Biblia Todo Logo
Bìoball air-loidhne

- Sanasan -




མངོན་པ། 4:8 - གློ་བ།

8 འོ་དེ་སེམས་ཅན་བཞི་ཀ་ར་ལ་གཤོག་པ་དྲུག་དྲུག་འོད་ད་ལགས། དེ་ནས་འོ་དེའི་ཕྱོགས་གི་རི་དང་གཤོག་པའི་ནང་ཕྱོགས་ལ་མིག་ཀྱ་ཡིས་ཁངས་རེ་བསྡད་འོད་ད་ལགས། དེ་ནས་ཉིན་མཚན་ཁོང་ཀྱ་མཚམས་མི་བཞག་བ་དེ་རེ་སྨྲས་རེ་གླུ་བཏང་བའི། དམ་པ་དམ་པ་དམ་པ། གཙོ་བོ་ཀུན་དབང་དཀོན་མཆོག་འདུག། ཁོང་ཨེན་མ་བཞུགས་མྱོང་འོད། དེ་ནས་ད་ལྟ་བཞུགས་འདུག། དེ་ནས་གཤམ་ལ་ཕེབས་ཡས་ཡིན་གྱིན་གོ་ལགས།

Faic an caibideil Dèan lethbhreac




མངོན་པ། 4:8
42 Iomraidhean Croise  

འོ་བྱས་རེ་སྤྱང་རྫེ་བྱས་རེ་སྡོད། དེ་ནས་ངས་ལོ་གསུམ་ཐུག་པའི་ཉིན་མཚན་མིག་ཆུ་བཏང་རེ་གཙོ་བོའི་ཉེ་གནས་རེ་རེས་ལ་བསླབས་ལ་བསླབ་བྱ་ཀྱ་ལ་མ་བརྗེད་ད་སྡོད།


དེ་ནས་ང་ནི་ཁྱེད་ཀྱ་ཡི་ཡབ་འབྱུང་ཡས་ཡིན། དེ་ནས་ཁྱེད་ཀྱ་ངའི་བུ་དང་བུ་མོ་འབྱུང་གི་ལགས། གསུངས་རེ་ཀུན་དབང་དཀོན་མཆོག་གིས་གསུངས་བའི།།


སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།


ཁྱོད་རང་དང་ཁྱོད་རི་བསླབ་བྱ་ལ་གཟབ་གཟབ་བྱས་རེ་སྡོད། འདི་ལ་རང་བརྟན་པོ་མ་གནས་རེ་སྡོད། དེ་རེ་བྱེད་ན་ཁྱོས་རང་དང་ཁྱོད་ལ་ཉན་མཁན་གཉིས་འགའ་ར་ལ་སྐྱོབ་ཀྱི་ལགས།།


དཀོན་མཆོག་གི་བཀའ་ཤོད། དུས་ཡིན་གྱིན་དང་མིན་གྱིན་གཉིས་ཀ་ར་ལ་གྲ་སྒྲིག་སྡོད། དེ་ནས་བཟོད་པ་ཆེ་ཐོག་ནས་སློབ་སྦྱོང་གི་ཐོག་ནས་མི་ཀྱ་ལ་བསླབ་བྱ་རྒྱོབ། སྐྱོན་སྟོན། དེ་ནས་སེམས་ཤུགས་སྤོར།


ཡེ་ཤུ་མཱ་ཤི་ཀ་ནི་མདང་དང་། དི་རིང་དང་། དུས་རྒྱུན་གྱི་ཆེད་དུ་མི་འགྱུར་ར་བཞུགས་བ་ལགས།


ང་ཡོ་ཧ་ནན་ནས་ཨེ་ཞི་ཡཱ་རུ་འོད་ཀྱིན་ཆོས་ཚོགས་བདུན་ལ་ཡིག་འདི་འབུལ་ལ་ཡིན། ད་ལྟ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཤམ་ལ་ཕེབས་ཡས་ཡིན་གྱིན་དཀོན་མཆོག་ནས། དེ་ནས་ཁོང་གི་བཞུགས་ཁྲི་གདོང་དུ་འོད་ཀྱིན་ཐུགས་ཉིད་བདུན་དང་། བདེན་པའི་དཔང་པོ་མཛད་ཀྱིན་གཤིན་པོ་ཀྱ་ནས་དང་པོ་གསོན་པོ་བཞེངས་ང་མཛད་ཛ་དང་། འཛམ་བུ་གླིང་གི་རྒྱལ་བོ་ཀྱ་ཡི་ཁར་ལ་དབང་མཛད་ཀྱིན་ཁོང་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་འཐོབ་པར་ཤོག འོ་རང་ཀྱ་ལ་བྱམས་པ་མཛད་ཀྱིན་དང་རང་གི་སྐུ་ཁྲག་གི་ཐོག་ནས་འོ་རི་སྡིག་པ་ཀྱ་ནས་འོ་རང་ལ་ཐར་པ་མཛད་ཀྱིན།


ང་ནི་ཨལ་ཕཱ་དང་ཨོ་མེ་གཱ་གོ་ཡིན། གསུངས་རེ་གཙོ་བོ་དཀོན་མཆོག་གསུངས་ང་ལགས། ཁོང་པ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཤམ་ལ་ཕེབས་ཡས་ཡིན་གྱིན་བླ་ན་མེད་པའི་དཀོན་མཆོག་ལགས།


གསུངས་བ་ལགས། ད་ལྟ་བཞུགས་འོད་ཀྱིན་དང་། ཨེན་མ་བཞུགས་མྱོང་འོད་ཀྱིན་དང་། གཙོ་བོ་ཀུན་དབང་དཀོན་མཆོག་ལགས། འེ་ཀྱ་ཁྱེད་རང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་རང་གིས་རང་གི་དབང་ཆེ་གོ་བཞེས་ལ་མཛད་དེ། དབང་འགྱུར་མཛད་ཡས་འགོ་བཙུགས་མཛད་པ་ལགས།


དེ་ནས་ཁོང་ཀྱ་ཡིས་སྡུག་པོ་མྱངས་ཀྱིན་གྱི་དུད་པ་གོ་དུས་གཏན་གྱི་ཆེད་དུ་ཡར་ལ་འགྲོ་གི་ལགས། དེ་ནས་འོ་དེ་སེམས་ཅན་དང་འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་གྱིན་དང་། འོ་དེའི་མིང་གི་རྟགས་གོ་ཐོབ་ཐ་ཀྱ་ལ་ཉིན་མཚན་ངལ་གསོ་ཡས་རག་གུ་མ་ལགས།


དེ་ནས་དཀོན་མཆོག་གི་བཞུགས་ཁྲི་དང་། འོ་དེ་སེམས་ཅན་བཞི་དང་། སློབ་དཔོན་ཀྱ་ཡི་གདོང་དུ་ཁོང་ཀྱ་ཡིས་གླུ་གསར་པ་གཅིག་ཕུལ་བ་ལགས། དེ་ནས་ས་གཞི་ནས་རིན་སྟེར་ཏེ་བླུས་ལ་མི་འབུམ་གཅིག་དང་བཞི་བཅུ་ཞེ་བཞི་ཀྱ་མ་ན། གཞན་མ་སུས་འང་འོ་དེ་གླུ་གོ་སྦྱངས་མ་ཐུབ་པ་ལགས།


དེ་ནས་ཁོང་ཀྱ་ཡིས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེ་དང་ལུག་ཕྲུག་གི་མགུར་གླུ་དེ་ལེན་པ་ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས། ཁྱེད་རང་གི་ཕྱག་ལས་ནི་ཆེ་དང་ཧ་ལས་ཀྱིན་འདུག། ཀྱེ་མི་རིགས་ཀྱ་ཡི་རྒྱལ་བོ། ཁྱེད་རང་གི་ལམ་ནི་དྲང་པོ་དང་བདེན་པ་འདུག།


དེ་ནས་འོ་དེ་སེམས་ཅན་བཞི་བོ་ནས་གཅིག་གིས་དུས་གཏན་དུ་གནས་ཀྱིན། དཀོན་མཆོག་ཁོང་པའི་ཐུགས་ཁྲོ་ཡིས་ཁང་ཁ་གསེར་གྱི་ཕོར་ར་བདུན་གོ། འོ་དེ་ནམ་མཁའི་བང་ཆེན་བདུན་ལ་གནང་བ་ལགས།


དེ་ཀྱ་ནི་ཧ་ལས་བ་རྟགས་ཀྱ་སྟོན་གྱིན་འདྲེའི་སེམས་ཉིད་ཀྱ་ལགས། ཀུན་དབང་དཀོན་མཆོག་གི་ཉིན་མ་ཁག་ཆེེ་གོ་ལ་དམག་འཐྲབ་ཡས་ཀྱི་ཆེད་དུ། དེ་སེམས་ཉིད་ཀྱ་འཛམ་བུ་གླིང་གི་རིའི་རྒྱལ་བོ་ཀྱ་རྩ་རུ་སོང་རེ་ཁོང་ཀྱ་ལ་རུབས་པ་ལགས།


དེ་ནས་མཆོད་ཁྲི་ནས་དེ་རེ་གསུངས་ཀྱིན་གོ་ངས་གོ་སོང་། ལགས། ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག། ཁྱེད་རང་གི་ཁྲིམས་གཅོད་ནི་བདེན་པ་དང་དྲང་པོ་འདུག།


མི་རིགས་ཀྱ་ལ་བརྒྱབ་ཡས་ཀྱི་ཕྱིར་ལ་ཁོང་པ་ཡི་ཞལ་ནས་རལ་གྲི་རྣོ་བ་གཅིག་ཐོན་འདིག། དེ་ནས་ཁོང་པ་ཡི་ལྕགས་ཀྱི་བེར་ཀྱོག་གིས་ཐོག་ནས་ཁོང་ཀྱ་ཁར་ལ་དབང་བསྒྱུར་མཛད་ཀྱི་ལགས། དེ་ནས་རྒུན་ཆང་བཙིར་ས་གཞོང་ནང་ནས་ཁུ་བ་བཏོན་གྱིན་ཅོག་རེ། ཁོང་པ་ཡིས་ཀུན་དབང་དཀོན་མཆོག་གི་ཐུགས་ཁྲོའི་ནང་ཁོང་ཀྱ་ལ་བཙིར་གྱི་ལགས།


དེ་ནས་འོ་དེ་སློབ་དཔོན་ཉི་ཤུ་རྩ་བཞི་དང་སེམས་ཅན་བཞི་ཡིས་བཞུགས་ཁྲི་ལ་བཞུགས་མཁན་དཀོན་མཆོག་གི་དྲུང་དུ་ལུས་ས་ལ་བརྡབས་ཏེ། དེ་རེ་སྨྲས་རེ་ཕྱག་མཆོད་པ་ཕུལ་བ་ལགས། ཨ་མེན། ཧ་ལེ་ལུ་ཡཱ།


དེ་ནས་ངས་འོ་དེ་རྒྱལ་ས་ནང་དུ་མཆོད་ཁང་མ་མཐོང་སོང་། གི་བྱས་རེ་སྨྲ་ན་གཙོ་བོ་ཀུན་དབང་དཀོན་མཆོག་དང་ལུག་ཕྲུག་ཁོང་པ་ཀྱ་རང་འོ་དེའི་མཆོད་ཁང་ལགས།


ཕི་ལ་དེལ་ཕི་ཡཱ་ཡི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། དམ་པ་དང་བདེན་པ། དེ་ནས་དཱ་བིད་ཀྱི་ལྡེ་མིག་འོད་ཀྱིན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི། ཁོང་པ་ཡིས་པེ་ཀྱིན་སྒོ་གོ་སུས་འང་བརྒྱབ་མི་ཐུབ་ཀྱི་ལགས། དེ་ནས་ཁོང་པ་ཡིས་བརྒྱབ་ཀྱིན་སྒོ་གོ་སུས་འང་པེ་མི་ཐུབ་ཀྱི་ལགས།


འོ་དེ་བཞུགས་ཁྲིའི་མཐའ་འཁོར་ལ་བཞུགས་ཁྲི་ཉི་ཤུ་རྩ་བཞི་འདུག། དེ་ནས་དབུ་ལ་གསེར་གྱི་ཅོད་པན་དང་གོས་དཀར་བོ་གོན་ག་སློབ་དཔོན་ཉི་ཤུ་རྩ་བཞི་འོ་དེ་བཞུགས་ཁྲི་ཀྱ་ཁར་ལ་བཞུགས་ཀྱིན་གོ་ངས་མཇལ་སོང་།


དེ་ནས་བཞུགས་ཁྲིའི་གདོང་དུ་དྭངས་ཤེལ་ཅོག་རེ་ཤེལ་གྱི་རྒྱ་མཚོ་ཅོག་རེ་གཅིག་འདུག། དེ་ནས་བཞུགས་ཁྲིའི་མཐའ་འཁོར་དང་ཕྱོགས་གཉིས་ཀ་ར་ལ་གདོང་དང་རྒྱབ་གཉིས་ཀ་ར་ལ་མིག་འོད་ཀྱིན་སེམས་ཅན་བཞི་འོད་ད་ལགས།


དེ་ནས་འོ་དེ་སེམས་ཅན་ཀྱ་ཡིས་བཞུགས་ཁྲི་རུ་བཞུགས་བ་མཛད་མཁན་དང་། དུས་གཏན་དུ་གནས་བ་མཛད་མཁན་ཁོང་པ་ལ་གཟི་བརྗིད་དང་། བཀུར་སྟི་དང་། ཐུགས་རྗེ་འབུལ་ལི་གང་ལ།


དེ་ནས་བསད་དེ་བཞག་ཞ་ཅོག་རེ་མཐོང་གིན་ལུག་ཕྲུག་གཅིག་བཞུགས་ཁྲི་དང་སེམས་ཅན་བཞིའི་གུང་དུ་དང་། སློབ་དཔོན་ཀྱ་ཡི་གུང་དུ་བཞེངས་རེ་བཞུགས་ཀྱིན་གོ་ངས་མཐོང་སོང་། འོ་དེ་ལུག་ཕྲུག་ལ་རྭ་ཀྱོག་བདུན་དང་མིག་བདུན་འདུག། འོ་དེ་ཀྱ་འཇིག་རྟེན་འོད་ལེ་དུ་བརྫངས་ཛ་དཀོན་མཆོག་གི་ཐུགས་ཉིད་བདུན་ལགས།


དེ་ནས་ལུག་ཕྲུག་གིས་འོ་དེ་ཐེལ་ཙེ་བདུན་ཀྱ་ནས་གཅིག་བཤིག་གིན་གོ་ངས་མཐོང་བའི་གང་ལ། སེམས་ཅན་བཞི་ཀྱ་ནས་གཅིག་གིས་འབྲུག་ལྡིར་གྱིན་ཅོག་རེ་སྐད་ལ་ཤོག་སྨྲ་གིན་གོ་ངས་གོ་སོང་།


དེ་ནས་འོ་དེ་སེམས་ཅན་བཞིའི་ཁོག་ནས་ཐོན་གྱིན་ཅོག་རེ་སྐད་གཅིག་དེ་རེ་སྨྲ་གིན་གོ་ངས་གོ་སོང་། ཉིན་མ་གཅིག་གི་གླ་ཆ་གྲོ་ཀི་ལོ་གཅིག་དང་ཉིན་མ་གཅིག་གི་གླ་ཆ་ནས་ཀི་ལོ་གསུམ་ལགས། དེ་ནས་སྣུམ་དང་རྒུན་ཆང་ལ་སྐྱོན་མ་བཏང་།


དེ་ནས་ནམ་མཁའི་བང་ཆེན་ཀྱ་གི་རི་བཞུགས་ཁྲི་དང་། སློབ་དཔོན་ཀྱ་དང་། སེམས་ཅན་བཞི་ཀྱ་ཡི་མཐའ་འཁོར་ལ་བཞེངས་རེ་བཞུགས་འདུག། དེ་ནས་ཁོང་ཀྱ་བཞུགས་ཁྲིའི་གདོང་དུ་ཕྱག་འཚལ་རེ་དཀོན་མཆོག་ལ་དེ་རེ་སྨྲས་རེ་ཕྱག་མཆོད་པ་འབུལ་ལི།


འོ་བྱས་རེ། ཁོང་ཀྱ་དཀོན་མཆོག་གི་བཞུགས་ཁྲིའི་གདོང་དུ་འདུག། དེ་ནས་ཉིན་མཚན་ཁོང་པ་ཡི་མཆོད་ཁང་དུ་ཁོང་གི་ཞབས་ཕྱི་ཞུ་བ་ལགས། དེ་ནས་བཞུགས་ཁྲི་རུ་བཞུགས་མཁན་གྱིས་རང་འོད་ས་རུ་ཁོང་ཀྱ་ལ་སྐྱོང་མཛད་ཀྱི་ལགས།


Lean sinn:

Sanasan


Sanasan