2 ཁོང་པ་ཡིས་འོ་དེ་འབྲུག། ཡང་ན་ཨེན་མ་ཨེན་མའི་སྦྲུལ། ཡང་ན་འདྲེ། ཡང་ན་བདུད་སཱ་ཏན་གོ་ལ་ཟིམ་པ་ལགས། དེ་ནས་ལོ་གཅིག་སྟོང་གི་ཆེད་དུ་བཀྱིགས་ཏེ་བཞག་པ་ལགས།
དེ་ནས་ངའི་མིང་གི་ཕྱིར་ལ་རང་གི་ཁང་པ་ཀྱ་དང་། སྤུན་ཀྱ་དང་། ཕ་མ་དང་། ཕྲུ་བ་ཀྱ་དང་། ས་ཞིང་ཀྱ་བོར་འོད་ན། ཁོ་ལ་ལྡབ་བརྒྱ་འཐོབ་ཀྱི་ལགས། དེ་ནས་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས།
དེ་ནས་འོ་དེ་གཉིས་བོ་ཡིས་སྐད་བརྒྱབ་སྟེ་སྨྲས་བ་ལགས། དཀོན་མཆོག་གི་སྲས། འི་ཀི་མུ་ལ་ཁྱེད་རང་གི་གི་འབྲེལ་བ་འོད་ད་ལེ། དུས་ཚོད་མ་སླེབ་ཨེན་ལ་རང་ཁྱེད་རང་འེ་ལ་སྡུག་པོ་བཏང་དུ་ཕེབས་བ་ཡིན་ནེ།
མི་རིང་འགའ་ལམ་ཁ་ལ་གཏོར་ད་ས་ང་ཀྱ་ཅོག་རེ་འོང་ང་ལགས། ཁོང་ཀྱ་ཡིས་བཀའ་གོ་ཉན་ལུང་མེད་ད་ལ་བདུད་འོངས་རེ་ཁོང་ཀྱ་ནང་དུ་བཏབ་ཏ་བཀའ་གོ་ཕྲོགས་ཏེ་འགྲོ་གི་ལགས།
དེ་ནས་སྐད་བརྒྱབ་སྟེ་ཁོས་སྨྲས་བ་ལགས། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ། ང་ལ་ཁྱེད་ཀྱི་འབྲེལ་བ་གི་འོད་ད་ལེ། ང་དཀོན་མཆོག་ལ་མནའ་བསྐྱལ་རེ་ཞུ་བ་འབུལ་ལ་ཡིན། ང་ལ་སྡུག་པོ་བཏང་ང་མ་མཛད།
ད་འཇིག་རྟེན་གྱི་ཁྲིམས་བཅད་ཡས་ཀྱིས་དུས་བབ་འདུག། ད་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ཕི་ལ་གཡུག་གི་ལགས།
དེ་ནས་ཁྲིམས་གཅོད་ཀྱི་སྐོར་ལ་སྨྲ་ན། འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ལ་ཁྲིམས་ཕོག་ཚར་ར་ལགས།
ཞི་བདེའི་དཀོན་མཆོག་གིས་བདུད་སཱ་ཏན་ལ་མགྱོགས་སེ་རང་ཁྱེད་ཀྱ་ཡི་རྐང་པའི་འོག་ལ་བསྣེམ་གྱི་ལགས། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག།
འཆི་བ་ཡི་ཐོག་ནས་འཆི་བ་ཡི་བདག་པོ་བདུད་ལ་ཁོང་གིས་མེད་ད་ལ་མཛད་ཡས་དང་། འཆི་བའི་འཇིགས་སྐྲག་གི་མི་ཚེ་གང་ཚང་བྲན་གཡོག་ལ་ཤོར་ཤ་ཀྱ་ལ། ཁོང་པ་ཡིས་ཐར་བ་མཛད་ཡས་ཀྱི་ཕྱིར་ལ། བུ་ཕྲུག་ཀྱ་ཤ་ཁྲག་གི་ལུས་ལ་བྱས་རེ་ཁོང་པ་ཡིས་འང་མིའི་ལུས་བསྣུམས་པ་ལགས།
ཁྱེད་ཀྱ་རང་ཚོད་ཟིམ་ཏེ་སྤྱང་རྫེ་བྱེད། ཁྱེད་ཀྱ་ཡི་དགྲ་ཡིན་གྱིན་བདུད་ནི་ངར་སྐད་སྟོན་གྱིན་སེང་གེ་ཅོག་རེ། སུ་ལ་རྙེད་དེ་ཟ་གུ་ནུང་སྨྲས་རེ་བཙལ་རེ་རྒྱུག་བ་ལགས།
གི་བྱས་རེ་སྨྲ་ན་ནམ་མཁའི་བང་ཆེན་ཀྱ་ཡིས་སྡིག་པ་བྱེད་འདིག་གང་ལ། དཀོན་མཆོག་གིས་ཁོང་ཀྱ་ལ་བློས་བཏང་ང་མ་མཛད་པ་ལགས། ཡིན་ནའང་ཁོང་ཀྱ་ལ་དམྱལ་བ་དུ་གཡུགས་མཛད་པ་ལགས། དེ་ནས་ཁྲིམས་གཅོད་ཀྱི་ཉིན་མ་ཐུག་པའི་ཡི་ཕྱིར་ལ་ལྕགས་ཐག་གིས་བསྡམས་ཏེ། མུན་ནག་གི་ནང་ལ་བཞག་མཛད་འོད་ད་ལགས།
དེ་ནས་རང་གི་འགན་གྱི་གོ་ས་མ་སྲུང་ང་རང་གི་བསྡད་ས་ངོ་མ་གོ་སྤངས་པ་ནམ་མཁའི་བང་ཆེན་ཀྱ་ལ་དཀོན་མཆོག་གི་མུན་ནག་གི་ནང་ལ་མཐའ་མེད་ཀྱིན་ལྕགས་སྒྲོག་བརྒྱབ་ཏེ། ཁྲིམས་གཅོད་ཀྱི་ཉིན་མ་ཆེ་ཐུག་པའི་བཞག་མཛད་འོད་ད་ལགས།
ད་འོ་དེ་འབྲུག་གི་རང་ལ་ས་གཞི་རུ་གཡུགས་ཡ་གོ་མཐོང་རེ་འོ་དེ་བི་ཛ་སྐྱེས་ཀྱིན་བུ་མོ་གོ་ལ་འདེད་པ་ལགས།
དེ་ནས་བུ་མོ་གོ་ལ་ཆུ་ཡིས་ཏག་ཏུ་བཅུག་ཡས་ལ་འོ་དེ་འབྲུག་གིས། རང་གི་ཁ་ནས་བུ་མོའི་གཤམ་པ་ལ་གཙང་པོ་ཅོག་རེ་ཆུ་བཏོན་པ་ལགས།
དེ་ནས་འོ་དེ་འབྲུག་གོ་འོ་དེ་བུ་མོ་མུ་ལ་ཁོང་ཁྲོ་ལངས་བ་ལགས། དེ་ནས་མོའི་ཕྲུ་བ་གཞན་མ་ཀྱ་མུ་ལ་འཐྲབ་ཏུ་སོང་བ་ལགས། ཡང་ན་དཀོན་མཆོག་གི་བཀའ་སྲུང་མཁན་ཀྱ་དང་ཡེ་ཤུའི་དཔང་པོ་བྱེད་མཁན་ཀྱ་མུ་ལ་འཐྲབ་ཏུ་སོང་བ་ལགས།
དེ་ནས་ནམ་མཁའི་ཞིང་ཁམས་དུ་རྟགས་གཞན་མ་གཅིག་མཐོང་བ་ལགས། མགོ་བ་བདུན་དང་རྭ་ཀྱོག་བཅུ་བྱས་བྱ། དེ་ནས་མགོ་བ་བདུན་པོའི་ཁར་ལ་ཅོད་པན་རེ་རེ་གོན་ག་འབྲུག་དམར་བོ་ཆེ་གཅིག་མཐོང་བ་ལགས།
དེ་ནས་འོ་དེའི་རྔ་མ་ཡིས་གནམ་ནས་སྐར་མ་དུམ་བུ་གསུམ་ནས་གཅིག་རུག་སྟེ་ས་གཞི་དུ་གཡུགས་པ་ལགས། དེ་ནས་ཕྲུ་སྐྱེ་ལུང་མེད་ད་ལ་འོ་དེ་ཕྲུ་གོ་ལ་མིད་ཡས་ཀྱི་བསམ་བློ་བཏང་རེ། འོ་དེ་འབྲུག་གོ་འོ་དེ་ཕྲུ་སྐྱེ་ཡས་བྱེད་ཀྱིན་བུ་མོའི་གདོང་དུ་ལངས་རེ་བསྡད་འོད་ད་ལགས།
འོ་དེ་འབྲུག་ཆེ་གོ་མ་ལ་གཡུགས་པ་ལགས། དེ་ནི་འཇིག་རྟེན་གྱི་མི་གི་རི་ལ་བསླུ་གིན་བདུད་ཡང་ན་སཱ་ཏན་སྨྲས་རེ་སྨྲ་མཁན་ཨེན་མ་ཨེན་མའི་སྦྲུལ་གོ་ལགས། འོ་དེ་ལ་ས་གཞི་རུ་གཡུགས་པ་ལགས། དེ་ནས་འོ་དེ་མུ་ལ་ཁོའི་བང་ཆེན་ཀྱའང་གཡུགས་པ་ལགས།
ངས་མཐོང་ཐ་སེམས་ཅན་གོ་གཟིག་ཅོག་རེ་འདུག།དེ་ནས་འོ་དེའི་རྐང་པ་གོ་དོམ་གྱི་རྐང་པ་དང་ཁ་གོ་སེང་གེའི་ཁ་ཅོག་རེ་འདུག། དེ་ནས་འོ་དེ་འབྲུག་གིས་འོ་དེ་སེམས་ཅན་གོ་ལ་རང་གི་ནུས་མཐུ་དང་། རང་གི་ཁྲི་དང་། རང་གི་དབང་ཆ་ཆེ་གོ་སྟེར་པ་ལགས།
དེ་ནས་འབྲུག་གིས་རང་གི་དབང་ཆ་གོ་འོ་དེ་སེམས་ཅན་ལ་སྟེར་ཏ་བྱས་རེ་མི་ཀྱ་ཁོ་ལ་ཕྱག་མཆོད་པ་འབུལ་ལ་ལགས། དེ་ནས་འོ་དེ་སེམས་ཅན་གོ་ལའང་དེ་རེ་སྨྲས་རེ་ཕྱག་མཆོད་པ་འབུལ་ལ་ལགས། སེམས་ཅན་འདི་ཅོག་རེ་སུ་འོད་དོ། དེ་ནས་འདིའི་མུ་ལ་འཐྲབ་ཐུབ་མཁན་སུ་འོད་དོ།
དེ་ནས་ཁོང་ཀྱ་ལ་བསླུ་གིན་འོ་དེ་འདྲེ་གོ་སེམས་ཅན་དང་མངོན་ཤེས་མཁན་ཟོག་པོ་གོའང་། འོད་ས་མེ་དང་མུ་ཟིའི་མཚོ་ནང་དུ་གཡུགས་པ་ལགས། འོ་དུ་རུ་ཁོང་ཀྱ་རྒྱུན་ནས་རྒྱུན་དུ་ཉིན་མཚན་སྡུག་པོ་མྱངས་ཀྱི་ལགས།
ད་ལོ་གཅིག་སྟོང་གོ་རྫོགས་བ་རང་བདུད་སཱ་ཏན་གོ་འོ་དེའི་བཙོན་ཁང་ནས་བཀྲོལ་གྱི་ལགས།
དེ་ནས་འོ་དེ་ཀྱ་ཡི་རྒྱལ་བོ་གོ་མཐིལ་མེད་ཀྱིན་དོང་དོང་གི་བང་ཆེན་འདུག། ཨིབ་རི་པ་སྐད་ལ་འོ་དེ་བང་ཆེན་གྱི་མིང་ཨ་བད་དཱོན། དེ་ནས་གྷི་རིག་སྐད་ལ་ཨ་པོལ་ཡོན་ལགས། འོ་དེ་སྨྲ་ན་གཏོར་བཤིག་བཏང་གིན་ལགས།