12 ཁོང་པ་ཀྱ་གསུང་སྐད་ཆེ་ལ་དེ་རེ་གསུངས་བའི་འོད་ད་ལགས། བསད་ས་ལུག་ཕྲུག་གོ་ལ་དབང་དང་ནོར་དང་ཤེས་རབ་དང་ཤུགས། དེ་ནས་བཀུར་སྟི་དང་གཟི་བརྗིད་དང་བསྟོད་པ་ཐོབ་དགོས་ཡས་འདུག།
དེ་ནས་ཡེ་ཤུ་ཁོང་ཀྱ་རྩ་རུ་ཕེབས་ཏེ་གསུངས་བ་ལགས། གནམ་ས་གཉིས་ཀྱི་དབང་གི་རི་ང་ལ་གནང་འོད་ད་ལགས།
དེ་ནས་ཉིན་མ་གཤམ་མ་གོ་ཡོ་ཧ་ནན་གྱིས་ཡེ་ཤུ་ལ་རང་ཕྱོགས་ལ་ཕེབས་ཀྱིན་གོ་མཇལ་རེ་སྨྲས་བ་ལགས། ལྟོས་དང་། འཇིག་རྟེན་གྱི་སྡིག་པ་བསྣུམས་ཀྱིན་དཀོན་མཆོག་གི་ལུག་ཕྲུག་གོ་ཕེབས་འདུག།
གི་བྱས་རེ་སྨྲ་ན་ཁྱེད་རང་གིས་སྲས་ལ་གནང་ན་གི་རི་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་ཡས་ལ། ཁྱེད་རང་གིས་སྲས་ལ་མི་གི་རིའི་ཁར་ལ་དབང་གནང་འོད་ད་ལགས།
གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་ཤེས་ལ་ལགས། ཁོང་ཕྱུག་པོ་བྱེད་རེའང་ཁྱེད་ཀྱ་ཡི་དོན་དུ་དབུལ་སྤྲེ་བྱུང་བ་ལགས། འདི་ནི་ཁོང་དབུལ་སྤྲེ་བྱུང་གིན་གྱི་ཐོག་ནས་ཁྱེད་ཀྱ་ཕྱུག་པོ་འབྱུང་བར་ཤོག་སྨྲས་རེ་ལགས།
དུས་གཏན་དུ་གནས་ཀྱིན་རྒྱལ་བོ། རྫོགས་ཡས་མེད་ཀྱིན། མིག་གིས་མཐོང་མེད་ཐུབ་ཀྱིན་དཀོན་མཆོག་གཅིག་གཅིག་པོ་ལ། རྒྱུན་ནས་རྒྱུན་དུ་བཀུར་བསྟི་དང་བསྟོད་པ་འབྱུང་བར་ཤོག། ཨ་མེན།
དེ་ནས་འོ་རང་ལ་ཁོང་གི་ཡབ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཡས་ལ་རྒྱལ་སྲིད་དང་། མཆོད་དཔོན་མཛད་ཀྱིན་ཁོང་པ་ལ་གཟི་བརྗིད་དང་། དབང་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན།
དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།
དེ་ནས་ཁོང་ཀྱ་ཡིས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེ་དང་ལུག་ཕྲུག་གི་མགུར་གླུ་དེ་ལེན་པ་ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས། ཁྱེད་རང་གི་ཕྱག་ལས་ནི་ཆེ་དང་ཧ་ལས་ཀྱིན་འདུག། ཀྱེ་མི་རིགས་ཀྱ་ཡི་རྒྱལ་བོ། ཁྱེད་རང་གི་ལམ་ནི་དྲང་པོ་དང་བདེན་པ་འདུག།
འོ་དེ་གཤམ་ནས་ངས་ནམ་མཁའི་ཞིང་ཁམས་ནས་མི་ཚོགས་ཆེའི་སྐད་ཅོག་རེ་གཅིག་དེ་རེ་སྨྲ་གིན་གོ་གོ་སོང་། ཧ་ལེ་ལུ་ཡཱ། ཐར་པ་དང་གཟི་བརྗིད་དང་དབང་། འོ་རི་དཀོན་མཆོག་གི་ལགས།
འོ་རི་གཙོ་བོ་དང་དཀོན་མཆོག། ཁྱེད་རང་གཟི་བརྗིད་དང་བཀུར་སྟི་དང་དབང་འཐོབ་དགོས་ཡས་འདུག། གི་བྱས་རེ་སྨྲ་ན་འོད་ཀྱིན་གི་རི་ཁྱེད་རང་གི་བཀོད་མཛད་པ་ལགས། དེ་ནས་ཁྱེད་རང་གི་ཐུགས་དགོངས་ལ་རྟེན་ཏེ་འོ་དེ་ཀྱ་བྱུང་བ་ལགས། དེ་ནས་བཀོད་པ་ལགས།།
དེ་ནས་ནམ་མཁའི་ཞིང་ཁམས་དང་། ས་གཞི་དང་། ས་གཞི་འོག་ལ་འོད་ཀྱིན་ཀྱ་དང་། རྒྱ་མཚོ་དང་། འོ་དེ་ནང་ལ་འོད་ཀྱིན་སེམས་ཅན་གི་རི་ཡིས་དེ་རེ་སྨྲ་གིན་གོ་ངས་གོ་སོང་། བཞུགས་ཁྲི་རུ་བཞུགས་མཁན་དང་ལུག་ཕྲུག་ལ། བསྟོད་པ་དང་བཀུར་སྟི་དང་གཟི་བརྗིད་དང་དབང་། རྒྱུན་ནས་རྒྱུན་དུ་འོང་བར་ཤོག།
དེ་ནས་བསད་དེ་བཞག་ཞ་ཅོག་རེ་མཐོང་གིན་ལུག་ཕྲུག་གཅིག་བཞུགས་ཁྲི་དང་སེམས་ཅན་བཞིའི་གུང་དུ་དང་། སློབ་དཔོན་ཀྱ་ཡི་གུང་དུ་བཞེངས་རེ་བཞུགས་ཀྱིན་གོ་ངས་མཐོང་སོང་། འོ་དེ་ལུག་ཕྲུག་ལ་རྭ་ཀྱོག་བདུན་དང་མིག་བདུན་འདུག། འོ་དེ་ཀྱ་འཇིག་རྟེན་འོད་ལེ་དུ་བརྫངས་ཛ་དཀོན་མཆོག་གི་ཐུགས་ཉིད་བདུན་ལགས།
དེ་ནས་ཁོང་པ་ཡིས་འོ་དེ་ཤོག་སྒྲིལ་གོ་བསྣུམས་མ་མཛད་ཚར་ཏེ། འོ་དེ་སེམས་ཅན་བཞི་དང་སློབ་དཔོན་ཉི་ཤུ་རྩ་བཞི་གོ་ཀྱ་ལུག་ཕྲུག་གི་གདོང་དུ་ཕྱག་འཚལ་བ་ལགས། ཁོང་རེ་རེའི་ཕྱག་ལ་པི་ཝང་དང་སྤོས་ཁངས་ཁ་གསེར་གྱི་ཕོར་ར་ཀྱ་བསྣུམས་འོད་ད་ལགས། འོ་དེ་སྤོས་ཀྱ་དཀོན་མཆོག་གི་མི་ཀྱ་ཡིས་ཕུལ་པ་སྨོན་ལམ་ཀྱ་ལགས།
དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གསར་པ་གཅིག་ལེན་ཏེ་སྨྲས་བ་ལགས། ཁྱེད་རང་ལ་ཤོག་སྒྲིལ་འདི་བསྣུམ་ཡས་དང་འོ་དེའི་ཐེལ་ཙེ་ཀྱ་བཀོག་ཐུབ་ཀྱིན་དབང་ཆ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་ལ་བསད་པ་ལགས། དེ་ནས་ཁྱེད་རང་གི་སྐུ་ཁྲག་གིས་དཀོན་མཆོག་གི་ཆེད་དུ། རྒྱུད་པ་དང་སྐད་རིགས་དང་མི་དང་མི་རིགས་ཀྱ་ནས་མི་ཀྱ་ཉོས་བ་ལགས།
དེ་ནས་ལུག་ཕྲུག་གིས་འོ་དེ་ཐེལ་ཙེ་བདུན་ཀྱ་ནས་གཅིག་བཤིག་གིན་གོ་ངས་མཐོང་བའི་གང་ལ། སེམས་ཅན་བཞི་ཀྱ་ནས་གཅིག་གིས་འབྲུག་ལྡིར་གྱིན་ཅོག་རེ་སྐད་ལ་ཤོག་སྨྲ་གིན་གོ་ངས་གོ་སོང་།
ཨ་མེན། བསྟོད་པ་དང་གཟི་བརྗིད། ཤེས་རབ་དང་བཀའ་དྲིན་དང་བཀུར་སྟི། དབང་དང་ནུས་མཐུ། འོ་རི་དཀོན་མཆོག་ལ་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན།