Biblia Todo Logo
Bìoball air-loidhne

- Sanasan -




མངོན་པ། 12:9 - གློ་བ།

9 འོ་དེ་འབྲུག་ཆེ་གོ་མ་ལ་གཡུགས་པ་ལགས། དེ་ནི་འཇིག་རྟེན་གྱི་མི་གི་རི་ལ་བསླུ་གིན་བདུད་ཡང་ན་སཱ་ཏན་སྨྲས་རེ་སྨྲ་མཁན་ཨེན་མ་ཨེན་མའི་སྦྲུལ་གོ་ལགས། འོ་དེ་ལ་ས་གཞི་རུ་གཡུགས་པ་ལགས། དེ་ནས་འོ་དེ་མུ་ལ་ཁོའི་བང་ཆེན་ཀྱའང་གཡུགས་པ་ལགས།

Faic an caibideil Dèan lethbhreac




མངོན་པ། 12:9
68 Iomraidhean Croise  

དེ་ནས་ཡུགས་སྤུ་བཏབ་ཀྱིན་དགྲ་གོ་བདུད་ལགས། ལོ་ཐོག་སྡུད་ཀྱིན་དུས་ཚོད་གོ་མཐའ་མའི་དུས་ཚོད་ལགས། དེ་ནས་རྔ་མཁན་ཀྱ་ནམ་མཁའི་བང་ཆེན་ཀྱ་ལགས།


གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཟོག་པོ་ཀྱ་དང་མངོན་ཤེས་མཁན་ཟོག་པོ་ཀྱ་མང་ང་འཐོན་གྱི་ལགས། དེ་ནས་ཁོང་ཀྱ་ཡིས་དམི་ཅིག་གི་ཧ་ལས་ཀྱིན་རྟགས་ཀྱ་དང་ལས་ཀ་ཀྱ་སྟོན་ཏེ་མགོ་སྐོར་བཏང་གི་ལགས། དེ་ནས་བྱུང་ན་བདམས་ད་ཀྱ་ལ་མགོ་སྐོར་གྱི་ལགས།


དེ་ནས་རྒྱལ་བོ་ཡིས་ཁོ་རི་གཡོན་ཕྱོགས་ཀྱི་མི་ཀྱ་ལ་དེ་རེ་གསུངས་ཀྱི་ལགས། དམོད་མོ་ཕོག་པ་ཁྱེད་ཀྱ། བདུད་དང་ཁོའི་བང་ཆེན་ཀྱ་ཡི་ཕྱིར་ལ་བཤམས་ཏེ་བཞག་ཞ་མཐའ་མེད་ཀྱིན་མེ་ལ་ང་ནས་འབྲལ་རེ་སོང་།


ད་བདུད་ཀྱིས་ཡེ་ཤུ་ལ་ཚོད་ལྟ་ལེན་ཡས་ཀྱི་ཕྱིར་ལ་དམ་པའི་ཐུགས་ཉིད་ཀྱིས་ཡེ་ཤུ་ལ་རི་སྟོང་དུ་ཁྲིད་མཛད་པ་ལགས།


དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སཱ་ཏན། ཧ་ལ་སོང་། གི་བྱས་རེ་སྨྲ་ན་དེ་རེ་བྲིས་འོད་ད་ལགས། ཁྱོས་གཙོ་བོ་རང་གི་དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ། དེ་ནས་ཁོང་པ་ལ་གཅིག་ཀ་ཞབས་ཕྱི་ཞུས།


དེ་ནས་བདུད་ཀྱིས་ཁོང་པ་ལ་དམ་པའི་རྒྱལ་ས་ཡེ་རུ་ཤ་ལེམ་ལ་ཁྲིད་དེ་དཀོན་མཆོག་གི་མཆོད་ཁང་གི་དབུ་རྩེར་རུ་བཞག་སྟེ།


ཡང་ད་བདུད་ཀྱིས་ཁོང་པ་ལ་དམི་ཅིག་གི་རི་མཐོ་བ་གཅིག་ལ་ཁྲིད་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གི་རི་དང་འདིའི་གཟི་བརྗིད་གི་རི་སྟོན་ཏེ།


ཡེ་ཤུ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། ངས་ནམ་མཁའི་ཞིང་ཁམས་ནས་གློག་འཁྱུག་གི་འོད་བརྒྱབ་ཀྱིན་ཅོག་རེ་སཱ་ཏན་ལྷིམ་ཏེ་འོང་གིན་གོ་མཐོང་སོང་།


ད་འདི་སྐྱེས་དམན་ཨབ་ར་ཧམ་གྱི་བུ་མོ་དེ་སཱ་ཏན་གྱི་ལག་ཀ་ལ་ལོ་བཅོ་བརྒྱད་ཐུག་པའི་ཤོར་འོད་ད་ལགས། དེ་ནས་ངལ་གསོ་གིན་ཉིན་མ་ལ་མོ་ལ་འོ་དེའི་ལག་ཀ་ནས་བཀྲོལ་མེད་ཆོག་བ་ལེ།


དེ་ནས་ཉེ་གནས་བཅུ་གཉིས་ནས་ཨཱིས་ཀ་རི་ཨཱོད་སྨྲ་གིན་ཡུ་དཱའི་སེམས་ནང་དུ་སཱ་ཏན་འཛུལ་བ་ལགས།


འོ་དེ་གཤམ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སི་མོན། སི་མོན། དུ་རུ་ཉན། སཱ་ཏན་གྱིས་ཁྱོད་ལ་གྲོ་ཅོག་རེ་འོ་འཕྱར་ཡས་ལ་ཞུས་འདུག།


ལམ་ཁ་ལ་ཐོར་གྱིན་ས་ང་ཀྱ་བཀའ་གོ་ཚར་མཁན་ཀྱ་ལགས། དེ་ནས་དད་པ་མི་བྱེད་ད་ཤོག། དེ་ནས་མ་སྐྱོབས་བ་ཤོག་སྨྲས་རེ་བདུད་འོངས་རེ་ཁོང་ཀྱ་ཡི་སེམས་ནས་བཀའ་གོ་ཕྲོགས་ཏེ་འགྲོ་བ་ལགས།


ད་འཇིག་རྟེན་གྱི་ཁྲིམས་བཅད་ཡས་ཀྱིས་དུས་བབ་འདུག། ད་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ཕི་ལ་གཡུག་གི་ལགས།


ད་ང་ཁྱེད་ཀྱ་མུ་ལ་ལབ་ཡུན་རིང་མེད་བཏང་། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་འོང་བའི། ངའི་ཐོག་ལ་ཁོ་ལ་དབང་མེད་ད་ལགས།


དེ་ནས་ཁྲིམས་གཅོད་ཀྱི་སྐོར་ལ་སྨྲ་ན། འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ལ་ཁྲིམས་ཕོག་ཚར་ར་ལགས།


ཁྱེད་ཀྱ་ཁྱེད་རི་ཡབ་བདུད་ཀྱི་ལགས། དེ་ནས་ཁྱེད་ཀྱི་ཡབ་ཀྱི་འདོད་པ་བྱེད་ཡས་ལ་ཁྱེད་ཀྱ་འདོད་ད་ལགས། བདུད་ནི་ཐོག་མ་ནས་རང་སྲོག་བཅད་མཁན་དང་བདེན་པ་ལ་འབྲལ་བ་གིའང་མེད་ད་ལགས། གི་བྱས་རེ་སྨྲ་ན་ཁོའི་ནང་བདེན་པ་མེད་ད་ལགས། དེ་ནས་ཁོ་ཟོག་བཤད་མཁན་དང་ཟོག་གི་ཡབ་བྱས་རེ། ཁོས་ཟོག་བཤད་དེ་གང་ལ་རང་གི་གཤིས་ཀ་ལ་བརྟེན་ཏེ་བཤད་ད་ལགས།


ང་ཁྱོད་ལ་ཁོང་ཀྱ་ཡི་མིག་པེ་རེ་ཁོང་ཀྱ་ལ་མུན་ནག་པ་ནས་འོད་ཕྱོགས་ལ་འཁྲིད་དེ་འོངས་ཡས་དང་། བདུད་ཀྱི་དབང་ཆ་ནས་དཀོན་མཆོག་རྩ་རུ་འཁྲིད་དེ་འོངས་ཡས་ལ་བརྫངས་ང་ཡིན། དེ་ནས་ང་ལ་དད་པ་བྱས་རེ་ཁོང་ཀྱ་ལ་ཁོ་རི་སྡིག་པ་ཡི་དགོངས་པ་རག་གི་ལགས། དེ་ནས་ཁོང་ཀྱ་ལའང་དཀོན་མཆོག་གི་མི་ཀྱ་མུ་ལ་བསྡད་ཡས་རག་གི་ལགས།


དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། ཨ་ནན་ཡཱ། ཁྱེད་རི་སེམས་བདུད་ཀྱི་དབང་ཆ་ལ་སྟེར་ཏེ། དམ་པའི་ཐུགས་ཉིད་མུ་ལ་གི་བྱས་རེ་ཟོག་བཤད་ད། ས་བཙོངས་ཙ་ནས་ཨ་ལེ་ཏི་ཏེ་གཅིག་ཁྱོད་རི་མུ་ལ་གི་བྱས་རེ་སྦས་རེ་བཞག་བ།


གི་བྱས་རེ་སྨྲ་ན་དེ་རེ་མི་ཀྱ་ཡིས་འོ་རི་གཙོ་བོ་མཱ་ཤི་ཀའི་ཆེད་དུ་ཞབས་ཕྱི་འབུལ་ལ་མིན་ད། ཡིན་ནའང་རང་གི་ཕོ་བ་ཆེད་དུ་བྱེད་ད་ལགས། དེ་ནས་དེ་རེ་ཀྱ་ཡི་ཁ་མཛེས་བ་དང་། པེ་ལེ་བཤད་དེ་མི་དཀྱུས་མ་ཀྱ་ཡི་སེམས་ཀྱ་བསླུས་ལ་ལགས།


ཞི་བདེའི་དཀོན་མཆོག་གིས་བདུད་སཱ་ཏན་ལ་མགྱོགས་སེ་རང་ཁྱེད་ཀྱ་ཡི་རྐང་པའི་འོག་ལ་བསྣེམ་གྱི་ལགས། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག།


དེ་ནས་དེ་ཧང་སང་གིན་ལབ་མ་ལགས། གི་བྱས་རེ་སྨྲ་ན་བདུད་སཱ་ཏན་གྱིས་འང་། རང་ལ་འོད་ཀྱི་བང་ཆེན་ཡིན་དོག་དོག་བྱེད་ད་ལགས།


ཡིན་ནའང་སྦྲུལ་གྱིས་རང་གི་སྤྱང་གྱུ་ཐོག་ནས་ཧ་ཝ་ལ་བསླུས་ཀྱིན་ཅོག་རེ། མཱ་ཤི་ཀའི་ཆེད་དུ་ཁྱེད་ཀྱ་ཡི་སེམས་དྲང་པོ་དང་། གཙང་མའི་ཐོག་ནས་དམ་ཚིག་འོད་ཀྱིན་གོ་ནས་ཁྱེད་ཀྱ་ཡི་བསམ་བློ་ཀྱ་བསླུ་གྲོ་སྨྲས་རེ་ང་འཇིགས་བའི།


ང་ལ་མངོན་གྱིན་གསལ་སྟོན་གོ་རྒྱ་ཆེ་བྱས་རེ་ང་རང་ལ་དམི་ཅིག་གི་ཆེ་མ་རྩི་བ་ཤོག་སྨྲས་རེ། ངའི་ལུས་ལ་ཚེར་མ་གཅིག་གནང་སོང་། དེ་ནས་དེ་ནི་ང་ལ་སྡུག་པོ་བཏང་ཡས་ལ་བདུད་སཱ་ཏན་གྱི་བང་ཆེན་གཅིག་ལགས།


དེ་ནི་བདུད་སཱ་ཏན་གྱིས་འོ་རང་ལ་མགོ་སྐོར་མེད་བཏང་ཡས་ཀྱི་ཆེད་དུ་བྱས་བ་ལགས། གི་བྱས་རེ་སྨྲ་ན་ཁོའི་ཇུས་ཀྱ་ཡི་སྐོར་ལ་འོ་རང་གིས་མེད་ཤེས་ཀྱིན་མ་ལགས།


ཁོང་ཀྱ་ཡི་སྐོར་ལ་བཤད་དགོས་ན། དཀོན་མཆོག་གི་དབྱིབས་ཡིན་གྱིན་མཱ་ཤི་ཀའི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཁོང་ཀྱ་ལ་མཐོང་དུ་མི་བཅུག་ཡས་ལ། འདི་འཇིག་རྟེན་གྱི་ལྷ་ཡིས་དད་པ་མི་བྱེད་མཁན་ཀྱ་ཡི་སེམས་ཞ་ར་ཀྱ་ལད་མོ་མེད་མཐོང་གིན་བཟོས་འོད་ད་ལགས།


ད་འོ་རང་དེ་ནས་ཧ་ལ་མིའི་གཡོ་སྒྱུ་ནས། དེ་ནས་བསླུ་བྲིད་འོག་ལ་ཆུད་དེ། རྦ་རླབས་ཀྱ་ཡིས་ཧ་ལ་ཚུར་ལ་གཡོས་ཡ་དང་། ལྟ་བ་ལོག་པ་སྣ་ཚོགས་ཀྱིས་དཀྲུགས་ཀྲ་ཕྲུ་བ་ཀྱ་ཅོག་རེ་མི་བྱུང་བ།


སུས་གཅིག་འང་ཁྱེད་ཀྱ་ལ་གི་ཐོག་ནས་མགོ་སྐོར་དུ་མ་བཅུག གི་བྱས་རེ་སྨྲ་ན་དང་པོ་ངོ་ལོག་བྱེད་མཁན་དང་། ཁྲིམས་ནས་འབྲལ་མཁན་གཏོར་སྐྱོན་གྱི་མི་མ་སྟོན་གྱིན་ཐུག་པའི། འོ་དེ་ཉིན་མ་དེ་འོང་གི་མ་ལགས།


དེ་ནས་བདུད་ཀྱིས་ཨ་དམ་ལ་བསླུས་བ་མིན་ད་བུ་མོ་ལ་བསླུས་བ་ལགས། དེ་ནས་བུ་མོ་གོ་སྡིག་པའི་ནང་དུ་ཆུད་པ་ལགས།


ཡིན་ནའང་མི་ངན་པ་ཀྱ་དང་ཟོག་བྱེད་མཁན་ཀྱ་གཞན་མ་ཀྱ་ལ་མགོ་བ་སྐོར་ཏེ། དེ་ནས་རང་མགོ་སྐོར་ལ་ཆུད་དེ། སྡུག་ཏུ་སྡུག་ཏུ་འགྲོ་གི་ལགས།


འཆི་བ་ཡི་ཐོག་ནས་འཆི་བ་ཡི་བདག་པོ་བདུད་ལ་ཁོང་གིས་མེད་ད་ལ་མཛད་ཡས་དང་། འཆི་བའི་འཇིགས་སྐྲག་གི་མི་ཚེ་གང་ཚང་བྲན་གཡོག་ལ་ཤོར་ཤ་ཀྱ་ལ། ཁོང་པ་ཡིས་ཐར་བ་མཛད་ཡས་ཀྱི་ཕྱིར་ལ། བུ་ཕྲུག་ཀྱ་ཤ་ཁྲག་གི་ལུས་ལ་བྱས་རེ་ཁོང་པ་ཡིས་འང་མིའི་ལུས་བསྣུམས་པ་ལགས།


ཁྱེད་ཀྱ་རང་ཚོད་ཟིམ་ཏེ་སྤྱང་རྫེ་བྱེད། ཁྱེད་ཀྱ་ཡི་དགྲ་ཡིན་གྱིན་བདུད་ནི་ངར་སྐད་སྟོན་གྱིན་སེང་གེ་ཅོག་རེ། སུ་ལ་རྙེད་དེ་ཟ་གུ་ནུང་སྨྲས་རེ་བཙལ་རེ་རྒྱུག་བ་ལགས།


འོ་རང་དཀོན་མཆོག་ནས་ལགས། དེ་ནས་འཇིག་རྟེན་གི་རི་བདུད་ཀྱི་དབང་འོག་ལ་འོད་ད་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།


ཡིན་ནའང་ནམ་མཁའི་བང་ཆེན་གཙོ་མི་ཀ་ཨེལ་གྱིས་མོ་ཤེའི་ཕུང་པོའི་སྐོར་ལ་བདུད་མུ་ལ་རྩོད་གླེང་བྱེད་འདིག་གང་ལ། ཁོ་ལ་སྐུར་བ་འདེབས་ཏེ་སྐྱོན་འཛུགས་བཀལ་ཡས་ཀྱི་བློ་ཁོག་མ་བྱས་བ། ཡིན་ནའང་གཙོ་བོ་ཡིས་ཁྱོད་ལ་བཀའ་བཀྱོན་མཛད་ད་ཤོག་སྨྲས་རེ་གསུངས་བ་ལགས།


འོ་བྱས་རེ་ནམ་མཁའི་ཞིང་ཁམས། དང་འོ་དུ་རུ་བཞུགས་ཀྱིན་ཁྱེད་ཀྱ་དགའ་སྤྲོ་བྱེད། ཡིན་ནའང་ས་གཞི་དང་རྒྱ་མཚོ་དེ་མྱངས་བ་ལི། གི་བྱས་རེ་སྨྲ་ན་རང་གི་དུས་ཚོད་ཉུང་ང་འོད་ཀྱིན་གོ་ཤེས་རེ། བདུད་གོ་ཁོང་ཁྲོ་ཆེ་ལངས་རེ་ཁྱེད་ཀྱི་རྩ་རུ་མ་ལ་འོངས་འོད་ད་ལགས།


དེ་ནས་ནམ་མཁའི་ཞིང་ཁམས་དུ་རྟགས་གཞན་མ་གཅིག་མཐོང་བ་ལགས། མགོ་བ་བདུན་དང་རྭ་ཀྱོག་བཅུ་བྱས་བྱ། དེ་ནས་མགོ་བ་བདུན་པོའི་ཁར་ལ་ཅོད་པན་རེ་རེ་གོན་ག་འབྲུག་དམར་བོ་ཆེ་གཅིག་མཐོང་བ་ལགས།


དེ་ནས་ནམ་མཁའི་ཞིང་ཁམས་དུ་དམག་བྱུང་བ་ལགས། དེ་ནས་མི་ཀ་ཨེལ་དང་ཁོའི་བང་ཆེན་ཀྱ་དང་འབྲུག་དང་། འོ་དེའི་བང་ཆེན་ཀྱ་གུང་དུ་དམག་འཐྲབས་པ་ལགས།


ཡིན་ནའང་འོ་དེ་འབྲུག་དང་ཁོའི་བང་ཆེན་ཀྱ་ཕམ་པ་ལགས། དེ་ནས་ཁོང་ཀྱ་ལ་ནམ་མཁའི་ཞིང་ཁམས་དུ་བསྡད་དུ་མ་བཅུག་པ་ལགས།


དེ་ནས་སེམས་ཅན་དང་པོའི་ཚབ་ལ་ཧང་སང་གིན་རྟགས་ཀྱ་སྟོན་ཡས་ཀྱི་ནུས་མཐུ་ཁོ་ལ་སྟེར་འོད་ད་ལགས། དེ་ནས་འདིའི་ཐོག་ནས་འོ་དེ་ཡིས་ས་གཞིའི་མི་ཀྱ་ལ་བསླུས་བ་ལགས། དེ་ནས་རལ་གྲི་གིས་རྨ་བཟོས་རེའང་གསོན་པོ་བྱུང་བྱ་སེམས་ཅན་དང་པོ་ལ་དམིགས་ཏེ་སྐུ་བཟོ་ཡས་ལ་འོ་དེ་ཡིས་མི་ཀྱ་ལ་བསྐུལ་བ་ལགས།


དེ་ཀྱ་ནི་ཧ་ལས་བ་རྟགས་ཀྱ་སྟོན་གྱིན་འདྲེའི་སེམས་ཉིད་ཀྱ་ལགས། ཀུན་དབང་དཀོན་མཆོག་གི་ཉིན་མ་ཁག་ཆེེ་གོ་ལ་དམག་འཐྲབ་ཡས་ཀྱི་ཆེད་དུ། དེ་སེམས་ཉིད་ཀྱ་འཛམ་བུ་གླིང་གི་རིའི་རྒྱལ་བོ་ཀྱ་རྩ་རུ་སོང་རེ་ཁོང་ཀྱ་ལ་རུབས་པ་ལགས།


དེ་ནས་འོ་དེ་ཡིས་གསུང་སྐད་ཆེ་ལ་དེ་རེ་གསུངས་བ་ལགས། མེད་ད་ལ་ལ་སོ། རྒྱལ་ས་ཆེ་བཱ་བི་ལོན་གོ་མེད་ད་ལ་ལ་སོ། མོ་ནི་འདྲེ་ཀྱ་ཡི་གནས་ས་བྱུང་འདུག། དེ་ནས་སེམས་ཉིད་མེད་གཙང་ང་སྣ་ཚོགས་ཀྱི་གནས་ས། དང་བྱ་མེད་གཙང་ང་སྣ་ཚོགས་ཀྱི་གནས་ས། དེ་ནས་སེམས་ཅན་མེད་གཙང་ང་དང་ཨམ་ལོག་བ་སྣ་ཚོགས་ཀྱི་གནས་ས་བྱུང་འདུག།


གློག་གི་འོད། ཁྱོའི་ནང་དུ་ཡང་ནམ་མའང་མེ་འབར་གྱི་ལགས། མག་པ་དང་བག་མའི་སྐད། ཁྱོའི་ནང་དུ་ཡང་ནམ་མའང་མེད་གོ་གི་ལགས། གི་བྱས་རེ་སྨྲ་ན་ཁྱོའི་འཚོང་པ་ཀྱ་ས་གཞིའི། མི་ཁག་ཆེ་ཀྱ་ལགས། དེ་ནས་ཁྱོས་མཐུ་བརྒྱབ་སྟེ་མི་རིགས་གི་རི་ལ་བླུས་བ་ལགས།


དེ་ནས་འོ་དེ་སེམས་ཅན་དང་འོ་དེའི་ཚབ་ལ་ཧང་སང་གིན་ལས་ཀ་སྟོན་གྱིན། མངོན་ཤེས་མཁན་ཟོག་པོ་གཉིས་ཀ་ར་ལ་ཟིམ་པ་ལགས། དེ་ནས་འོ་དེ་མངོན་ཤེས་མཁན་ཟོག་པོ་ཡིས་རང་གི་ཧང་སང་གིན་ལས་ཀ་ཀྱ་ཡི་ཐོག་ནས། འོ་དེ་སེམས་ཅན་གྱི་རྟགས་ལེན་ལ་དང་། འོ་དེའི་སྐུ་ལ་ཕྱག་མཆོད་པ་འབུལ་མཁན་ཀྱ་ལ་བསླུ་འོད་ད་ལགས། དེ་གཉིས་ཀ་ར་ལ་མེ་འབར་ཏེ་བསྡད་ད་མུ་ཟིའི་མཚོ་ལ་གསོན་པོ་གཡུགས་པ་ལགས།


བདུད་སཱ་ཏན་གྱི་ཁྲི་འོད་ས་རུ་ཁྱེད་ཀྱ་གནས་ལ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། དེ་རེ་ཡིན་ནའང་ཁྱེད་ཀྱ་ངའི་མིང་གི་དོན་དུ་བརྟན་པོ་གནས་ལ་ལགས། དེ་ནས་བདུད་སཱ་ཏན་གནས་ས་ཁྱེད་ཀྱི་རྒྱལ་ས་རུ་ངའི་བློ་གཏད་འོད་ཀྱིན་དཔང་པོ་ཨན་ཏི་པཱ་གོ་ལ་བསད་པ་ལགས། དེ་ནས་འོ་དེ་གང་གི་ཉིན་མ་ཀྱ་ལའང་ཁྱེད་ཀྱ་ཡིས་རང་གི་དད་པ་མ་སྤངས་སོང་།


ཡིན་ནའང་འདི་ཆོས་ལ་མི་བརྩིས་ཀྱིན་དང་བདུད་སཱ་ཏན་གྱི་གསང་བ་གཏིང་རིང་ང་ཀྱ་མེད་སྦྱངས་ཀྱིན། ཁྱེད་ཐི་ཡ་ཏི་རཱ་རུ་འོད་མཁན་ཁྱེད་ཀྱ་ལ་སྨྲ་ཡིན། ང་ཁྱེད་ཀྱ་ལ་ཁུར་གཞན་མ་གིའང་བཀལ་ཡས་མིན།


ཁྱོའི་སྡུག་པོ་ཀྱ་དང་ཁྱོད་དབུལ་སྤྲེ་འོད་ཀྱིན་གོ་ང་ལ་ཤེས་ཡས་འོད། ཡིན་ནའང་ཁྱོད་ནི་ཕྱུག་པོ་རང་འདུག། དེ་ནས་ཡ་ཧུ་དཱ་པ་མིན་ད་ལ་རང་ལ་ཡ་ཧུ་དཱ་པ་ཡིན་སྨྲས་རེ་སྨྲ་མཁན་ཀྱ་ལ་ངས་ངོ་ཤེས་ལི་འོད། དེ་ནས་ཁོང་ཀྱ་ཡིས་སྨད་སྤྲ་བཏང་གིན་གོ་ང་ལ་ཤེས་ཡས་འོད། ཁོང་ཀྱ་ནི་བདུད་ཀྱི་ཚོགས་ཁང་ལགས།


དེ་ནས་ཁོང་ཀྱ་ལ་བསླུ་གིན་འོ་དེ་འདྲེ་གོ་སེམས་ཅན་དང་མངོན་ཤེས་མཁན་ཟོག་པོ་གོའང་། འོད་ས་མེ་དང་མུ་ཟིའི་མཚོ་ནང་དུ་གཡུགས་པ་ལགས། འོ་དུ་རུ་ཁོང་ཀྱ་རྒྱུན་ནས་རྒྱུན་དུ་ཉིན་མཚན་སྡུག་པོ་མྱངས་ཀྱི་ལགས།


དེ་ནས་ས་གཞིའི་ཕྱོགས་བཞི་ཀ་ར་ལ་འོད་ཀྱིན་མི་རིགས་ཀྱ་ཡང་ན་གོག་དང་མཱ་གོག་ཀྱ་ལ་བསླུ་ཡས་དང་། དམག་གི་ཆེད་དུ་རུག་ཡས་ལ་འོ་དེ་སཱ་ཏན་ཐོན་ཏེ་འོང་གི་ལགས། དེ་ནས་ཁོང་ཀྱ་ཡི་གྲངས་ཀ་རྒྱ་མཚོའི་བེ་མ་ཅོག་རེ་འོང་གི་ལགས།


ལྟོས་དང་། བདུད་སཱ་ཏན་གྱིས་ཚོགས་ཁང་གི་ཡིན་གྱིན། དེ་ནས་རང་ལ་ཡ་ཧུ་དཱ་པ་མིན་ད་ཡིན་སྨྲས་རེ་སྨྲ་མཁན་ཟོག་པོ་ཀྱ་ལ་ང་ཁྱེད་ཀྱ་རྩ་རུ་འོང་དུ་བཅུག་སྟེ། ཁྱེད་ཀྱི་རྐང་པའི་གདོང་དུ་ཕྱག་འཚལ་རུ་བཅུག་ཡས་ཡིན། དེ་ནས་ངས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་གོ་ཁོང་ཀྱ་ཡིས་ཧ་གོ་གི་ལགས།


དེ་ནས་ནམ་མཁའི་བང་ཆེན་ལྔ་བ་ཡིས་རང་གི་དུང་ཆེན་གོ་བུས་བ་ལགས། དེ་ནས་ངས་ནམ་མཁའ་ནས་ས་ལ་ལྷིམ་ལ་སྐར་མ་གཅིག་མཐོང་སོང་། འོ་དེ་ལ་མཐིལ་མེད་ཀྱིན་དོང་དོང་གི་ལྡེ་མིག་གོ་གནང་བ་ལགས།


དེ་སྡུག་པོའི་ཐོག་ནས་མ་ཤི་ཤ་མི་ལྷག་མ་ཀྱ་ཡིས་དོ་རང་འང་རང་གི་ལག་པའི་ལས་ཀ་ཀྱ་ལ་སྤངས་རེ་སེམས་མ་བསྒྱུར་པ་ལགས། དེ་ནས་ཁོང་ཀྱ་ཡིས་འདྲེ་ཀྱ་དང་། མཐོང་མི་ཐུབ་ཀྱིན། ཡང་ན་གོ་མི་ཐུབ་ཀྱིན། ཡང་ན་རྒྱུག་མི་ཐུབ་ཀྱིན་གསེར་དང་། དངུལ་དང་། ལི་དིང་དང་། རྡོ་གོང་དང་། ཤིང་གིས་བཟོས་ཟ་སྐུ་འདྲ་ཀྱ་ལ་ཕྱག་མཆོད་པ་འབུལ་ཡས་ལ་འཚམས་མ་བཞག་པ་ལགས།


Lean sinn:

Sanasan


Sanasan