནས་མེད་སད་ན། ང་ཁྱོད་རྩ་རུ་རྐུན་མ་ཅོག་རེ་འོང་ཡས་ཡིན། དེ་ནས་ང་འོང་གིན་གྱི་དུས་ཚོད་གོ་ཁྱོས་མེད་ཤེས་ཀྱི་ལགས།


Lean sinn:

Sanasan


Sanasan