Biblia Todo Logo
Bìoball air-loidhne

- Sanasan -




ཕི་ལིབ་པཱི་པ། 4:5 - གློ་བ།

5 ཁྱེད་ཀྱི་སྤྱོད་པ་ཉམ་ཆུང་འོད་ཀྱིན་གོ་མི་གི་རི་ལ་ཤེས་རུ་ཆུག། གཙོ་བོ་ཕེབས་ཡས་ཡིན་གྱིན་གོ་ཉེ་འདུག།

Faic an caibideil Dèan lethbhreac




ཕི་ལིབ་པཱི་པ། 4:5
25 Iomraidhean Croise  

འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་ཚེའི་ཕྱིར་ལ་གི་ཟ་ཡས། གི་འཐུང་ཡས། དེ་ནས་ལུས་ཀྱི་ཕྱིར་ལ་གི་གོན་ཡས་སྨྲས་རེ་སྡུག་ང་མ་བྱེད། ཟ་མ་ནས་ཁག་ཆེ་མི་ཚེ་དང་། གོས་ལག་ནས་ཁག་ཆེ་ལུས་མ་ལེ།


འོ་བྱས་རེ་ཉེ་དྲོ་གི་ཕྱིར་ལ་སྡུག་ང་མ་བྱེད། གི་བྱས་རེ་སྨྲ་ན་ཉེ་དྲོ་ལ་ཉེ་དྲོ་རང་གི་སྡུག་ང་འོད་ད་ལགས། དི་རིང་གི་སྡུག་ང་དི་རིང་གི་ཕྱིར་ལ་སྒྲིག་ཡས་འདུག།།།


ཡིན་ནའང་ཁྱེད་ཀྱ་སྤྱང་རྗེ་བྱས་རེ་སྡོད། མིན་ན་ཁྱིད་ཀྱི་སེམས་ཉམ་བཏང་ཡས་དང་བཟི་རེ་བསྡད་ཡས་དང་མི་ཚེའི་སྡུང་ང་ཡིས་བསྣེམ་གྱི་ལགས། དེ་ནས་འོ་དེ་ཉིན་མ་གོ་ཧ་ཏག་པ་ལ་རྙི་ལ་འཐེམ་གྱིན་ཅོག་རེ་འོང་གི་ལགས།


གཙོ་བོ་ལ་བརྩེ་བ་མི་བྱེད་མཁན་གོ་ལ་དམོད་མོ་ཕོག་བར་ཤོག།མ་ར་ན་ཐ། (འི་ཀི་གཙོ་བོ་ཁྱེད་རང་ཕེབས་རོགས་གནང་།)


ཁྱེད་ཀྱ་གཅིག་གིས་གཅིག་ལ་ཁམ་མཆུ་བརྒྱབ་ཀྱིན་དེ་རང་ཁྱེད་ཀྱ་འཕམ་གྱིན་ལགས། འོ་རེ་བྱེད་ཡས་ལས་ཁྱེད་ཀྱ་གི་བྱས་རེ་བརྙས་བཅོས་མི་སྒུར་ཡས། གི་བྱས་རེ་མགོ་སྐོར་བཏང་དུ་མི་བཅུག་ཡས།


འོ་བྱས་རེ་ཟ་མ་ཡིས་ངའི་སྤུན་ལ་སྡིག་པ་བྱེད་དུ་བཅུག་ན། ང་ཁོ་ལ་སྡིག་པའི་ནང་ཆུད་དུ་མི་བཅུག་ཡས་ཀྱི་ཆེད་དུ་ནམ་མའང་ཤ་མི་ཟ།།


རྩེད་མོ་ལ་བསྡུར་མཁན་ཀྱ་དོན་གི་རི་ལ་རང་ཚོད་ཟིམ་གྱིན་འོང་ང་ལགས། ཁོང་ཀྱ་མེད་ད་ལ་འགྲོ་གིན་བྱ་དགའ་ཡི་ཆེད་དུ་དེ་རེ་བྱེད་ད་ལགས། ཡིན་ནའང་འོ་རང་ཀྱ་མེད་ད་ལ་མེད་འགྲོ་གིན་བྱ་དགའ་ཡི་ཆེད་དུ་བྱེད་ད་ལགས།


ད་ང་པའུ་ལུ་ང་རང་མཱ་ཤི་ཀའི་ཉམ་ཆུང་དང་འཇམ་གྱི་སྒོ་ནས་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། ཁྱེད་ཀྱ་ཡི་གདོང་དུ་ཉམ་ཆུང་དང་ཁྱེད་ཀྱ་ནས་ཐག་རིང་ང་འོད་ད་རང་བློ་ཁོག་ཆེ་འོད།


གཙོ་བོའི་ཉིན་མ་སླེབས་འདུག་སྨྲས་རེ་སྨྲ་གིན་མངོན་ཤེས་དང་། གཏམ་དང་། འི་ཀི་ཕྱོགས་ནས་ཡིན་གྲོ་སྨྲས་རེ་ཡིག་རེ་འོང་ན། ལས་སླ་མོ་མ་ལ་ཁྱེད་ཀྱ་ཡི་སེམས་འཁྲུག་སྟེ་མ་འཇིགས།


སུའི་སྐོར་ལ་ལབ་ངན་པ་མ་བཤད། དེ་ནས་སྡུག་ག་མ་བཏང་། དེ་ནས་འཇམ་པོ་དང་སྤྱོད་བཟང་ང་བདེན་པ་སྟོན་སྨྲས་རེ་ཁོང་ཀྱ་ལ་ཤོད།


མེ་རིང་འགའ་ཚོགས་འདུ་ལ་འགྲོ་ཉིད་མེད་འདོད་ཀྱིན་འོང་ང་ལགས། ཡིན་ནའང་འོ་རང་ཀྱ་མུ་ལ་འཛོམས་ཡས་ལ་མཚམས་མ་བཞག།ཡིན་ནའང་གཙོ་བོའི་ཉིན་མ་ཉེ་སླེབས་ཀྱིན་གོ་ཁྱེད་ཀྱ་ཡིས་མཐོང་ཐ་བྱས་རེ། ཡོལ་ལེ་ལྷག་གཅིག་གིས་གཅིག་ལ་སེམས་ཤུགས་སྤོར།


གི་བྱས་རེ་སྨྲ་ན་ཏི་ཏེ་ཅིག་ནས། ཕེབས་ཡས་ཡིན་མཁན་གོ་ཕེབས་ཀྱི་ལགས། དེ་ནས་ཁོང་གིས་དལ་ལ་མཛད་ཀྱི་མ་ལགས།


ཁོང་ཀྱ་ཡི་སེམས་ནང་དུ་བཞུགས་མཁན་མཱ་ཤི་ཀའི་ཐུགས་ཉིད་ཀྱིས། མཱ་ཤི་ཀའི་སྡུག་པོ་ཀྱ་དང་འདིའི་གཤམ་ལ་འབྱུང་གིན་གཟི་བརྗིད་ཀྱི་སྐོར་ལ་མངོན་ཤེས་མཛད་དེ་གང་ལ། འོ་དེའི་དུས་དང་གནས་ཚུལ་ཀྱ་ཡི་སྐོར་ལ་ཁོང་ཀྱ་ཡིས་རྩད་གཅོད་བྱས་བ་ལགས།


དོན་གི་རིའི་མཐའ་གོ་ཉེ་སླེབས་འདུག། འོ་བྱས་རེ་ཁྱེད་ཀྱ་སྨོན་ལམ་བརྒྱབ་ཡས་ཀྱི་ཆེད་དུ་རང་ཚོད་ཟིམ་གྱིན་དང་གཟབ་གཟབ་འབྱུང་དགོས།


དེ་ལབ་ཀྱ་ཡིས་དཔང་པོ་མཛད་མཁན་གྱིས་གསུངས་ང་ལགས། དངོས་གནས་རང་ང་མགྱོགས་བ་འོང་བའི་འོད། ཨ་མེན། གཙོ་བོ་ཡེ་ཤུ་ཕེབས་རོགས་གནང་།


ཡེ་ཤུ་ཡིས་གསུངས་ང་ལགས། ལྟོས་དང་། ང་མགྱོགས་བ་འོང་ང་ཡིན། འདི་དེབ་ལ་བྲིས་བྲ་མངོན་ཤེས་ཀྱ་ཡི་བཀའ་སྲུང་མཁན་ཀྱ་བྱིན་རླབས་ཆེ་ལགས།


Lean sinn:

Sanasan


Sanasan