Biblia Todo Logo
Bìoball air-loidhne

- Sanasan -




ཏི་ཏོས། 1:2 - གློ་བ།

2 འོ་དེ་ལབ་བདེན་པ་གོ་དཀོན་མཆོག་གིས་ཨེན་མ་ནས་མཛད་ཛ། དམ་བཅའ་མཐའ་མེད་པའི་ཚེ་སྲོག་གི་རེ་བ་གོ་ལགས། དཀོན་མཆོག་ནམ་མའང་ཟོག་མི་གསུངས་ང་ལགས།

Faic an caibideil Dèan lethbhreac




ཏི་ཏོས། 1:2
46 Iomraidhean Croise  

དེ་ནས་རྒྱལ་བོ་ཡིས་རང་གི་གཡས་ཕྱོགས་ལ་གསུངས་ཀྱི་ལགས། ངའི་ཡབ་ནས་བྱིན་རླབས་ཐོབ་ཐ་ཁྱེད་ཀྱ་ཤོག།འཇིག་རྟེན་བཀོད་ནས་ཧ་ལ་ཁྱེད་ཀྱི་ཕྱིར་ལ་བཤམས་ཤ་རྒྱལ་སྲིད་གོ་ལེན།


དེ་ནས་དེ་རེ་མི་ཀྱ་མཐའ་མེད་ཀྱིན་ཆད་པ་ཕོག་གི་ལགས། ཡིན་ནའང་དྲང་བདེན་ཀྱ་གོ་མཐའ་མེད་པའི་ཚེ་སྲོག་ལ་འགྲོ་གི་ལགས།།


དེ་ནས་ཡེ་ཤུ་ལམ་ཁ་ལ་ཕེབས་བའི་གང་ལ། མི་གཅིག་བང་བཏང་རེ་འོངས་རེ་ཡེ་ཤུ་ཡི་དྲུང་དུ་པུས་མོ་ས་ལ་བཙུགས་ཏེ་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་བཟང་པོ་ལགས། མཐའ་མེད་པའི་ཚེ་སྲོག་འཐོབ་ཡས་ལ་ངས་གི་བྱེད་དགོས་ཀྱི་ལེ།


འདི་ཚེ་ལ་སྡུག་པོ་མུ་ལ་མུ་ལ་ཁང་པ་ཀྱ་དང་། སྤུན་ཀྱ་དང་། ཕ་མ་ཀྱ་དང་། ཕྲུ་བ་ཀྱ་དང་། ས་ཞིང་ཨེན་མ་ལས་བརྒྱའི་མང་ང་འཐོབ་ཀྱི་ལགས། དེ་ནས་མ་འོངས་པར་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས།


ང་དེ་ཀྱ་ལ་མཐའ་མེད་པའི་ཚེ་སྲོག་སྟེར་ཡས་ཡིན། དེ་ནས་དེ་ཀྱ་ནམ་མའང་མེད་ད་ལ་འགྲོ་གི་མ་ལགས། སུས་འང་དེ་ཀྱ་ལ་ངའི་ལག་ནས་འཕྲོག་མི་ཐུབ་ཀྱི་ལགས།


གི་བྱས་རེ་སྨྲ་ན་ཁྱེད་རང་གིས་སྲས་ལ་གནང་ན་གི་རི་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་ཡས་ལ། ཁྱེད་རང་གིས་སྲས་ལ་མི་གི་རིའི་ཁར་ལ་དབང་གནང་འོད་ད་ལགས།


ཀྱེ་ཡབ། ཁྱེད་རང་གིས་ང་ལ་གནང་ན་གི་རི་ང་ག་རུ་འོད་ས་རུ་ངའི་མུ་ལ་འོད་མཁན་དང་། ངས་གཟི་བརྗིད་མཐོང་གི་གོ་ང་འདོད་འདིག་འོད། འདི་གཟི་བརྗིད་དེ་འཇིག་རྟེན་མ་བཀོད་ཨེན་ལ་ཁྱེད་རང་གིས་ང་ལ་བྱམས་པ་མཛད་དེ་གནང་བ་ཡིན།


གསུང་རབ་ཀྱི་ནང་དུ་མཐའ་མེད་པའི་ཚེ་སྲོག་འོད་གྲོ་བསམས་ཏེ། ཁྱེད་ཀྱ་གསུང་རབ་ནང་ལ་བཙལ་ལ་ལགས། ངའི་སྐོར་ལ་དཔང་པོ་བྱེད་མཁན་འོ་དེ་གསུང་རབ་རང་ལགས།


ངའི་ལུས་ཟ་མཁན་དང་ངའི་ཁྲག་འཐུང་མཁན་ལ་མཐའ་མེད་པའི་ཚེ་སྲོག་འོད་ད་ལགས། དེ་ནས་མཐའ་མའི་ཉིན་མ་གོ་ལ་ང་ཁོ་ལ་གསོན་པོ་བསླངས་ཡས་ཡིན།


སི་མོན་པེ་ཏྲོ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་ལ་མཐའ་མེད་པའི་ཚེ་སྲོག་གི་བཀའ་གོ་འོད་ད་ལགས། འེ་ཀྱ་སུའི་དྲུང་དུ་འགྲོ་ཡས།


གཙོ་བོ་དཀོན་མཆོག་གིས་གསུངས་ང་ལགས།


གཏམ་བཟང་འདི་ནི་དཀོན་མཆོག་གིས་ཨེན་མ་ནས་རང་གི་མངོན་ཤེས་མཁན་ཀྱའི་ཐོག་ནས། དམ་པའི་གསུང་རབ་ནང་དམ་བཅའ་མཛད་འོད་ད་ལགས།


ད་དཀོན་མཆོག་གི་གཟི་བརྗིད་འོང་བར་ཤོག། དེ་ནས་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ངས་བཤད་ཀྱིན་གཏམ་བཟང་གི་ཐོག་ནས་དང་། དུས་ཐོག་མ་ནས་གསང་རེ་བཞག་ཞ་གསང་བ་མངོན་གྱིན་གྱི་ཐོག་ནས། ཁོང་པ་ཡིས་ཁྱེད་ཀྱ་ལ་ཤུགས་ཆེ་མཛད་ཐུབ་བ་ལགས།


དེ་ནས་བཟོད་པའི་སྒོ་ནས་ལས་བཟང་ང་བྱས་རེ་གཟི་བརྗིད་དང་། བཀུར་སྟི་དང་། འཆི་བ་མེད་ཀྱིན་ཚེ་བཙལ་མཁན་མི་ཀྱ་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་གི་ལགས།


ཡེ་ཤུ་ཡིས་འོ་རང་ལ་དད་པའི་ཐོག་ནས། ད་ལྟ་འོ་རང་གནས་ཏེ་བསྡད་ད་ཐུགས་རྗེའི་ནང་ཁྲིད་དེ་འོངས་བ་ལགས། དེ་ནས་དཀོན་མཆོག་གི་གཟི་བརྗིད་ནང་བཅར་ཡས་ཀྱི་རེ་བ་བཞག་སྟེ་འོ་རང་དགའ་སྤྲོ་བྱེད་ད་ལགས།


འོ་བྱས་རེ་འཆི་བའི་ཐོག་ནས་སྡིག་པ་ཡིས་དབང་བྱེད་ཀྱིན་ཅོག་རེ། དྲང་བདེན་གྱི་ཐོག་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་མཐའ་མེད་པའི་ཚེ་སྲོག་གནང་ཡས་ལ་ཐུགས་རྗེ་ཡིས་འང་དབང་བྱེད་ད་ལགས།།


དང་བཟོད་པ་ཡིས་སྤྱོད་པ་བཟང་པོ་དང་། སྤྱོད་པ་བཟང་པོ་ཡིས་རེ་བ་སྐྱེ་གིན་གོ་འོ་རིས་ཤེས་ལ་ལགས།


གི་བྱས་རེ་སྨྲ་ན་སྡིག་པ་བྱེད་མཁན་ཀྱ་ལ་ཐོབ་ཀྱིན་གླ་ཆ་ནི་འཆི་བ་ལགས། ཡིན་ནའང་དཀོན་མཆོག་གི་རིན་ཐང་མེད་ཀྱིན་གནང་སྦྱིན་ནི། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་འོད་ཀྱིན་མཐའ་མེད་པའི་ཚེ་སྲོག་ལགས།།


དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ཕྱིར་ལ་དམི་ཅིག་གི་རྩ་ཆེ་ཡིན་གྱིན་གོ། རང་གི་དམ་པའི་མི་ཀྱ་ལ་མངོན་དུ་མཛད་ཡས་གོ། དཀོན་མཆོག་གི་ཐུགས་དགྱེས་བ་ལགས། གསང་བ་དེ་ནི་མཱ་ཤི་ཀ་ཁྱེད་ཀྱ་ཡི་ནང་འོད་ད་ལགས། དེ་ནས་ཁོང་ནི་གཟི་བརྗིད་ཀྱི་རེ་བ་གོ་ལགས།


འོ་དེ་ཡ་ཧུ་དཱ་པ་ཀྱ་ཡིས་གཙོ་བོ་ཡེ་ཤུ་དང་མངོན་ཤེས་མཁན་ཀྱ་ལ་བསད་པ་ལགས། དེ་ནས་འོ་རང་ཀྱ་ལ་བཏོན་ཏེ་བརྫངས་བ་ལགས། དེ་ནས་དཀོན་མཆོག་ལ་འཐད་ད་མི་བྱེད་ད། མི་གི་རི་ལ་ངོ་ལོག་བྱེད་ད་ལགས།


ཡིན་ནའང་འོ་རང་ཉིན་མོ་ལ་བསྡད་ཀྱིན་བྱས་རེ་སྤྱང་ཛེ་བྱེད། དེ་ནས་དད་པ་དང་བྱམས་པ་ཡི་ཁྲབ་དང་། ཐར་པ་ཡི་རེ་བའི་ལྕགས་ཞྭ་གོན།


འོ་རི་དད་པ་ཡི་དམག་བཟང་པོ་གོ་ཐོབ། དེ་ནས་དཔང་པོ་མང་ང་ཡི་གདོང་དུ་ཁྱོས་ཁས་ལེན་བཟང་པོ་ལེན་ལ་བྱས་རེ། མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་ཁྱོད་བོས་བ་ལགས། དེ་ནས་འདི་ལ་ཟིམ་ཏེ་སྡོད།


དེ་རེ་བྱས་རེ་ཡང་དག་པ་ཚེ་ལ་གནས་ཡས་ཀྱི་ཕྱིར་ལ་རང་གི་ཕྱིར་ལ། མ་འོང་པར་ལ་རྨང་གཞི་བཟང་ང་བཏིང་བར་ཤོག།


མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཚེའི་དམ་བཅའ་ཅོག་རེ་དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུ་ཡི་སྐུ་ཚབ་ང་པའུ་ལུ་ནས།


ཁོང་པ་ཡིས་འོ་རང་ལ་ཐར་པ་མཛད་དེ། དེ་ནས་དམ་པ་འབྱུང་ཡས་ལ་འོ་རི་ལས་ཀ་ཡིས་མིན་ད། ཁོང་པ་རང་གི་ཐུགས་དགོངས་དང་ཐུགས་རྗེ་ཡིས་ཐོག་ནས་འོ་རང་ལ་བོས་མཛད་པ་ལགས། ཐུགས་རྗེ་འདི་ནི་ཨེན་མ་ཀ་བ་མ་ཚུགས་ཨེན་ལ་རང་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་འོ་རང་ལ་གནང་བ་ལགས།


འོ་བྱས་རེ་བདམས་ད་མི་ཀྱ་ཡི་དོན་ལ་ང་གི་རི་བཟོད་པ་སྒོམ་མའི་འོད། དེ་རེ་བྱས་རེ་ཁོང་ཀྱ་ལ་མཐའ་མེད་པའི་གཟི་བརྗིད་མུ་ལ་མཱ་ཤི་ཀ་ཡེ་ཤུ་ནས་ཐར་པ་ཐོབ་ཀྱི་ལགས།


འོ་རང་དད་པ་ནས་ལོག་ན། ཁོང་པ་ནི་བློ་གཏད་ཆོག་པ་གནས་ལ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་རང་གིས་རང་ལ་ངོ་ལོག་མཛད་མི་ཐུབ་ཀྱི་ལགས།


ངོ་ཚ་མེད་དགོས་ཀྱིན་དང་བདེན་པ་ཡི་བཀའ་གསལ་བོ་བསླབས་ཀྱིན་ལས་བྱེད་ཅོག་རེ། རང་གི་རང་ལ་དཀོན་མཆོག་གི་དྲུང་དུ་ཐུགས་མཉེས་བོ་འབྱུང་ཡས་ལ་གི་ཐུབ་ཐུ་ཐབས་ཤེས་བྱེད།


དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།


ལབ་གི་རི་ལ་རང་རང་ལ་ལས་བཟང་པོའི་དཔེ་སྟོན། ཁྱོད་རི་བསླབ་བྱ་གོ་དྲང་པོ་དང་ཡ་རབས།


དེ་རེ་བྱས་རེ་ཁོང་པ་ཡི་ཐུགས་རྗེ་ཡི་ཐོག་ནས། དཀོན་མཆོག་གི་དྲུང་དུ་འོ་རང་དྲང་པོ་བྱུང་བ་ལགས། དེ་ནས་འོ་རང་གིས་རེ་བ་བྱེད་ཀྱིན་མཐའ་མེད་པའི་ཚེ་སྲོག་གི་བརྒྱུད་འཛིན་བསྐོས་མཛད་པ་ལགས།


དེ་ནས་ཁོང་གིས་འོ་རང་ལ་གནང་ན་དམ་བཅའ་གོ་ནི་མཐའ་མེད་པའི་ཚེ་སྲོག་ལགས།


དཀོན་མཆོག་གི་སྲས་ཕེབས་པ་ལགས། དེ་ནས་དཀོན་མཆོག་བདེན་པ་ཡིན་གྱིན་གོ་ལ་ངོ་ཤེས་ཡས་ཀྱི་ཆེད་དུ། ཁོང་གིས་འོ་རང་ལ་ཤེས་ཡོན་གནང་གིན་གོ་འོ་རང་ལ་ཤེས་ཡས་འོད་ད་ལགས། དེ་ནས་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་འོ་རང་ཁོང་བདེན་པ་ཡི་ནང་གནས་ལ་ལགས། ཁོང་རང་དཀོན་མཆོག་བདེན་པ་དང་མཐའ་མེད་པའི་ཚེ་སྲོག་གོ་ལགས།


རང་ལ་དཀོན་མཆོག་གི་བྱམས་པ་ལ་གནས་ཏེ་ཞོག། དེ་ནས་མཐའ་མེད་པའི་ཚེ་སྲོག་ལ་ཁྲིད་མཁན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྙིང་རྗེ་ལ་སྒུག་སྟེ་སྡོད།


དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།


ཁྱོས་མཐོང་གིན་འོ་དེ་སེམས་ཅན་གོ་ཨེན་མ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་མེད་ད་ལ་འགྲོ་ཡས་ཀྱི་ཆེད་དུ་འོ་དེ་མཐིལ་མེད་ཀྱིན་དོང་དོང་ནས་ཐོན་ཡས་བྱེད་འདིག། དེ་ནས་ས་གཞི་བཀོད་ནས་ཧ་ལ་ཚེ་སྲོག་གི་དེབ་ནང་དུ་མིང་མ་བྲིས་བྲ། ས་གཞིའི་མི་ཀྱ་འོ་དེ་སེམས་ཅན་ལ་མཐོང་རེ་ཧང་སངས་ཀྱི་ལགས། གི་བྱས་རེ་སྨྲ་ན་འོ་དེ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་གཤམ་ལ་འོང་གི་ལགས།


Lean sinn:

Sanasan


Sanasan