Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 5:5 - གློ་བ།

5 གི་བྱས་རེ་སྨྲ་ན་འདོད་ལོག་བྱེད་མཁན་དང་། ལས་མེད་གཙང་ང་བྱེད་མཁན་དང་། བརྣབ་སེམས་ཅན་གྱི་མི་སུའི་ཡིན་ན། (སྐུ་འདྲ་མཆོད་མཁན་ཀྱ།) མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་ད་མེད་ཐོབ་ཀྱི་ལགས་སྨྲས་རེ། ཁྱེད་ཀྱ་ཡིས་གསལ་བོ་ཤེས་ལ་བྱེད།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 5:5
15 Iomraidhean Croise  

སྙིང་ནག་དང་། ར་བཟི་གིན་དང་། སྤྱོད་པ་མེད་ཀྱིན་བཞུགས་གྲལ་དང་། དེ་རེ་ཅོག་རེ་ལས་ཀ་ཀྱ་ལགས། དེ་རེ་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་རྒྱུད་འཛིན་ཐུབ་ཀྱི་མ་ལགས་སྨྲས་རེ་ངས་ཨེན་ལ་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་ད་ལྟའང་སྨྲ་ཡིན།


རྒྱལ་སའི་ཕི་ལ་ཁྱི་ཀྱ་དང་། ངན་སྔགས་བྱེད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལྷ་སྐུ་འདྲ་ཀྱ་མཆོད་མཁན་ཀྱ་དང་། ཟོག་བཤད་ཡས་ལ་འཐད་མཁན་ཀྱ་དང་། འོ་དེ་ཅོག་རེ་བྱེད་མཁན་ཀྱ་འོད་ད་ལགས།


འོ་བྱས་རེ་ཁྱེད་ཀྱི་ནང་ལ་འོད་ཀྱིན་ལོག་གཡེམ་དང་། མེད་གཙང་ང་དང་། འདོད་ཆགས་དང་། འདོད་ངན་དང་། སྐུ་འདྲ་ལ་མཆོད་ཡས་ཡིན་གྱིན་འདོད་རྔམ་ཅོག་རེ་འཇིག་རྟེན་གྱི་གཤིས་ཀ་ཀྱ་སོད།


ཡིན་ནའང་ཁྱེད་ཀྱ་དཀོན་མཆོག་གི་དམ་པའི་མི་ཀྱ་བྱས་རེ་ཁྱེད་ཀྱི་གུང་དུ་འདོད་ལོག་དང་སྦག་བ་ཤོར་གྱིན་ལས་སྣ་གི་རི། ཡང་ན་བརྣབ་སེམས་ཀྱ་ཡི་མིང་གཅིག་འང་བེད་སྤྱོད་བྱེད་ཡས་མེད་ད་ལགས།


ཡིན་ནའང་སྙིང་ཆུང་ང་ཀྱ་དང་། དད་པ་མེད་ཀྱིན་ཀྱ་དང་། ཨམ་ལོག་བ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། ངན་སྔགས་བརྒྱབ་མཁན་ཀྱ་དང་། ལྷ་སྐུ་འདྲ་མཆོད་མཁན་ཀྱ་དང་། ཟོག་བཤད་མཁན་ཀྱ་གི་རིའི་སྐལ་ད་གོ་མེ་དང་མུ་ཟི་འབར་གྱིན་མཚོ་ལགས། དེ་ནི་འཆི་བ་གཉིས་བ་གོ་ལགས།


ད་སྡིག་ཅན་རང་གཤིས་ཀྱི་ལས་ཀ་ཀྱ་གསལ་བོ་འོད་ད་ལགས། དེ་ཀྱ་ལོག་གཡེམ་དང་། འདོད་ཆགས་ཀྱི་ལས་ཀ་དང་། འདོད་ཆགས་དགའ་གིན་དང་།


མི་གི་རི་ཡིས་གཉེན་སྒྲིག་ལ་རྩི་མཐོང་བྱེད་དགོས། དེ་ནས་ནང་ཚང་གཉིས་ཀྱི་གུང་ལ་ལོག་གཡེམ་མི་འབྱུང་བར་ཤོག། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ལོག་གཡེམ་པ་ཀྱ་དང་འདོད་ལོག་བྱེད་མཁན་ཀྱ་ལ་ཁྲིམས་གཅོད་མཛད་ཀྱི་ལགས།


གི་བྱས་རེ་སྨྲ་ན་དངུལ་ལ་ཆགས་ཀྱིན་གོ་ངན་པ་སྣ་ཚོགས་གི་རིའི་རྩ་བ་ལགས། དངུལ་ལ་འདོད་ངམ་བྱེད་མཁན་རིང་འགའ་རང་གི་དད་པ་སྤངས་རེ། རང་གི་སེམས་ལ་སྡུག་བསྔལ་གྱིས་བཀང་འདུག།


འདི་འཇིག་རྟེན་གྱི་ཕྱུག་པོ་ཀྱ་ལ་ང་རྒྱལ་ཆེ་མ་འབྱུང་། དེ་ནས་བརྟན་པོ་མེད་ཀྱིན་རྒྱུ་ནོར་ལ་མིན་ད། འོ་རང་ལ་སྐྱིད་ད་བྱེད་ཡས་ལ་དགོས་ཀྱིན་གི་རི་མོད་ཆོད་ལི་གནང་གིན། དཀོན་མཆོག་ཁར་ལ་རེ་བ་བྱེད་ཡས་ལ་ཁོང་ཀྱ་ལ་བཀའ་སྟེར།


འི་ཀི་ལས་ཀ་ལ་ཁྱོད་ལ་ཐོབ་ཐང་གིན་ད་མེད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དྲུང་དུ་ཁོའི་སེམས་དྲང་པོ་མིན་འདུག


ད་ང་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཕྱག་ལ་འབུལ་ཡས་ཡིན། དེ་ནས་ཁོང་པ་ཡི་ཐུགས་རྗེ་ཡིས་ཁངས་ཁ་བཀའ་ལ་འབོར་ཡས་ཡིན། འོ་དེས་ཁྱེད་རང་ཀྱ་ལ་དད་པ་ལ་ཤུགས་ཆེ་བཟོ་ཐུབ་ཀྱི་ལགས། དེ་ནས་དཀོན་མཆོག་གིས་རང་གི་མི་ཀྱ་ལ་གནང་ན་བྱིན་རླབས་ཁྱེད་རང་ཀྱ་ལའང་འཐོབ་ཀྱི་ལགས།


དཀོན་མཆོག་གིས་འོ་རང་ལ་མུན་ནག་གི་དབང་ནས་ཐར་པ་མཛད་དེ། རང་གི་གཅེས་བའི་སྲས་ཀྱི་རྒྱལ་སྲིད་ནང་དུ་འོ་རང་ལ་ཁྲིད་བ་མཛད་པ་ལགས།


Lean sinn:

Sanasan


Sanasan