Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 5:4 - གློ་བ།

4 དེ་ནས་ཕན་ཐོག་མེད་ཀྱིན་ལབ་ཛོར་ར་ཀྱ་དང་། ཆོ་མེད་ཀྱིན་ཀྱ་ཡང་ན་ཀྱལ་ཀྱ་ཀྱ་ཡི་ལབ་ཀྱ་ཁྱེད་ཀྱི་གུང་དུ་མ་ཡོང་དགོས། ཡིན་ནའང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 5:4
29 Iomraidhean Croise  

ལོག་གཡེམ་དང་། ཧམ་པ་དང་། ངན་པ་དང་། མགོ་སྐོར་དང་། འདོད་ཆགས་དང་། ཕྲག་དོག་དང་། ཕྲ་མ་དང་། ང་རྒྱལ་དང་། གླེན་པ་ཀྱ་འཐོན་ད་ལགས།


དེ་ནས་གཙོ་བོའི་ཐུགས་རྗེ་ཆེ་ཞུས་རེ་ཁོང་ཀྱ་ཡིས་གྱང་ག་ཟ་གིན་ས་ཆ་ཡི་འགྲམ་དུ་ཏི་བེར་ཡཱས་ནས་གྲུ་གཞན་མ་ཀྱ་འོངས་བ་ལགས།


ད་ཁོང་ཀྱ་ཡིས་དཀོན་མཆོག་ལ་རྩི་དགོས་ཀྱིན་གོ་ཆ་མ་བཞག་པ། དཀོན་མཆོག་གིས་ཁོང་ཀྱ་ལ་ཁོ་རི་བསམ་བློ་གླེན་ད་ནང་ལ། བྱེད་མེད་ཆོག་གིན་ལས་ཀྱ་བྱེད་དུ་བཅུག་མཛད་པ་ལགས།


ཁྱེད་ཀྱ་ཡིས་སྨོན་ལམ་གྱི་ཐོག་ནས་འེ་ཀྱ་ལ་རོགས་བ་བྱས་བ་ལགས། འོ་བྱས་རེ་སྨོན་ལམ་མང་ང་ཡི་ཐོག་ནས་འེ་ཀྱ་ལ་ཐོབ་ཐ་བྱིན་རླབས་ཀྱ་ཡི་ཆེད་དུ། འི་ཀི་ཚབ་ལ་མི་མང་ང་ཡིས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་གི་ལགས།


འགྲེལ་བཤད་རང་བརྒྱབ་མི་ཐུབ་ཀྱིན་གནང་སྦྱིན་གྱི་ཆེད་དུ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུའོ།།


ངའི་སྨོན་ལམ་ལ་ཁྱེད་ཀྱ་ལ་དྲན་གསོ་བྱས་རེ་ཁྱེད་ཀྱི་ཕྱིར་ལ་བཀའ་དྲིན་ཆེ་ཞུ་ཡས་ལ་ངས་ནམ་མའང་མ་ཆད་འོད།


ཁྱེད་ཀྱ་ཡིས་ཁ་ནས་ཚིག་ངན་པ་ཀྱ་མ་བཤད། ཡིན་ནའང་ཉན་མཁན་ཀྱ་ལ་ཕན་ཡས་ཀྱི་ཕྱིར་ལ་དུས་ལ་མཐུན་གྱིན་དང་ཡར་རྒྱས་བཏང་གིན་ཚིག་སྙན་ད་ཀྱ་གཅིག་ཀ་ཤོད།


གིན་གྱི་ཐོག་ལ་སྡུག་ང་མ་བྱེད། ཡིན་ནའང་གནས་ཚུལ་གི་རི་ལ་བཀའ་དྲིན་ཆེ་ཞུས་རེ། སྨོན་ལམ་དང་ཞུ་བ་ཡི་ཐོག་ནས་ཁྱེད་ཀྱ་ལ་དགོས་ཀྱིན་གི་རི་དཀོན་མཆོག་ལ་ཞུས།


ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡི་ཁོང་ཁྲོ་དང་། ཞེ་སྡང་། དེ་ནས་ངན་སེམས་དང་། དམའ་འབེབས་དང་། ཁྱེད་རི་ཁ་ནས་འཐོན་གྱིན་ཚིག་ཛོར་ར་གི་རི་སྤོང་།


ཁྱེད་ཀྱ་ཡིས་བྱས་རེ་དཀོན་མཆོག་གི་དྲུང་དུ་འེ་ལ་དགའ་སྤྲོ་ཆེ་བྱུང་སོང་། དེ་དང་ཁྱེད་ཀྱ་ཡི་ཕྱིར་ལ་དཀོན་མཆོག་ལ་འེ་ཀྱ་ཐུགས་རྗེ་ཆེ་གང་གི་བྱས་རེ་འབུལ་ཡས།


གནས་ཚུལ་ག་རེ་འོད་ན་ཐུགས་རྗེ་ཆེ་ཞུས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཕྱིར་ལ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་གི་ཐུགས་དགོངས་དེ་རང་ལགས།


ཁྱོས་གི་བྱེད་དགོས་ཀྱིན་གོ་ལ་མཱ་ཤི་ཀའི་ཐོག་ནས་ངས་ཁྱོད་ལ་བཀའ་སྟེར་ཡས་ཀྱི་བློ་ཁོག་འོད་ནའང་།


འོ་བྱས་རེ་ཡེ་ཤུ་ཡི་སྒོ་ནས་འོ་རང་དཀོན་མཆོག་ལ་ཙོག་བའི་བསྟོད་པའི་མཆོད་པ་འབུལ་ལོ། དེ་ནི་ཁོང་གི་མཚན་ཁས་ལན་བྱེད་ཀྱིན་འོ་རི་ཁའི་འབྲས་བུ་ལགས།


དེ་ཀྱ་ཡིས་དོན་མེད་ཀྱིན་དང་ང་རྒྱལ་གྱི་གཏམ་ཀྱ་བཤད་ཡས། དེ་ནས་ངན་པའི་མི་ཚེ་པུད་ཀྱིན་ཀྱ་ནས་ད་ལྟ་ཀ་ཐར་ཏེ་འོངས་བ་མི་ཀྱ་ལ་ལུས་ཀྱི་འདོད་ཆགས་ཀྱ་ཡི་སྒོ་ནས་བསླུ་ལ་ལགས།


ཡིན་ནའང་དཀོན་མཆོག་གིས་ལོད་ལ་སྐྱོབ་མཛད་པ་ལགས། ཁོ་ནི་ཁྲིམས་མེད་ཀྱིན་མི་ཀྱ་ཡི་འདོད་ཆགས་ཀྱི་སྤྱོད་ལམ་ལ་སེམས་འཕམ་གྱིན་མི་དྲང་པོ་གཅིག་ལགས།


ཡིན་ནའང་དེ་མི་ཀྱ་རང་གི་མེད་ཤེས་ཀྱིན་ལབ་ཀྱ་གི་རི་ལ་སྐུར་བ་འདེབས་པ་ལགས། དེ་ནས་རིག་པ་མེད་ཀྱིན་དུད་འགྲོ་ཀྱ་ཅོག་རེ་རང་གི་འཐད་ཀྱིན་གོ་རང་བྱས་རེ་ཁོང་ཀྱ་མེད་ད་ལ་འགྲོ་གི་ལགས།


དེ་ནས་དེ་ཀྱ་རང་གི་ངོ་ཚའི་ལྦུ་བ་སྟོན་གྱིན་རྒྱ་མཚོའི་རྦ་རླབས་སྨྱོན་པ་ཀྱ་ཅོག་རེ་ལགས། དེ་ནས་དེ་ཀྱ་དུས་རྟག་ཏུ་འཇིགས་སྐྲག་ཆེ་མུན་ནག་གི་ཕྱིར་ལ་གྲ་སྒྲིག་བྱས་བྱ་སྐར་མ་འཁྱམ་པོ་ཀྱ་ཅོག་རེ་ལགས།


Lean sinn:

Sanasan


Sanasan