3 དེ་ནས་ངའི་མིང་གི་དོན་དུ་ཁྱེད་ཀྱ་ཡིས་བཟོད་པ་སྒོམ་གྱིན་དང་སྡུག་པོ་མྱངས་ཀྱིན་གོ་ང་ལ་ཤེས་ཡས་འོད། དེ་ནས་ཁྱེད་ཀྱ་དོ་རང་འང་ཐང་མ་ཆད་འདུག།
དེ་ནས་ཕི་ལ་འགྲོའི་གང་ལ་ཨ་ལེག་སན་དེར་དང་རུ་ཕུ་སྨྲ་མཁན་སྤུན་གཉིས་ཀྱི་ཨ་རྒས། སི་མོན་སྨྲ་མཁན་ཀུ་རེ་ནཱེ་པ་ཁོ་རི་ཡུལ་ནས་འོང་གིན་གོ་དམག་མི་ཀྱ་ལ་ཐུག་པ་ལགས། དེ་ནས་ཁོ་ལ་ཡེ་ཤུ་ཡི་རྒྱང་ཤིང་གོ་ཨུ་ཚུགས་བརྒྱབ་སྟེ་འཁྱེར་དུ་བཅུག་པ་ལགས།
དེ་ནས་རང་གི་སྡུག་པོའི་རྒྱང་ཤིང་མི་འཁུར་གྱིན་ཡིན་ནའང་ངའི་གཤམ་ལ་འབྲང་མཁན་ཀྱ་ངའི་ཉེ་གནས་འབྱུང་ཐུབ་ཀྱི་མ་ལགས།
དེ་ནས་ཙོག་བའི་གསོལ་བ་འདེབས་ཡས་དང་སེམས་ཤུགས་མེད་ཆགས་ཡས་ཀྱི་ཕྱིར་ལ། ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་དཔེ་གཅིག་གསུངས་བ་ལགས།
དེ་ནས་ཁྱིད་ཀྱི་བཟོད་པ་ཡིས་བྱས་རེ་ཁྱེད་རི་མི་ཚེ་སྐྱོབ་ཀྱི་ལགས།
དེ་ནས་སི་མོན་གྱིས་སྨྲས་བ་ལགས། སློབ་དཔོན་ལགས། འི་ཀིས་མཚན་གང་དཀའ་ལས་བརྒྱབ་པའི། དེ་ནས་གིའང་ཟིམ་མ་ཐུབ། ཡིན་ནའང་ཁྱེད་རང་གིས་གསུངས་ཀྱིན་ལ་ཆ་བཞག་སྟེ་ང་ཉ་རས་མ་ལ་པབ་བ་ཡིན།
དེ་ནས་ས་བཟང་པོ་ལ་ཐོར་གྱིན་ཀྱ་བཀའ་ལ་མཉན་ཏེ་སེམས་དྲང་པོ་དང་བཟང་པོ་ནང་དུ་བརྟན་པོ་ཟིམ་མ་ལགས། དེ་ནས་བཟོད་པའི་ཐོག་ནས་འབྲས་བུ་སྟེར་ར་ལགས།
ཡིན་ནའང་ངའི་མིང་གི་རྐྱེན་གྱི་ཁོང་ཀྱ་ཡིས་དེ་གི་རི་ཁྱེད་ཀྱ་ལ་བྱེད་ཀྱི་ལགས། གི་བྱས་རེ་སྨྲ་ན་ང་ལ་མངགས་མཁན་གོ་ལ་ཁོང་ཀྱ་ཡིས་ངོ་མེད་ཤེས་ལ་ལགས།
དེ་ནས་རེ་བ་ལ་བརྟེན་ཏེ་དགའ་སྤྲོ་བྱེད། དེ་ནས་སྡུག་པོ་མྱངས་བའི་གང་ལ་བཟོད་པ་བྱེད། དེ་ནས་ཙོག་བའི་སྨོན་ལམ་ཞུས།
གཙོ་བོའི་ནང་དཀའ་ལས་བརྒྱབ་ཀྱིན་བུ་མོ་ཏི་རུ་ཕེ་ནཱ་དང་ཏི་རུ་ཕོ་སཱ་ལ་འཚམས་འདྲི་ཞུས། གཙོ་བོའི་ནང་དམི་ཅིག་གི་དཀའ་ལས་བརྒྱབ་ཀྱིན་ངའི་གཅེས་བའི་རོགས་བ་པེར་སི་ལ་འཚམས་འདྲི་ཞུས།
དེ་ནས་བཟོད་པའི་སྒོ་ནས་ལས་བཟང་ང་བྱས་རེ་གཟི་བརྗིད་དང་། བཀུར་སྟི་དང་། འཆི་བ་མེད་ཀྱིན་ཚེ་བཙལ་མཁན་མི་ཀྱ་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་གི་ལགས།
ཡིན་ནའང་མིག་གིས་མེད་མཐོང་གིན་ལ་འོ་རིས་རེ་བ་བྱེད་ན། འོ་དེ་ལ་འོ་རང་བཟོད་པ་བྱས་རེ་སྒུག་བ་ལགས།
དེ་ནས་བྱམས་པ་ཡིས་གི་རི་བཟོད་པ་བྱེད་ད་ལགས། དེ་ནས་དོན་གི་རི་ལ་ཡིད་ཆེས་བྱེད་ད་ལགས། དེ་ནས་དོན་གི་རི་ལ་རེ་བ་བྱེད་ཡས་དང་། དོན་གི་རི་ལ་སྡུག་རུས་བྱེད་ད་ལགས།
དེ་རེ་མི་ཀྱ་དང་དེ་རེ་རང་བྱས་རེ་དཀའ་ལས་བརྒྱབ་ཀྱིན་ལས་རོགས་ཀྱ་ཡི་ཁར་ལ་ཉན་སྨྲས་རེ། ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན།
འེ་ཀྱ་འེ་རི་ཚད་ནས་འདའ་རེ་གཞན་མ་ཀྱ་ཡི་དཀའ་ལས་བརྒྱབ་ཀྱིན་གོ་ལ་ངོམ་གསོ་མི་བྱེད་འོད། ཡིན་ནའང་ཁྱེད་ཀྱ་ཡི་དད་པ་གོ་འཚར་ཏེ་འགྲོ་བ་རང་། ཁྱེད་ཀྱ་ཡི་ཁོག་ཏུ་འི་ཀི་ལས་ཀ་ཡི་མཚམས་གོ་རྒྱ་ཆེ་རུ་འགྲོ་བ་ཤོག་སྨྲས་རེ་འི་ཀིས་རེ་བ་འོད།
ཁོང་ཀྱ་མཱ་ཤི་ཀ་ཡི་ཞབས་ཕྱི་པ་ལེ། ང་ཡོལ་ལེ་ཞབས་ཕྱི་བཟང་ང་ཡིན། ང་སྨྱོན་པ་ཅོག་རེ་ལབ་བཏང་བའི་འོད། ངས་དམི་ཅིག་གི་དཀའ་ལས་བརྒྱབ་པའི། ང་བཙོན་ཁང་དུ་ཐེངས་མང་ང་ཆུད་སོང་། ང་ལ་རྟ་ལྕག་གིས་རྡུང་དག་མང་ང་ཕོག་སོང་། དེ་ནས་ཐེངས་མང་ང་ང་རི་སྲོག་ཉེན་ཁ་ལ་ཆུད་སོང་།
འོ་བྱས་རེ་དཀོན་མཆོག་གི་སྙིང་རྗེའི་སྒོ་ནས་འེ་ཀྱ་ལ་འདི་ཞབས་ཕྱི་དེ་ཐོབ་སྟེ། འེ་ཀྱ་སེམས་ཤུགས་མེད་ཆགས།
འོ་བྱས་རེ་འེ་ཀྱ་སེམས་ཤུགས་ཆགས་ཏེ་མེད་བསྡད་འོད། འི་ཀི་ཕི་དེ་ལུས་ཉམས་ཏེ་འགྲོ་ནའང་། འི་ཀི་སེམས་ཉིད་ནི་ཞག་མོ་གྲང་བའི་གསར་པ་བྱུང་རེ་འགྲོ་བ་ལགས།
འོ་བྱས་རེ་འེ་ཀྱ་ལུས་ལ་འོད་ན་ཡང་ན་ཁ་བྲལ་ན། ཁོང་པ་ལ་ཐུགས་དགྱེས་རུ་བཅུག་ཡས་གོ་རང་འི་ཀི་དམིགས་ཡུལ་ལགས།
དེ་ནས་རྡུང་དག་འཕོག་བ་རང་། དེ་ནས་བཙོན་ནང་དུ་ཆུད་ད་རང་། དེ་ནས་ཟིང་སྐྲག་ལངས་ང་རང་དང་། དཀའ་ལས་བརྒྱབ་བ་རང་། དེ་ནས་གཉིད་མེད་ད་རང་། དེ་ནས་ཕོ་བ་ལྟོགས་བ་རང་།
གཅིག་གིས་གཞན་མའི་ཁུ་ཀྱ་ཁུར། དེ་ནས་དེ་རེ་བྱས་རེ་རང་མཱ་ཤི་ཀའི་ཆོས་ཁྲིམས་སྒྲུབ་ཏུ་ཆུག།
དེ་ནས་བཟང་ང་བྱེད་ཡས་ལ་འོ་རང་ཀྱ་ཐང་ཆད་ཡས་མེད་ད་ལགས། གི་བྱས་རེ་སྨྲ་ན་འོ་རེ་བྱེད་ན། འོ་རང་ལ་འབྲས་བུ་དུས་ཚོད་ཏག་ཏག་ལ་རག་གི་ལགས།
ཚེ་སྲོག་གི་བཀའ་ལ་བརྟན་པོ་བྱས་རེ་ཟིམ་ཏེ་སྡོད། དེ་ནས་ང་ཧ་ལ་ཚུར་ལ་རྒྱུག་གིན་དང་། དཀའ་ལས་བརྒྱབ་ཀྱིན་གོ་དོན་མེད་དུ་མ་སོང་བྱུང་སྨྲས་རེ། ང་མཱ་ཤི་ཀའི་ཉིན་མ་ལ་ངོམ་གསོ་བྱེད་ཡས་རག་གི་ལགས།
དེ་ནས་ངའི་བདེན་པའི་ལས་རོགས་ཁྱོས་འང་། དེ་སྐྱེས་དམན་གཉིས་བོ་ལ་རོགས་བྱེད་སྨྲས་རེ་ང་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁོང་གཉིས་བོ་ཡིས་འང་གཏམ་བཟང་གི་ལས་ཀ་ལ། ངའི་མུ་ལ་ཀི་ལེ་མེ་སི་དང་ངའི་ལས་རོགས་གཞན་མ་ཀྱ་མུ་ལ་དཀའ་ལས་བརྒྱབ་འོད་ད་ལགས། ཁོང་གི་རིའི་མིང་ཚེ་སྲོག་གི་དེབ་ནང་ལ་ཆུད་འོད་ད་ལགས།
དེ་ནས་དཀོན་མཆོག་གི་གཟི་བརྗིད་དང་བདེན་པའི་ནུས་མཐུའི་སྟོབས་གི་རི་ནས་བཟོད་པ་ཆེ་དང་། སྣ་རིང་ང་འབྱུང་རེ་ཁྱེད་ཀྱ་ཤུགས་ཆེ་འབྱུང་ཡས་ཀྱི་ཕྱིར་ལ། འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད། དེ་ནས་ཁྱེད་ཀྱ་དགའ་སྤྲོ་ཡིས་ཁངས་བར་ཤོག།
འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱེད་ཀྱ་ཡི་དད་པའི་ལས་ཀ་དང་། བྱམས་པའི་དཀའ་ལས་དང་། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཁར་ལ་རེ་བ་བརྟན་པོ་གོ་ལ། འེ་ཀྱ་ཡིས་སྨོན་ལམ་ལ་མེད་ཆད་ད་དྲན་ཏེ་འོད།
སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།
སྤུན་ཟླ་ཀྱ་བོ། ཁྱེད་ཀྱི་ཁོག་ཏུ་དཀའ་ལས་བརྒྱབ་མཁན་དང་། གཙོ་བོའི་ཕྱིར་ལ་ཁྱེད་ཀྱ་ཡི་འགོ་ཁྲིད་བྱུང་རེ་ཁྱེད་ཀྱ་ལ་བསླབ་བྱ་གནང་མཁན་ཀྱ་ལ་གུས་ཞབས་བྱེད།
སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་གོ་བཟང་ང་བྱེད་ཡས་ལ་ཐང་མ་ཆད།
དཀོན་མཆོག་གི་བྱམས་པ་དང་མཱ་ཤི་ཀ་ལ་བརྟན་པོ་ཆགས་ཡས་ལ། གཙོ་བོ་ཡིས་ཁྱེད་ཀྱ་ཡི་སེམས་ལ་འགོ་འཁྲིད་གནང་བར་ཤོག
དེ་ནས་རིན་མ་ཇང་བ་འི་ཀིས་སུ་ནས་འང་ཟ་མ་མ་བཟས། ཡིན་ནའང་ཁྱེད་ཀྱ་ལ་དཀའ་ལས་མེད་ཡོང་བར་ཤོག་སྨྲས་རེ། འེ་ཀྱ་ཡིས་ཉིན་མཚན་དཀའ་ལས་བརྒྱབ་སྟེ་ལས་ཀ་བྱས་བའི།
དོན་འདིའི་ཕྱིར་འོ་རང་ཀྱ་སྡུག་པོ་མྱངས་རེ་དཀའ་ལས་བརྒྱབ་བ་ལགས། གི་བྱས་རེ་སྨྲ་ན་འོ་རི་རེ་བ་གསོན་པོ་དཀོན་མཆོག་ལ་གནས་ལ་ལགས། ཁོང་པ་ནི་མི་གི་རི་དང་དམིགས་བསལ་དུ་དད་པ་བྱེད་མཁན་ཀྱ་ཡི་སྐྱབས་མགོན་ལགས།
ཆོས་ཚོགས་ཀྱི་རྒན་པ་ལྟ་རྟོག་དགའ་བྱེད་མཁན། དེ་ནས་དམིགས་གསལ་དུ་ཆོས་བཤད་ཡས་དང་། བསླབ་བྱ་བསླབས་ཀྱིན་ལས་ཀ་ལ་དཀའ་ལས་བརྒྱབ་མཁན་རྒན་པ་ཀྱ་ལ། བཀུར་སྟི་ལྡབ་གཉིས་ཐོབ་དགོས་བ་ལགས།
ཁྱེད་ཀྱ་ཡིས་དཀོན་མཆོག་གི་ཐུགས་དགོངས་བསྒྲུབས་ཡས་དང་། ཁོང་གི་དམ་བཅའ་མཛད་ཛ་གོ་འཐོབ་ཡས་ཀྱི་ཆེད་དུ་བཟོད་པ་བྱེད་དགོས།
འོ་བྱས་རེ་དེ་རེ་མང་ང་དཔང་པོའི་སྲིང་པ་ཡིས་འོ་རང་ལ་བསྐོར་ཏེ་བསྡད་ད་བྱས་རེ། འོ་རང་ཁུར་སྣ་ཚོགས་དང་། ལས་སླ་མོ་མ་མགོ་སྐོར་བཏང་གིན་སྡིག་པ་ལ་སྤངས་རེ། འོ་རང་འོ་རི་གདོང་དུ་བཞག་ཞ་བང་སྡུར་གོ་བཟོད་པ་བྱས་རེ་བང་བཏང་བོ།
ད་འོ་བྱས་རེ་འོ་རང་ཀྱ་སྒར་གྱི་ཕི་ལ་འགྲོ་བོ། དེ་ནས་ཁོང་པ་ཡིས་མྱངས་མྱ་ངོ་ཚ་གོ་འོ་རང་ཀྱའང་མྱོང་བོ།
གི་བྱས་རེ་སྨྲ་ན་དཀོན་མཆོག་ནི་མེད་དྲང་ང་མེད་ད་ལགས། ཁྱེད་ཀྱ་ཡིས་བྱས་ཀྱིན་ལས་བཟང་ང་ཀྱ་དང་། ཁྱེད་ཀྱ་ཡིས་ཁོང་པ་ལ་བརྩེ་བ་བྱེད་ཀྱིན་བྱས་རེ་ཨེན་མ་དམ་པའི་མི་ཀྱ་ལ་ཞབས་ཏོག་ཕུལ་པ་དང་། དེ་ནས་ད་ལྟའང་བྱེད་ཀྱིན་དེ་ལ་དཀོན་མཆོག་གིས་བརྗེད་ད་མཛད་ཀྱི་མ་ལགས།
དེ་ནས་ཁྱེད་ཀྱ་ལས་མེད་ལམ་གྱིན་མ་བྱུང་བ། ཡིན་ནའང་དད་པ་དང་བཟོད་པའི་སྒོ་ནས་དཀོན་མཆོག་གི་དམ་བཅའ་ཐོབ་ཐ་ཀྱ་ཅོག་རེ་བྱུང་གིན་གོ་འེ་ཀྱ་འདོད་འདིག་འོད།
དེ་ནས་ཨབ་ར་ཧམ་གྱིས་བཟོད་པ་བྱས་རེ་བསྒུགས་ཏེ་འོ་དེ་དམ་བཅའ་གོ་ཐོབ་པ་ལགས།
དེ་ནས་ཤེས་ཡོན་ལ་རང་ཚོད་ཟིམ་གྱིན། དེ་ནས་རང་ཚོད་ཟིམ་གྱིན་ལ་བཟོད་པ། དེ་ནས་བཟོད་པ་ལ་ཆོས་སེམས།
ཡེ་ཤུའི་ཐོག་ནས་སྡུག་པོ་དང་། དཀོན་མཆོག་གི་རྒྱལ་སྲིད་དང་། བཟོད་པའི་ནང་ལ་ཁྱེད་ཀྱ་ཡི་རོགས་བ་དང་སྤུན་ང་ཡོ་ཧ་ནན་ཡིན། ང་ནི་དཀོན་མཆོག་གི་བཀའ་དང་། ཡེ་ཤུ་ལ་དཔང་པོ་བྱས་བྱ་ཡི་རྐྱེན་གྱིས་པད་མོ་ཟེར་སྨྲ་གིན་གླིང་ཕྲན་དུ་འོད་ད་ལགས།
ཁྱེད་ཀྱ་ཡིས་བཟོད་པ་བྱེད་དགོས་ཀྱིན་ངའི་བཀའ་གོ་བསྲུངས་སྲ་བྱས་རེ། ང་ཁྱོད་ལ་ས་གཞི་རུ་འོད་ཀྱིན་མི་གི་རི་ལ་ཚོད་ལྟ་བྱེད་ཡས་ལ། འཛམ་བུ་གླིང་དུ་འོང་ཡས་ཡིན་གྱིན་འོ་དེ་ཚོད་ལྟའི་དུས་ཚོད་ནས་སྐྱོབ་ཡས་ཡིན།