Biblia Todo Logo
Bìoball air-loidhne

- Sanasan -




ཕི་ལིབ་པཱི་པ། 2:11 - གློ་བ།

11 དེ་ནས་ཡབ་དཀོན་མཆོག་ལ་གཟི་བརྗིད་འོང་ཡས་ཀྱི་ཆེད་དུ། ཡེ་ཤུ་མཱ་ཤི་ཀ་རང་གཙོ་བོ་ཡིན་སྨྲས་རེ་ལྕེ་མོ་འོད་ལེ་ཡིས་ཁས་ལེན་བྱེད་ཀྱི་ལགས།

Faic an caibideil Dèan lethbhreac




ཕི་ལིབ་པཱི་པ། 2:11
30 Iomraidhean Croise  

འོ་བྱས་རེ་མི་གདོང་དུ་ང་ལ་ཁས་ལེན་མཁན་ཀྱ་ལ། ང་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་གདོང་དུ་ཁས་ལེན་བྱེད་ཡས་ཡིན།


དི་རིང་དཱ་བིད་རྒྱལ་བོའི་རྒྱལ་ས་ལ་ཁྱེད་རང་ཀྱ་ཡི་ཆེད་དུ་སྐྱབས་མགོན་གཅིག་འཁྲུངས་འདུག། ཁོང་པ་ནི་གཙོ་བོ་མཱ་ཤི་ཀ་གོ་ལགས།


དེ་རེ་བྱས་རེའང་ཡ་ཧུ་དཱ་པ་དཔོན་རིགས་ནང་ནས་མང་ང་ཡིས་ཡེ་ཤུ་ལ་དད་པ་བྱས་བ་ལགས། ཡིན་ནའང་ཁོང་ཀྱ་ལ་ཡ་ཧུ་དཱ་པའི་ཚོགས་ཁང་ནས་བུད་གྲོ་སྨྲས་རེ་ཕཱ་རུ་ཤི་པ་ཀྱ་ལ་འཇིགས་ཏེ་ཁས་ལེན་མ་བྱས་བ་ལགས།


ཁྱེད་ཀྱ་ང་ལ་སློབ་དཔོན་དང་གཙོ་བོ་སྨྲས་རེ་སྨྲ་ལགས། འོ་དེ་ཁྱེད་ཀྱ་བདེན་པ་སྨྲ་ལགས། གི་བྱས་རེ་སྨྲ་ན་ང་འོ་གོ་རང་ཡིན།


ང་ཁྱེད་ཀྱ་ཡིས་སློབ་དཔོན་དང་གཙོ་བོ་བྱུང་རེའང་ཁྱེད་ཀྱ་ཡི་རྐང་པ་འཁྲུད་འོད་ན། ཁྱེད་ཀྱའང་གཅིག་གི་རྐང་པ་གཅིག་གིས་འཁྲུད་དགོས།


ཡབ་ཀྱི་གཟི་བརྗིད་སྲས་ཀྱི་ཐོག་ནས་མངོན་ཡས་ལ། ཁྱེད་ཀྱ་ཡིས་ངའི་མིང་ལ་གི་ཞུས། འོ་དེ་ངས་བྱེད་ཡས་ཡིན།


ཡེ་ཤུ་ཡིས་ཁོ་ལ་བཀའ་ལན་གསུངས་བ་ལགས། ང་ལ་བྱམས་པ་བྱེད་མཁན་གྱིས་ངའི་བཀའ་སྲུང་གི་ལགས། དེ་ནས་ངའི་ཡབ་ཀྱིས་ཁོ་ལ་བྱམས་པ་མཛད་ཀྱི་ལགས། དེ་ནས་ང་དང་ངའི་ཡབ་ཁོ་རྩ་རུ་ཕེབས་ཏེ་ཁོའི་མུ་ལ་གནས་ཡས་ཡིན།


དེ་ནས་ཡེ་ཤུ་ཡིས་དེ་བཀའ་ཀྱ་གསུངས་ཚར་ཏེ་ནམ་མཁའ་ལ་སྤྱན་གཟིགས་ཏེ་གསུངས་བ་ལགས། ཀྱེ་ཡབ། ད་དུས་བབ་སྟེ་སྲས་ཀྱིས་ཁྱེད་རང་གི་གཟི་བརྗིད་མངོན་ཡས་ཀྱི་ཕྱིར་ལ་ཁྱེད་རང་གི་སྲས་ཀྱི་གཟི་བརྗིད་མངོན་དུ་མཛད།


ཐོ་མཱ་ཡིས་ཁོང་པ་ལ་ཞུས་བ་ལགས། ངའི་གཙོ་བོ། ངའི་དཀོན་མཆོག།


ཁོའི་ཕ་མ་ཡིས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ལ་འཇིགས་ཏེ་དེ་རེ་སྨྲས་བ་ལགས། གི་བྱས་རེ་སྨྲ་ན་ཡེ་ཤུ་ལ་མཱ་ཤི་ཀ་སྨྲས་རེ་ཁས་ལེན་མཁན་ཀྱ་ལ་ཚོགས་ཁང་ནས་བུད་དེ་བརྫངས་ཡས་ཀྱི་གྲོས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཨེན་ལ་རང་ཐག་བཅད་འོད་ད་ལགས།


ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་མུ་ལ་ཞི་བདེ་འོད་ཀྱིན་གཏམ་བཟང་དེ། དཀོན་མཆོག་གིས་ཡིས་ར་ཨེལ་པ་ཀྱ་ལ་གནང་ན་བཀའ་དེ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས། དེ་ནས་ཡེ་ཤུ་མཱ་ཤི་ཀ་གི་རིའི་གཙོ་བོ་ལགས།


འོ་བྱས་རེ་ད་ཡིས་ར་ཨེལ་གྱི་མི་གི་རི་ཡིས་དེ་ལབ་ཧ་གོ་དགོས་གུ་ལགས། ཁྱེད་རང་ཀྱ་ཡིས་རྒྱང་ཤིང་དུ་བསད་ས་ཡེ་ཤུ་ལ་རང་། དཀོན་མཆོག་གིས་གཙོ་བོ་དང་མཱ་ཤི་ཀ་གཉིས་ཀ་ར་བསྐོས་མཛད་འོད་ད་ལགས།


གི་བྱས་རེ་སྨྲ་ན་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། གཙོ་བོ་གསུངས་ང་ལགས། ང་གསོན་པོ་གནས་ཀྱིན་ཅོག་རེ། པུས་མོ་འོད་ལེ་ངའི་གདོང་དུ་འཛུགས་ཀྱི་ལགས། དེ་ནས་ལྕེ་མོ་འོད་ལེ་ཡིས་དཀོན་མཆོག་གི་བསྟོད་པ་འབུལ་གྱི་ལགས།


ད་མཱ་ཤི་ཀ་ནི་ཤི་ཤ་དང་གསོན་པོ་གཉིས་ཀ་ར་ཡི་གཙོ་བོ་འབྱུང་ཡས་ཀྱི་ཆེད་དུ་གྲོངས་ང་མཛད་པ་ལགས། དེ་ནས་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས།


འོ་བྱས་རེ་དཀོན་མཆོག་གི་ཐུགས་ཉིད་སྒོ་ནས་ལབ་བཏང་གིན་སུས་འང་ཡེ་ཤུ་ལ་དམོད་མོ་འཕོག་བར་ཤོག་སྨྲས་རེ་མེད་སྨྲ་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གཅིག་ཀ་ཡེ་ཤུ་རང་གཙོ་བོ་ཡིན་སྨྲས་རེ་སྨྲ་ཐུབ་ཀྱི་ལགས་སྨྲ་གིན་ལབ་དེ། ཁྱེད་ཀྱ་ཡིས་ཧ་གོ་གིན་གོ་ང་འདོད་འདིག་འོད།


དང་པོ་མི་གོ་ཐལ་ལ་ཡིས་བཀོད་ཀ་ས་གཞི་ནས་ལགས། དེ་ནས་གཉིས་བ་གོ་ནམ་མཁའི་ཞིང་ཁམས་ནས་ལགས།


ཡིན་ནའང་འོ་རི་ཆེད་དུ་ཡབ་དཀོན་མཆོག་གཅིག་ཀ་འོད་ད་ལགས། ཁོང་ནས་རང་དངོས་པོ་གི་རི་བྱུང་བ་ལགས། དེ་ནས་ཁོང་གི་ཆེད་དུ་རང་འོ་རང་འཚོ་བ་བསྐྱལ་ལ་ལགས། དེ་ནས་གཙོ་བོ་གཅིག་ནི་ཡེ་ཤུ་མཱ་ཤི་ཀ་ལགས། དེ་ནས་ཁོང་གི་ཐོག་ནས་དངོས་པོ་གི་རི་བྱུང་བ་ལགས། དེ་ནས་ཁོང་ནས་འོ་རང་འཚོ་བ་བསྐྱལ་ལ་ལགས།


དེ་ནས་ཁྱེད་ཀྱ་ཁོང་པ་ཡི་སྒོ་ནས་རང་དཀོན་མཆོག་ལ་དད་པ་སྐྱེས་བ་ལགས། དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་གསོན་པོ་མཛད་དེ་ཁོང་ལ་གཟི་བརྗིད་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་ལ་དད་པ་བྱས་རེ་རེ་བ་བྱེད་ད་ལགས།


ཡེ་ཤུ་ལ་དཀོན་མཆོག་གི་སྲས་ལགས་སྨྲས་རེ་སུས་ཁས་ལེན་བྱེད་ན། དཀོན་མཆོག་ཁོའི་ནང་བཞུགས་བ་ལགས། དེ་ནས་ཁོ་དཀོན་མཆོག་གི་ནང་གནས་ཀྱི་ལགས།


ཡེ་ཤུ་མཱ་ཤི་ཀ་སྐུ་ལུས་ལ་ཕེབས་པ་ལགས་སྨྲས་རེ་ཁས་ལེན་བྱེད་ཀྱིན་སེམས་ཉིད་གི་རི་དཀོན་མཆོག་ནས་ལགས། འདིའི་སྒོ་ནས་དཀོན་མཆོག་གི་ཐུགས་ཉིད་ཁྱེད་ཀྱ་ཡིས་ངོ་ཤེས་ལ་ལགས།


གི་བྱས་རེ་སྨྲ་ན་ཡེ་ཤུ་མཱ་ཤི་ཀ་ནི་སྐུ་ལུས་ལ་ཕེབས་ཀྱིན་གོ། ཁས་ལེན་མི་བྱེད་མཁན་མགོ་སྐོར་བཏང་མཁན་མང་ང་འཇིག་རྟེན་དུ་ཐོན་ཚར་འདུག། དེ་རེ་མི་ནི་མགོ་སྐོར་བཏང་གིན་དང་མཱ་ཤི་ཀའི་དགྲ་ལགས།


དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་ཁོང་ཀྱ་ལ་ཅོག་རེ་གོས་དཀར་བོ་བསྐོན་ཡས་ཡིན། དེ་ནས་ཁོའི་མིང་གོ་ང་ཚེ་སྲོག་གི་དེབ་ནས་བསུབ་ཡས་མིན། དེ་ནས་ང་ཁོའི་མིང་ངའི་ཡབ་དང་ཁོང་པའི་བང་ཆེན་ཀྱ་ཡི་དྲུང་དུ་ཁས་ལེན་བྱེད་ཡས་ཡིན།


Lean sinn:

Sanasan


Sanasan