Biblia Todo Logo
Bìoball air-loidhne

- Sanasan -




ཕི་ལིབ་པཱི་པ། 4:8 - གློ་བ།

8 མཐའ་ལ་སྤུན་ཀྱ་བོ། ཁྱེད་ཀྱ་བདེན་པ་གི་ཡིན་གྱིན་དང་། བཀུར་སྟི་གི་ཡིན་གྱིན་དང་། དྲང་པོ་གི་ཡིན་གྱིན་དང་། གཙང་མ་གི་ཡིན་གྱིན་དང་། གཅེས་བ་ཐོབ་དགོས་ཀྱིན་གི་ཡིན་གྱིན་དང་། གུས་ཞབས་ཆེ་གི་ཡིན་གྱིན། དེ་ནས་བཟང་ང་དང་བསྟོད་པ་ཐོབ་དགོས་ཀྱིན་རེས་འོད་ཀྱིན་དོན་ཀྱ་ལ་བསམ་བློ་གཏོང་།

Faic an caibideil Dèan lethbhreac




ཕི་ལིབ་པཱི་པ། 4:8
67 Iomraidhean Croise  

དེ་ནས་ཁོང་ཀྱ་ཡིས་ཁོ་རི་ཉེ་གནས་ཀྱ་ཧེ་རོ་དཱེའི་མི་ཀྱ་མུ་ལ་ཡེ་ཤུ་རྩ་རུ་བརྫངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཞུས་བ་ལགས། རྒན་ལགས། འེ་ཀྱ་ལ་ཤེས་ཡས་འོད། ཁྱེད་རང་ནི་དྲང་པོ་དང་དཀོན་མཆོག་གི་ལམ་དྲང་པོ་སྟོན་འདིག།དེ་ནས་ཁྱེད་རང་མིའི་ངོ་བལྟས་རེ་ཕྱག་ལས་མེད་མཛད་ཀྱིན་བྱས་རེ། ཁྱེད་རང་མི་གཞན་མ་ཡི་བསམ་བློ་ལ་ཡ་མེད་མཛད་ད་ལགས།


གི་བྱས་རེ་སྨྲ་ན་ཧེ་རོ་དཱེ་ཡིས་ཡོ་ཧ་ནན་མི་དྲང་པོ་གཅིག་དང་དམ་པའི་མི་གཅིག་ལགས་སྨྲས་རེ་ཤེས་རེ་ཁོ་ལ་འཇིགས་ཏེ་སྐྱོབ་སྟེ་བཞག་པ་ལགས། ཡོ་ཧ་ནན་གྱི་ལབ་ལ་མཉན་ཏེ་གང་ལ་ཁོ་དམི་ཅིག་གི་མགོ་འཁོར་ར་ལགས། ཡིན་ནའང་ཁོ་ཉམ་མོ་དགྱེས་རེ་ཉན་ད་ལགས།


ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། མི་ཀྱ་ཡི་གདོང་དུ་རང་ལ་དྲང་པོ་སྟོན་གྱིན་གོ་ཁྱེད་རང་ཀྱ་རང་ལགས། ཡིན་ནའང་དཀོན་མཆོག་གིས་ཁྱིད་ཀྱི་སེམས་མཁྱེན་ད་ལགས། མི་ཀྱ་ཡི་གདོང་དུ་མཐོ་བ་རྩི་གིན་གོ་དཀོན་མཆོག་གིས་གཟིགས་སྟངས་ལ་ཨམ་ལོག་བ་འོང་ང་ལགས།


ད་སི་མེ་ཡོན་སྨྲ་གིན་མི་དྲང་པོ་དང་དཀོན་མཆོག་ལ་རྩི་གིན་གཅིག་ཡེ་རུ་ཤ་ལེམ་དུ་འོད་ད་ལགས། ཁོ་ནི་ཡིས་ར་ཨེལ་པ་ཀྱ་ལ་སེམས་གསོ་གནང་མཁན་གོ་ཕེབས་ཡས་དུས་ལ་གུག་སྟེ་བསྡད་འོད་ད་ལགས། དེ་ནས་དམ་པའི་ཐུགས་ཉིད་ཁོའི་མུ་ལ་འོད་ད་ལགས།


ད་འོ་དུ་རུ་ཡུ་དེ་ཡཱའི་ཨ་རི་མ་ཐཱི་ཡ་སྨྲ་གིན་རྒྱལ་སའི་ཡོ་སེབ་སྨྲ་གིན་མི་བཟང་ང་དྲང་པོ་གཅིག་འོད་ད་ལགས། དེ་ནས་ཁོ་ཚོགས་འདུའི་ཚོགས་མི་གཅིག་ལགས། དེ་ནས་ཁོ་ཁོང་ཀྱ་ཡི་གྲོས་དང་ལས་ཀ་ལ་མ་འཆམས་པ་ལགས། ཁོ་དཀོན་མཆོག་གི་རྒྱལ་སྲིད་ལ་རེ་བ་བྱས་རེ་བསྡད་འོད་ད་ལགས།


རང་ལ་བརྟེན་ཏེ་བཤད་ཀྱིན་དེ་རང་གི་སྙན་གྲགས་བཙལ་ལ་ལགས། ཡིན་ནའང་རང་ལ་མངགས་མཁན་གྱི་སྙན་གྲགས་བཙལ་གྱིན་དེ་བདེན་པ་ལགས། དེ་ནས་ཁོའི་ནང་དུ་ཟོག་མེད་ཡོང་ང་ལགས།


ཁོང་ཀྱ་ཡིས་སྨྲས་བ་ལགས། བརྒྱ་དཔོན་ཀོར་ནེ་ལིའུ་ཡིས་འེ་ཀྱ་ལ་བརྫངས་སོང་། ཁོང་དཀོན་མཆོག་ལ་བརྩིས་མཁན་མི་བཟང་ང་གཅིག་ལགས། ཁོང་ལ་ཡ་ཧུ་དཱ་པའི་མི་ཀྱ་ཡིས་དམི་ཅིག་གི་གུས་ཞབས་བྱེད་ད་ལགས། དམ་པའི་བང་ཆེན་གཅིག་གིས་ཁྱེད་རང་གི་གསུངས་ཀྱིན་གོ་ཉན་ཡས་ལ་ཁྱེད་རང་ལ་ཁོ་རི་ནང་དུ་ཕེབས་བསུ་ཞུས་སྨྲས་རེ་གསུངས་བ་ལགས།


དེ་ནས་འོ་དེ་རྒྱལ་ས་རུ་ཨ་ནན་ཡཱ་སྨྲ་མཁན་མི་གཅིག་བསྡད་ད་ལགས། ཁོ་ཆོས་ཁྲིམས་ལ་བརྩིས་མཁན་མི་དྲང་པོ་དང་། འོ་དུ་རུ་བསྡད་མཁན་ཡ་ཧུ་དཱ་པ་ཀྱ་གི་རི་ཡིས་བརྩིས་མཁན་མི་གཅིག་ལགས།


འོ་བྱས་རེ་སྤུན་ཟླ་ཀྱ་བོ། ཁྱེད་རང་ཀྱ་ནང་ནས་དམ་པའི་ཐུགས་ཉིད་ཀྱིས་ཁངས་ཁ་སྨྲས་རེ་ཤེས་ཀྱིན་དང་། ཤེས་རབ་ཀྱིས་ཁངས་ཁ་མི་བདུན་འདོམས། དེ་ནས་འེ་ཀྱ་དེ་བཟའ་མ་ཡི་རྩི་ཁོང་ཀྱ་ལ་བརྒྱབ་ཡས་ཡིན།


ཉིན་མོ་ཅོག་རེ་འོ་རང་སྤྱོད་པ་བཟང་པོ་བྱེད་དགོས། སྤྱོད་པ་མེད་ཀྱིན་བཞུགས་གྲལ་ཀྱ་དང་། བཟི་ཡས་དང་། ལོག་གཡེམ་དང་། འདོད་ཆགས་དང་། ཕྲུག་པ་དང་། ཕྲག་དོག་བྱེད་ཡས་མ་ལགས།


གི་བྱས་རེ་སྨྲ་ན་གཞུང་གི་དཔོན་པོ་ཀྱ་ཡིས་བཟང་པོ་བྱེད་མཁན་ཀྱ་ལ་མིན་ད། ཡིན་ནའང་ངན་པ་བྱེད་མཁན་ཀྱ་ལ་འཇིགས་སྐྲག་བསྐུལ་ལ་ལགས། ད་ཁྱོད་དཔོན་པོ་ཀྱ་ཡི་འཇིགས་སྐྲག་འོག་ལ་བསྡད་འདོད་མེད་དེ། འོ་རེ་ཡིན་ན་བཟང་ང་ཡིན་གྱིན་གོ་བྱེད། དེ་ནས་ཁྱོད་ལ་ཁོང་ཀྱ་ནས་བསྟོད་སྒྲ་འཐོབ་ཀྱི་ལགས།


དེ་ནས་འདིའི་སྒོ་ནས་མཱ་ཤི་ཀ་ལ་ཞབས་ཕྱི་ཞུ་མཁན་གོ་ལ་དཀོན་མཆོག་གིས་ཐུགས་མཉེས་བོ་བརྩི་གི་ལགས། དེ་ནས་མི་ཀྱའང་དགའ་གི་ལགས།


ཡིན་ནའང་ཡ་ཧུ་དཱ་པ་དངོས་གནས་གོ་སེམས་ནང་ནས་ཡ་ཧུ་དཱ་པ་ཡིན་མཁན་གོ་ལགས། དེ་ནས་ལྤགས་བོ་བཅད་ཀྱིན་སྲོལ་དངོས་གནས་གོ་བྲིས་བྲ་ཆོས་ཁྲིམས་ནས་མིན་ད། དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་བྱུང་གིན་སེམས་ཉིད་ཀྱི་ལབ་ལགས། དེ་རེ་མིའི་བསྟོད་སྒྲ་ནི་མི་ནས་མིན་ད། དཀོན་མཆོག་ནས་འབྱུང་གི་ལགས།།


འོ་བྱས་རེ་བཀོད་ཀ་དུས་གོ་མ་བབས་ཀྱིན་ཨེན་ལ་མི་སུའི་འང་ཁྲིམས་མ་བཅད། དེ་ནས་གཙོ་བོ་ཕེབས་ཀྱིན་ཐུག་པའི་གུག་སྟེ་སྡོད། ཁོང་པ་ཡིས་མུན་ནག་གི་ནང་སྦས་རེ་བཞག་ཞ་ལབ་གི་རི་འོད་ལ་མངོན་མཛད་ཀྱི་ལགས། དེ་ནས་མིའི་སེམས་པའི་འཆར་གཞི་ཀྱ་མངོན་མཛད་ཀྱི་ལགས། དེ་ནས་འོ་དེ་གང་ལ་མི་རེ་རེའི་དཀོན་མཆོག་ནས་རང་གི་བསྟོད་པ་འཐོབ་ཀྱི་ལགས།


ཁྱེད་ཀྱ་ཡིས་ལས་ཀ་ངན་པ་གིའང་མི་བྱེད་ད་ཤོག་སྨྲས་རེ། འེ་ཀྱ་དཀོན་མཆོག་ལ་སྨོན་ལམ་ཞུས་འོད། དེ་ནི་འེ་ཀྱ་ཚོད་ལྟ་ནས་ཐར་ཐ་ཅོག་རེ་མཐོང་ཡས་ཀྱི་ཆེད་དུ་མ་ལགས། ཡིན་ནའང་འེ་ཀྱ་ཚོད་ལྟ་ལ་མེད་ཐར་གྱིན་གོ་མཐོང་ནའང་། ཁྱེད་ཀྱ་ཡིས་བཟང་ང་གི་ཡིན་གྱིན་གོ་བྱེད་ད་ཤོག་སྨྲས་རེ་ལགས།


དེ་ནས་གཟི་བརྗིད་དང་དམའ་འབེབས། དེ་ནས་སྨད་སྤྲ་དང་བསྟོད་སྒྲ་ཡི་ཐོག་ནས་སྟོན་ད་ཡིན། འེ་ཀྱ་ལ་བསླུ་བྲིད་ཅོག་རེ་རྩི་བ་ལགས། ཡིན་ནའང་འེ་ཀྱ་དྲང་པོ་འོད།


དེ་ནས་གཏམ་བཟང་བཤད་ཡས་ལ་ཆོས་ཚོགས་གི་རི་ལ་དམི་ཅིག་གི་སྐད་གྲགས་ཆེ་འོད་ཀྱིན་སྤུན་གོའང་ཁོའི་མུ་ལ་བརྫངས་ང་ཡིན།


གི་བྱས་རེ་སྨྲ་ན་གཙོ་བོའི་དམིགས་བ་རུ་གཅིག་ཀ་མིན་ད། ཡིན་ནའང་མི་ཀྱ་ཡི་གདོང་དུའང་། འེ་ཀྱ་བཟང་ང་གི་ཡིན་གྱིན་གོ་བྱེད་ཡས་ཀྱི་དམིགས་ཡུལ་བཞག་བའི་འོད།


ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཀྱ་བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། བཟོད་པ་དང་། སྙིང་རྗེ་དང་། བཟང་པོ་དང་། བློ་བཀལ་ཐུབ་ཀྱིན་དང་།


འོ་བྱས་རེ་ཟོག་སྤངས་རེ་ཁྱེད་རེ་རེ་ཡིས་རང་གི་ཁྱིམ་མཚེས་མུ་ལ་ལབ་བདེན་པ་ཤོད། གི་བྱས་རེ་སྨྲ་ན་འོ་རང་ལུས་གཅིག་པའི་ཡན་ལག་ཀྱ་ལགས།


(གི་བྱས་རེ་སྨྲ་ན་འོད་ཀྱི་འབྲས་བུ་ཀྱ་ནི་བཟང་ང་དང་། དྲང་ང་དང་། བདེན་པ་ཡིན་གྱིན་གི་རི་ནང་ཐོབ་པ་ལགས།)


འོ་བྱས་རེ་བརྟན་པོ་གནས་ཡས་ལ་ཁྱེད་རི་རྐེད་པ་ལ་བདེན་པའི་སྐེད་རགས་རེ། དེ་ནས་དྲང་བདེན་གྱི་བྲང་ཁྲབ་གོན།


ངའི་སྤུན་ཀྱ་བོ། གཙོ་བོའི་ནང་དགའ་སྤྲོ་བྱེད། ཁྱེད་ཀྱ་ལ་ཙོག་བའི་ལབ་དེ་ལྡབ་ལེ་བྲིས་ཡས་ལ་ང་ན་མི་སུན་འདག། དེ་ནས་དེ་ཁྱེད་ཀྱ་ཡི་སྲུང་སྐྱོབ་ཀྱི་ཕྱིར་ལ་ལགས།


གོ་སྐབས་གི་ཐོབ་ན་བེད་སྤྱོད་བཟང་པོ་བྱས་རེ་མཱ་ཤི་ཀ་བ་མིན་མཁན་ཀྱ་མུ་ལ་སྤྱང་ཛེ་བྱས་རེ་སྤྱོད་པ་བྱེད།


དེ་རེ་བྱེད་ན་དད་པ་མི་བྱེད་མཁན་ཀྱ་ཡིས་ཁྱེད་རི་མི་ཚེ་བསྐྱལ་སྟངས་ལ་གུས་ཞབས་བྱེད་ཀྱི་ལགས། དེ་ནས་ཁྱེད་ཀྱ་མི་གཞན་མ་ལ་རེ་མེད་དགོས་ཀྱི་ལགས།


ཁོང་ཀྱ་ཡི་སྐྱེས་དམན་ཀྱ་འོ་བྱས་རེ་རང་ཡ་རབས་དང་། ཕྲ་མ་མི་བྱེད་ཀྱིན་དང་། བསམ་བློ་མཐོང་ང་དང་། གི་རི་ལ་དྲང་པོ་འོང་དགོས་ཀྱི་ལགས།


ཁོ་རང་གི་ཕྲུ་བ་ཀྱ་ལ་གི་རི་ནས་ཡ་རབས་ཀྱི་ཐོག་ནས་ཁ་ལ་ཉན་པོ་བཟོས་རེ། རང་གི་ནང་མི་ལ་ག་མོ་མ་སྐྱོང་དགོས་ཀྱི་ལགས།


ཁྱོད་གཞོན་པ་བྱས་རེ་སུས་འང་ཁྱོད་ལ་མཐོང་ཆུང་བྱེད་དུ་མ་ཆུག། ཡིན་ནའང་དད་པ་བྱེད་མཁན་ཀྱ་ཡི་གདོང་དུ་ཁྱོའི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་དང་། གཙང་མའི་སྒོ་ནས་རང་ལ་དཔང་པོ་གཅིག་སྟོན།


དེ་ནས་མོས་ཕྲུ་བ་ཀྱ་གསོ་སྐྱོང་བྱས་བྱ་དང་། མགྲོན་པོ་ཀྱ་ལ་བྱམས་པ་བྱས་བྱ་དང་། དད་པ་བྱེད་མཁན་དམ་པ་མི་ཀྱ་ཡི་ཞབས་འཁྲུད་ཁྲ་དང་། སྡུག་པོ་མྱངས་མཁན་ཀྱ་ལ་རོགས་བ་བྱས་བྱ་དང་། ལས་བཟང་ང་གི་རི་ལ་དོ་སྣང་སྟེར་ཏ། དེ་རེ་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མོའི་མིང་གྲགས་ཆེ་འོང་དགོས་གུ་ལགས།


དང་། རྒས་མོ་ཀྱ་ལ་ཨ་མ་ཀྱ་ཅོག་རེ། དེ་ནས་ན་ཆུང་མ་ཀྱ་ལ་ནུ་མོ་ཀྱ་ཅོག་རེ་སེམས་གཙང་མའི་སྒོ་ནས་སྤྱོད་པ་བྱེད།


ཡིན་ནའང་ཁོ་མགྲོན་ལ་ཕེབས་བསུ་ཞུ་ཡས་ལ་དགའ་གིན་དང་། ལས་བཟང་པོ་བྱེད་ཡས་ལ་དགའ་གིན་དང་། རང་ཚོད་ཟིམ་གྱིན་དང་དྲང་པོ་དང་། དམ་པ་དང་སྤྱོད་པ་དྲུང་ང་འབྱུང་དགོས་ཀྱི་ལགས།


དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས།


མི་རྒན་པ་ཀྱ་རང་ཚོད་ཟིམ་གྱིན་དང་། ཡ་རབས་དང་། བསམ་བློ་མཐོང་ང་དང་། དེ་ནས་དད་པ་དང་། བྱམས་པ་དང་། བཟོད་པ་ལ་བརྟན་པོ་འོང་དགོས་ཀྱི་ལགས་སྨྲས་རེ་ཤོད།


ལབ་གི་རི་ལ་རང་རང་ལ་ལས་བཟང་པོའི་དཔེ་སྟོན། ཁྱོད་རི་བསླབ་བྱ་གོ་དྲང་པོ་དང་ཡ་རབས།


ཧ་ཏག་པ་ལ་དགོས་མཁན་ཀྱ་ལ་རོགས་བ་བྱེད་ཐུབ་ཡས་ལ། འོ་རི་མི་ཀྱ་ལས་བཟང་ང་བྱེད་ཡས་ལ། རང་རང་གི་དུས་ཚོད་གོ་ལག་ལེན་བྱེད་དགོས་ཀྱི་ལགས། དེ་ནས་ཁོང་ཀྱ་ཕན་མེད་ཐོགས་ཀྱིན་འབྱུང་གི་མ་ལགས།


གི་བྱས་རེ་སྨྲ་ན་དད་པའི་སྒོ་ནས་རང་དང་པའི་མི་ཀྱ་ལ་དཀོན་མཆོག་གིས་ཐུགས་མཉེས་བོ་མཛད་པ་ལགས།


འི་ཀི་ཆེད་དུ་སྨོན་ལམ་རྒྱོབ། དེ་ནས་འེ་ཀྱའི་ཤེས་བཟང་གསལ་བོ་དང་། དོན་གི་རི་ལ་འི་ཀིས་དྲང་པོ་བྱེད་ཡས་ཀྱི་འདོད་པ་འོད་ཀྱིན་གོ་འེ་ཀྱ་ལ་ཏེན་ཏེན་ཤེས་ཡས་འོད།


འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་གཙང་མ་དང་སྐྱོན་མེད་ཀྱིན་ཆོས་ནི། དཀའ་ལས་ཕྲད་དེ་བསྡད་ད་དྭོ་སེ་ཀྱ་དང་ཡུགས་ས་མ་ཀྱ་ལ་ལྟ་རྟོག་བྱེད་ཡས་དང་། རང་ལ་འཇིག་རྟེན་གྱི་མེད་གཙང་ང་ནས་སྲུང་ཡས་ལགས།།


ཡིན་ནའང་དཀོན་མཆོག་ནས་འབྱུང་གིན་ཤེས་རབ་ནི་དང་པོ་གཙང་མ་དང་། ཕུན་སུམ་ཅན་དང་། སྐྱོན་མེད་ཀྱིན་དང་། བསམ་བློ་མཐོང་ང་དང་། སྙིང་རྗེ་དང་འབྲས་བུ་བཟང་པོ་ཀྱ་སྟེར་གྱིན། དེ་ནས་ཕྱོགས་རིས་མེད་ཀྱིན་དང་ཟོག་མེད་ཀྱིན་འོང་ང་ལགས།


དཀོན་མཆོག་གི་བདེན་པའི་བཀའ་ལ་རྩི་གིན་གྱི་སྒོ་ནས། ཁྱེད་ཀྱ་ཡིས་རང་གི་སེམས་གཙང་མ་བཟོས་འོད་ད་ལགས། འོ་བྱས་རེ་སྤུན་ཀྱ་ལ་ནམ་པ་དག་པོ་བརྩེ་བ་བྱེད། དེ་ནས་གཅིག་གིས་གཅིག་ལ་སེམས་གཏིང་ནས་རང་བརྩེ་བ་བྱེད།


དེ་ནས་དད་པ་མི་བྱེད་མཁན་ཀྱ་ཡི་ཁོག་ཏུ་སྤྱོད་པ་བཟང་པོ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ངན་པ་བྱེད་ཀྱིན་སྨྲས་རེ་སྐྱོན་བཅུག་བའི་གང་ལ། ཁོང་ཀྱ་ཡིས་ཁྱེད་ཀྱི་ལས་བཟང་ང་ཀྱ་མཐོང་བར་ཤོག། དེ་ནས་དཀོན་མཆོག་ཕེབས་ཡས་ཉིན་མ་ལ་ཁོང་ཀྱ་ཡིས་ཁོང་པ་ལ་བསྟོད་པ་འབུལ་ལ་ཤོག།


དེ་གི་རི་ནས་གལ་ཆེ་ཤོས་གོ་ཁྱེད་ཀྱ་གཅིག་གིས་གཅིག་ལ་སེམས་གཏིང་ནས་བྱམས་པ་བྱེད། གི་བྱས་རེ་སྨྲ་ན་བྱམས་པ་ཡིས་སྡིག་པ་མང་ང་ལ་བཀབ་ཐུབ་བ་ལགས།


གཅེས་བའི་ཀྱ་བོ། འདི་ནི་ངས་ཁྱེད་ཀྱ་ལ་བྲིས་བྲ་ཡིག་གཉིས་བ་གོ་ལགས། དེ་ནས་འདི་ཡིག་གཉིས་ཀ་ར་ངས་ཁྱེད་ཀྱ་ལ་སེམས་དྲང་པོ་སྐྱེས་རུ་བཅུག་ཡས་ལ་དྲན་གསོ་བསླངས་ཡས་ཀྱི་ཆེད་དུ་བྲིས་པ་ལགས།


གཅེས་བའི་ཕྲུ་བ་ཀྱ་བོ། འོ་རང་ཚིག་དང་ཁ་ཡིས་གཅིག་ཀ་བྱམས་པ་མིན་ད། ལག་ལེན་དང་བདེན་པའི་སྒོ་ནས་བྱམས་པ་བྱེད་དོ།


དེ་ནས་ཁོང་པ་གཙང་མ་འོད་ཀྱིན་ཅོག་རེ་ཁོང་གི་ཁར་ལ་དེ་རེ་རེ་བ་བཞག་གིན་གི་རི་ཡིས་རང་ལ་གཙང་མ་བཞག་བ་ལགས།


ངའི་གཅེས་བའི་ཀྱ་བོ། སེམས་ཉིད་འོད་ལེ་ལ་དད་པ་མ་བྱེད། ཡིན་ནའང་འོ་དེ་སེམས་ཉིད་ཀྱ་དཀོན་མཆོག་ནས་ཡིན། ཡང་ན་མིན་སྨྲས་རེ་ཚོད་ལྟ་བྱེད། གི་བྱས་རེ་སྨྲ་ན་འཇིག་རྟེན་དུ་མངོན་ཤེས་མཁན་ཟོག་པོ་མང་ང་ཐོན་ཚར་འདུག།


Lean sinn:

Sanasan


Sanasan