Biblia Todo Logo
Bìoball air-loidhne

- Sanasan -




མངོན་པ། 5:9 - གློ་བ།

9 དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གསར་པ་གཅིག་ལེན་ཏེ་སྨྲས་བ་ལགས། ཁྱེད་རང་ལ་ཤོག་སྒྲིལ་འདི་བསྣུམ་ཡས་དང་འོ་དེའི་ཐེལ་ཙེ་ཀྱ་བཀོག་ཐུབ་ཀྱིན་དབང་ཆ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་ལ་བསད་པ་ལགས། དེ་ནས་ཁྱེད་རང་གི་སྐུ་ཁྲག་གིས་དཀོན་མཆོག་གི་ཆེད་དུ། རྒྱུད་པ་དང་སྐད་རིགས་དང་མི་དང་མི་རིགས་ཀྱ་ནས་མི་ཀྱ་ཉོས་བ་ལགས།

Faic an caibideil Dèan lethbhreac




མངོན་པ། 5:9
41 Iomraidhean Croise  

འོ་བྱས་རེ་མིའི་བུ་གོའང་ཞབས་ཕྱི་ལེན་དུ་འོངས་བ་མིན་ད། ཞབས་ཕྱི་ཞུ་རུ་འོང་བ་ལགས། དེ་ནས་མི་མང་ང་ཡི་ཐར་པ་ཡི་ཕྱིར་ལ་རང་གི་སྲོག་འབུལ་རུ་འོང་བ་ལགས།


གི་བྱས་རེ་སྨྲ་ན་འདི་ནི་དམ་བཅའ་གསར་པའི་ངའི་ཁྲག་ཡིན། ཁྲག་འདིས་མང་ཆེའི་སྡིག་པ་སེལ་ཡས་ཕྱིར་ལ་འཐོན་གྱི་ལགས།


ད་ཁྱེད་རང་ཀྱ་རང་སྤྱང་རྫེ་བྱས་རེ་སྡོད། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་རྩིས་བརྒྱབ་སྟེ་བཞག་ཞ་ལུག་ཀྱ་ལ་ག་མོ་མ་སྲུངས། དཀོན་མཆོག་གི་ཆོས་ཚོགས་ཀྱི་ལུག་རྫི་བཟང་པོ་གཅིག་འབྱུང་རེ་སྡོད། གི་བྱས་རེ་སྨྲ་ན་འོ་དེ་མི་ཀྱ་གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་གིས་བླུས་རེ་ཉོས་མཛད་པ་ལགས།


གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་རིན་སྟེར་ཏེ་ཉོས་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱི་ལུས་ཀྱི་ཐོག་ནས་དཀོན་མཆོག་ལ་བཀུར་སྟི་བྱེད།།


ཁྱེད་ཀྱ་ནི་རིན་ཇང་རེ་ཉོས་ཉ་ཀྱ་ལགས། མིའི་བྲན་གཡོག་མ་འབྱུང་།


དཀོན་མཆོག་གི་གྲངས་མེད་ཀྱི་ཐུགས་རྗེ་ལ་བརྟེན་ཏེ། མཱ་ཤི་ཀའི་སྐུ་ཁྲག་གི་ཐོག་ནས་འོ་རང་ལ་ཐར་པ་འོད་ད་ལགས། དེ་ནས་འོ་རི་སྡིག་པ་ཀྱའི་དགོངས་ཡངས་འོད་ད་ལགས།


གཅིག་གིས་གཅིག་མུ་ལ་གསུང་མགུར་དང་། བསྟོད་གླུ་དང་། མགུར་གླུ་ཀྱ་ཐོག་ནས་ལབ་བཏང་རེ། དེ་ནས་རང་གི་སེམས་ནས་གཙོ་བོ་ལ་བསྟོད་དབྱངས་དང་། རོལ་དབྱངས་ཕུལ།


སྲས་ཀྱི་ཐོག་ནས་འོ་རང་ལ་ཐར་པ་དང་སྡིག་པའི་དགོངས་ཡངས་འོད་ད་ལགས།


འོ་བྱས་རེ་ཁྱེད་ཀྱ་ཡིས་གོ་གིན་གཏམ་བཟང་ནས་ཐོབ་ཐ་རེ་བ་གོ་མེད་སྤོང་ང་མུ་མཐུད་ནས་དད་པ་ལ་བརྟན་པོ་གནས་དགོས། གཏམ་བཟང་དེ་ནམ་མཁའི་ཞིང་ཁམས་ཀྱི་འོག་ཏུ་འཇིག་རྟེན་དུ་འོད་མཁན་གི་རི་ལ་བཤད་འོད་ད་ལགས། དེ་ནས་ང་པའུ་ལུ་དེའི་ཞབས་ཏོག་པ་གཅིག་ཡིན།


དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས།


དེ་རེ་སྨྲ་གིན་མི་ཀྱ་ཡིས་རང་གི་ཆེད་དུ་ཡུལ་གཅིག་བཙལ་རེ་བསྡད་ཀྱིན་གོ་གསལ་བོ་སྟོན་ད་ལགས།


ཡིན་ནའང་ཡིས་ར་ཨེལ་པ་ཀྱ་ཡི་ཁོག་ཏུ་མངོན་ཤེས་མཁན་ཟོག་པོ་ཀྱ་ཐོན་གྱིན་ཅོག་རེ། ཁྱེད་ཀྱི་ཁོག་ཏུའང་སློབ་དཔོན་ཟོག་པོ་ཀྱ་འཐོན་གྱི་ལགས། ཁོང་ཀྱ་ཡིས་གནོད་བསྐྱལ་གྱིན་ཆོས་ཟོག་པོ་ཀྱ་གསང་བ་ལ་སྟོན་གྱི་ལགས། དེ་ནས་དེ་གཅིག་ཀ་མིན་ད་ཁོང་ཀྱ་ལ་རིན་གྱིས་བླུ་མཁན་གཙོ་བོ་ལའང་ཁོང་ཀྱ་ཡིས་ཁས་ལེན་མི་བྱེད་ཀྱི་ལགས། དེ་ནས་རང་གི་ཁར་ལ་གཏོར་བཤིག་མགྱོགས་བ་ཁྱེར་ཏེ་འོང་གི་ལགས།


ཡིན་ནའང་ཁོང་པ་འོད་ནང་ལ་འོད་ཀྱིན་ཅོག་རེ་འོ་རང་ཀྱ་འོད་ནང་ལ་རྒྱུག་ན། འོ་རང་ཀྱ་གཅིག་གི་གཅིག་ནང་དུ་མཐུན་འབྲེལ་བྱུང་ང་ལགས། དེ་ནས་ཁོང་པ་ཡི་སྲས་ཡེ་ཤུའི་སྐུ་ཁྲག་གིས་འོ་རང་ཀྱ་ལ། སྡིག་པ་གི་རི་ནས་གཙང་མ་མཛད་ད་ལགས།


ཁོང་ནི་འོ་རི་སྡིག་པ་ཀྱ་བསལ་ཡས་ཀྱི་ཆེད་དུ་སྡིག་བཤགས་ཀྱི་དམར་མཆོད་གོ་ལགས། དེ་ནས་འོ་རི་ཆེད་དུ་གཅིག་ཀ་མིན་ད། འཇིག་རྟེན་འོད་ལེའི་སྡིག་པ་ཀྱ་ཡི་ཆེད་དུ་ལགས།


དེ་ནས་ང་ལ་དེ་རེ་གསུངས་སོང་། ཁྱོས་མི་མང་དང་། མི་རིགས་དང་། སྐད་རིགས་དང་། རྒྱལ་བོ་མང་ང་ཡི་སྐོར་ལ་ཡང་མངོན་བཤད་དགོས་གུ་ལགས།།


ཉིན་མ་གསུམ་དང་ཕད་ཐུག་པའི་མི་མང་ཀྱ་དང་། རྒྱུད་པ་ཀྱ་དང་། སྐད་རིགས་ཀྱ་དང་། མི་རིགས་ཀྱ་ཡིས་ཁོང་གཉིས་བོ་ཡི་རོ་ལ་བལྟས་རེ་བསྡད་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་རོ་ཀྱ་སྦ་རུ་མི་བཅུག་གི་ལགས།


དེ་ནས་འོ་དེ་ལ་དམ་པའི་མི་ཀྱ་མུ་ལ་འཐྲབ་ཡས་དང་ཁོང་ཀྱ་ཁར་ལ་རྒྱལ་ཡས་ཀྱི་ནུས་མཐུ་སྟེར་པ་ལགས། དེ་ནས་བརྒྱུད་པ་གི་རི་དང་། མི་གི་རི་དང་། སྐད་རིགས་གི་རི་དང་། མི་རིགས་གི་རིའི་ཁར་ལ་ཁོ་ལ་དབང་ཆ་སྟེར་པ་ལགས།


དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།


དེ་ནས་ནམ་མཁའི་བང་ཆེན་གཞན་མ་གཅིག་གནམ་གྱི་བར་སྣང་ལ་འཕུར་ཏེ་བསྡད་ཀྱིན་གོ་ངས་མཐོང་སོང་། དེ་ནས་ས་གཞི་དུ་འོད་ཀྱིན་མི་རིགས་དང་། བརྒྱུད་པ་དང་། སྐད་རིགས་དང་། མི་གི་རི་ལ་གསལ་བསྒྲགས་བྱེད་ཡས་ཡིན་གྱིན་མཐའ་མེད་ཀྱིན་གཏམ་བཟང་གོ་ཁོང་པ་ལ་འོད་ད་ལགས།


དེ་ནས་ཁོང་ཀྱ་ཡིས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེ་དང་ལུག་ཕྲུག་གི་མགུར་གླུ་དེ་ལེན་པ་ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས། ཁྱེད་རང་གི་ཕྱག་ལས་ནི་ཆེ་དང་ཧ་ལས་ཀྱིན་འདུག། ཀྱེ་མི་རིགས་ཀྱ་ཡི་རྒྱལ་བོ། ཁྱེད་རང་གི་ལམ་ནི་དྲང་པོ་དང་བདེན་པ་འདུག།


དེ་ནས་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། ཁྱོས་མཐོང་ཐ་འོ་དེ་གཞང་འཚོང་མ་བསྡད་ད་ཆུ་ཀྱ་ནི་མི་ཀྱ་དང་། མི་མང་ཀྱ་དང་། མི་རིགས་ཀྱ་དང་། སྐད་རིགས་ཀྱ་ལགས།


འོ་རི་གཙོ་བོ་དང་དཀོན་མཆོག། ཁྱེད་རང་གཟི་བརྗིད་དང་བཀུར་སྟི་དང་དབང་འཐོབ་དགོས་ཡས་འདུག། གི་བྱས་རེ་སྨྲ་ན་འོད་ཀྱིན་གི་རི་ཁྱེད་རང་གི་བཀོད་མཛད་པ་ལགས། དེ་ནས་ཁྱེད་རང་གི་ཐུགས་དགོངས་ལ་རྟེན་ཏེ་འོ་དེ་ཀྱ་བྱུང་བ་ལགས། དེ་ནས་བཀོད་པ་ལགས།།


ཁོང་པ་ཀྱ་གསུང་སྐད་ཆེ་ལ་དེ་རེ་གསུངས་བའི་འོད་ད་ལགས། བསད་ས་ལུག་ཕྲུག་གོ་ལ་དབང་དང་ནོར་དང་ཤེས་རབ་དང་ཤུགས། དེ་ནས་བཀུར་སྟི་དང་གཟི་བརྗིད་དང་བསྟོད་པ་ཐོབ་དགོས་ཡས་འདུག།


དེ་ནས་བསད་དེ་བཞག་ཞ་ཅོག་རེ་མཐོང་གིན་ལུག་ཕྲུག་གཅིག་བཞུགས་ཁྲི་དང་སེམས་ཅན་བཞིའི་གུང་དུ་དང་། སློབ་དཔོན་ཀྱ་ཡི་གུང་དུ་བཞེངས་རེ་བཞུགས་ཀྱིན་གོ་ངས་མཐོང་སོང་། འོ་དེ་ལུག་ཕྲུག་ལ་རྭ་ཀྱོག་བདུན་དང་མིག་བདུན་འདུག། འོ་དེ་ཀྱ་འཇིག་རྟེན་འོད་ལེ་དུ་བརྫངས་ཛ་དཀོན་མཆོག་གི་ཐུགས་ཉིད་བདུན་ལགས།


Lean sinn:

Sanasan


Sanasan