Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 5:3 - གློ་བ།

3 ཡིན་ནའང་ཁྱེད་ཀྱ་དཀོན་མཆོག་གི་དམ་པའི་མི་ཀྱ་བྱས་རེ་ཁྱེད་ཀྱི་གུང་དུ་འདོད་ལོག་དང་སྦག་བ་ཤོར་གྱིན་ལས་སྣ་གི་རི། ཡང་ན་བརྣབ་སེམས་ཀྱ་ཡི་མིང་གཅིག་འང་བེད་སྤྱོད་བྱེད་ཡས་མེད་ད་ལགས།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 5:3
58 Iomraidhean Croise  

གི་བྱས་རེ་སྨྲ་ན་སེམས་ནང་ནས་བསམ་བློ་ངན་པ་ཀྱ་དང་། མི་བསད་ཡས་དང་། ལོག་གཡེམ་དང་། འདོད་ལོག་དང་། རྐུ་མ་རྐུ་ཡས་དང་། དཔང་པོ་ཟོག་པོ་སྟེར་ཡས་དང་། དམའ་འབེབས་བྱེད་ཡས་ཀྱ་ཐོན་ད་ལགས།


ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། གཟབ་གཟབ་བྱེད། ཧམ་པ་བྱེད་ཀྱིན་ལས་ཀ་ཀྱ་ནས་སྤྱང་རྫེ་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་མིའི་མི་ཚེ་ཁོ་རི་རྒྱུ་མང་ང་འོད་ཀྱིན་ལ་གཅིག་ཀ་རག་མི་ལུས་ལ་ལགས།


ད་རྒྱུ་ནོར་ལ་སེམས་ཆགས་ཀྱིན་ཕཱ་རུ་ཤི་པ་ཀྱ་ཡིས་དེ་གི་རི་གོ་སྟེ་ཁོང་པ་ལ་སྨད་ཇུ་བཏང་བ་ལགས།


དེ་ལབ་ཀྱ་ཡི་སྐོར་ལ་དེ་རེ་ཡི་གེ་གཅིག་འབྲི་བའུ། ལྷ་སྐུ་འདྲ་ལ་ཕུལ་པ་མེད་གཙང་ང་བྱུང་བྱ་བཟའ་མ་མ་ཟ། དེ་ནས་ལོག་གཡེམ་ནས་འཛེམ་སྟེ་སྡོད། དེ་ནས་མིག་པ་བཙིར་ཏེ་བསད་ས་དུད་འགྲོའི་ཤ་མ་ཟ། དེ་ནས་གིན་གིའང་ཁྲག་མ་འཐུངས།


ངས་མི་སུའི་འང་གསེར་དང་། དངུལ་དང་། གོས་ལག་གི་འདོད་པ་མ་བྱས།


ཁོང་ཀྱ་ནི་སྤྱོད་པ་སྡུག་ཅག་དང་། ངན་པ་དང་། སེར་སྣ་དང་། ངན་སེམས་སྣ་ཚོགས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲག་དོག་དང་། མི་སྲོག་བཅད་ཡས་དང་། འཁྲུག་པ་བརྒྱབ་ཡས་དང་། མགོ་སྐོར་ཡས་དང་། སྡང་སེམས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲ་མ་བརྒྱབ་ཡས།


དཀོན་མཆོག་གི་མི་ཀྱ་ལ་མཐུན་གྱིན་ཅོག་རེ་མོ་ལ་གཙོ་བོའི་ནང་ཁས་ལེན་བྱེད། དེ་ནས་མོ་ལ་དགོས་ཀྱིན་གི་འོད་ན། འོ་དེ་ལ་རོགས་རམ་བྱེད་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། གི་བྱས་རེ་སྨྲ་ན་མོས་མི་མང་ང་དང་ང་ལའང་རོགས་རམ་བྱས་བ་ལགས།


རང་གི་ལུས་ཀྱི་ཡན་ལག་གཅིག་འང་ངན་པའི་ལག་ཆ་ཅོག་རེ་སྡིག་པ་བྱེད་ཡས་ལ་མ་སྟེར། ཡིན་ནའང་འཆི་བ་ནས་གསོན་པོ་ལ་ཁྲིད་དེ་འོངས་བ་མི་ཀྱ་ཅོག་རེ་རང་ལ་དཀོན་མཆོག་གི་དྲུང་དུ་ཕུལ། དེ་ནས་རང་གི་ཡན་ལག་ཀྱ་གི་རི་དྲང་བདེན་གྱི་ལས་ཀ་བྱེད་ཀྱིན་ལག་ཆ་ཅོག་རེ་དཀོན་མཆོག་ལ་ཕུལ།


དེ་ནས་ཁོང་ཀྱ་ཅོག་རེ་འོ་རང་ཀྱ་ལོག་གཡེམ་ལ་ཆུད་ཡས་མེད་ད་ལགས། ཁོང་ཀྱ་ནས་མི་རིང་འགའ་ལོག་གཡེམ་ལ་ཆུད་དེ། ཉིན་མ་གཅིག་ལ་རང་མི་སྟོང་ཕྲག་ཉི་ཤུ་རྩ་གསུམ་ཤི་བ་ལགས།


ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཁོག་ཏུའང་བྱེད་མེད་ཆོག་གིན་ལོག་གཡེམ་གྱི་ལས་ཀ་གོ། ཁྱེད་ཀྱི་ཁོག་ཏུ་འདུག་སྨྲས་རེ་ངས་དངོས་གནས་ཀྱི་གོ་སོང་། ཁྱེད་ཀྱ་ནས་གཅིག་གིས་རང་གི་ཨ་རྒས་ཀྱི་སྐྱེས་དམན་བཞག་འདུག་སྨྲས་རེ་ངས་གོ་སོང་།


ཁྱེད་ཀྱ་ཕོ་བའི་ཆེད་དུ་ཟ་མ་དང་ཟ་མའི་ཆེད་དུ་ཕོ་བ་ལགས་སྨྲས་རེ་སྨྲ་ལགས། ཡིན་ནའང་དཀོན་མཆོག་གིས་འདི་གཉིས་ཀ་ར་ལ་མེད་ད་ལ་མཛད་ཀྱི་ལགས། དེ་ནས་ལུས་ནི་ལོག་གཡེམ་གྱི་ཆེད་དུ་མིན་ད་གཙོ་བོའི་ཆེད་དུ་ལགས། དེ་ནས་གཙོ་བོ་ནི་ལུས་ཀྱི་ཆེད་དུ་ལགས།


ལོག་གཡེམ་ནས་འཛེམ་ཏེ་སྡོད། མི་ཡིས་བྱེད་ཀྱིན་སྡིག་པ་གཞན་མ་གི་རི་ལུས་ཀྱི་ཕི་ལ་འོང་ང་ལགས། ཡིན་ནའང་ལོག་གཡེམ་བྱེད་ཀྱིན་གྱིས་རང་གི་ལུས་ལ་རང་སྡིག་པ་བྱེད་ད་ལགས།


ང་ཡང་འོང་བའི་གང་ལ་ཁྱེད་ཀྱི་གུང་དུ་ངའི་དཀོན་མཆོག་གིས་ང་ལ་དམའ་བ་མཛད་གྲོ་སྨྲས་རེ་ང་འཇིགས་བའི། དེ་ནས་མི་མང་ང་ཡིས་ཨེན་མ་བྱས་བྱ་སྡིག་པ་ཀྱ་དང་། ཁོང་ཀྱ་ཡིས་བྱས་བྱ་མེད་གཙང་ང་དང་། ལོག་གཡེམ་དང་། འདོད་ཆགས་ནས་འགྱོད་པ་མི་བྱེད་ད་མི་འགྱུར་གྱིན་གོ་ལ་ང་སེམས་སྐྱོ་དགོས་གྲོ།།


གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་གསང་བ་དུ་བྱས་བྱ་ལས་ཀ་ཀྱ་ཡི་སྐོར་ལ་སྨྲ་ཡས་གོའང་ངོ་ཚ་གིན་ལགས།


གི་བྱས་རེ་སྨྲ་ན་འདོད་ལོག་བྱེད་མཁན་དང་། ལས་མེད་གཙང་ང་བྱེད་མཁན་དང་། བརྣབ་སེམས་ཅན་གྱི་མི་སུའི་ཡིན་ན། (སྐུ་འདྲ་མཆོད་མཁན་ཀྱ།) མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་ད་མེད་ཐོབ་ཀྱི་ལགས་སྨྲས་རེ། ཁྱེད་ཀྱ་ཡིས་གསལ་བོ་ཤེས་ལ་བྱེད།


ཁྱེད་ཀྱ་ཡི་མི་ཚེའི་སྤྱོད་ལམ་གོ་མཱ་ཤི་ཀའི་གཏམ་བཟང་ལ་མཐུན་གྱིན་འོང་དགོས། དེ་ནས་ང་འོང་རེ་ཁྱེད་ཀྱ་ལ་ཐུག་ན་ཡང་ན་ང་མེད་ན། ཁྱེད་ཀྱ་ཐུགས་ཉིད་གཅིག་ལ་བརྟན་པོ་གནས་ཀྱིན་དང་། དེ་ནས་གཏམ་བཟང་གི་དད་པའི་ཕྱིར་ལ། ཁྱེད་ཀྱ་སེམས་ཉིད་གཅིག་འབྱུང་རེ་དཀའ་ལས་བརྒྱབ་ཀྱིན་དང་།


འོ་བྱས་རེ་ཁྱེད་ཀྱི་ནང་ལ་འོད་ཀྱིན་ལོག་གཡེམ་དང་། མེད་གཙང་ང་དང་། འདོད་ཆགས་དང་། འདོད་ངན་དང་། སྐུ་འདྲ་ལ་མཆོད་ཡས་ཡིན་གྱིན་འདོད་རྔམ་ཅོག་རེ་འཇིག་རྟེན་གྱི་གཤིས་ཀ་ཀྱ་སོད།


ཁྱེད་ཀྱ་ལོག་གཡེམ་ནས་འཛེམ་ཡས་དང་། དམ་པ་ལ་འགྱུར་གྱིན་གོ་དཀོན་མཆོག་གི་ཐུགས་དགོངས་ལགས།


དཀོན་མཆོག་གིས་འོ་རང་ལ་མེད་གཙང་ང་འགྱུར་དུ་མ་བོས་བ། དམ་པ་འགྱུར་དུ་བོས་མཛད་པ་ལགས།


གི་བྱས་རེ་སྨྲ་ན་ཆོས་སེམས་ཅན་ཡིན་སྨྲ་གིན་སྐྱེས་དམན་ཀྱ་ཡིས་ལས་བཟང་ཀྱ་བྱེད་ན་ལེན་ད་འོད་ད་ལགས།


དེ་ནས་ཆང་འཐུང་བ་མེད་ཀྱིན། རྩུབ་བ་མེད་ཀྱིན། ཡིན་ནའང་ཞི་བ་འོད་ཀྱིན། དེ་ནས་རྩོད་པ་མེད་བརྒྱབ་ཀྱིན་དང་། དངུལ་ལ་མེད་ཆགས་ཀྱིན་འོང་དགོས་གུ་ལགས།


གི་བྱས་རེ་སྨྲ་ན་དངུལ་ལ་ཆགས་ཀྱིན་གོ་ངན་པ་སྣ་ཚོགས་གི་རིའི་རྩ་བ་ལགས། དངུལ་ལ་འདོད་ངམ་བྱེད་མཁན་རིང་འགའ་རང་གི་དད་པ་སྤངས་རེ། རང་གི་སེམས་ལ་སྡུག་བསྔལ་གྱིས་བཀང་འདུག།


གི་བྱས་རེ་སྨྲ་ན་མི་ཀྱ་རང་ལ་ཆགས་ཀྱིན་དང་དངུལ་ལ་ཆགས་ཀྱིན། སྤོབས་པ་ཆེ་དང་ང་རྒྱལ་ཅན། ཚིག་རྩུབ་བ་སྨྲ་མཁན་དང་ཕ་མ་ལ་མི་བརྩིས་མཁན། དྲིན་མི་དྲན་མཁན་དང་ཆོས་ལ་མི་བརྩིས་མཁན།


ཁོང་ཀྱ་ཨ་ལེའི་གཤམ་པ་ལ་རྒྱུག་བ་ལགས། དེ་ནས་བསླབ་བྱ་ཟོག་པོ་ཀྱ་སྟེར་ཏེ་ནང་མི་གི་རི་ལ་ཁྲུག་ཏུ་བཅུག་བ་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་ཁོང་ཀྱ་ཡི་ཁ་བཀག་དགོས་གུ་ལགས།


ཆོས་ཚོགས་ཀྱི་འགོ་ཁྲིད་གོ་དཀོན་མཆོག་གི་ཞབས་ཕྱི་བྱས་རེ་སྐྱོན་མེད་ཀྱིན་འོང་དགོས་ཀྱི་ལགས། ཁོ་འདོད་པ་ཆེ་དང་། སྣ་ཐུང་བ་དང་། ཆང་དུ་བ་དང་། འཁྲུག་ཙ་ར་དང་། ཨ་ལེ་ལ་མེད་དྲང་ང་འོང་ཡས་མེད་ད་ལགས།


འོ་དེ་ཅོག་རེ་རྒན་མོ་ཀྱ་ལ་དམ་པའི་མི་ཚེ་པུད། དེ་ནས་ཕྲ་མ་མ་བཤད། དེ་ནས་ཆང་འདོད་མ་མ་འབྱུང་། དེ་ནས་མི་གཞན་མ་ཀྱ་ལ་བསླབ་བྱ་བཟང་པོ་སྟེར་སྨྲས་རེ་ཤོད།


དེ་ནས་སུའང་ཚག་གཅིག་གི་ཟ་མའི་ཆེད་དུ་རང་བི་ཛ་ཆེ་ཡིན་གྱིན་གྱི་ཐོབ་ཐང་གོ་བཙོང་གིན་ཨེ་སའུ་ཅོག་རེ། ལོག་གཡེམ་པ་དང་ཆོས་མེད་ཀྱིན་མ་འབྱུང་བར་ཤོག།


ཁྱེད་ཀྱ་ཡི་ལས་འགན་ལ་གནང་ན་དཀོན་མཆོག་གི་ལུག་ཁྱུ་ལ་འཚོ་སྐྱོང་བྱེད། མིས་ཨུ་ཚུགས་བྱས་རེ་མིན་ད་ཡིན་ནའང་དཀོན་མཆོག་གི་ཐུགས་དགོངས་ལ་རྟེན་ཏེ་རང་གི་འཐད་དེ་བྱེད། དེ་ནས་རྒྱུ་ནོར་ལ་བརྔམས་ཏེ་མིན་ད། ཡིན་ནའང་ཞབས་ཏོག་འབུལ་ཡས་ལ་འདོད་པ་བྱས་རེ་འཚོ་སྐྱོང་བྱེད།


དེ་ནས་དམིགས་བསལ་དུ་མི་ལ་གནོད་ཀྱིན་འདོད་ཆགས་ལ་ཆགས་ཀྱིན་དང་། དབང་ཆ་ལ་མཐོང་ཆུང་བྱེད་མཁན་ཀྱ་ལ་གཙོ་བོའི་ཁྲིམས་གཅོད་ཀྱི་ཉིན་མ་ཐུག་པའི་ཆད་པ་འོག་ཏུ་བཞག་མཛད་ཀྱི་ལགས། དེ་ཀྱ་ནི་སྤོབས་པ་ཆེ་དང་གྱོང་ང་བྱས་རེ་གཟི་བརྗིད་ཅན་ཀྱ་ལ་སྨད་སྤྲ་བཏང་ཡས་ལ་ཁོང་ཀྱ་འཇིགས་སྐྲག་མི་བྱེད་ད་ལགས།


ལོག་གཡེམ་གྱིས་ཁངས་ཁ་ཁོང་ཀྱ་ཡི་མིག་གིས་སྡིག་པ་བྱེད་ཡས་ལ་ནམ་མའང་མཚམས་མེད་བཞག་ལགས། དེ་ནས་བརྟན་པོ་མེད་ཀྱིན་སེམས་འོད་མཁན་ཀྱ་ལ་ཁོང་ཀྱ་ཡིས་སླུ་ལ་ལགས། ཁོང་ཀྱ་ཡི་སེམས་སེར་སྣ་བྱེད་ཡས་ལ་གོམས་འོད་ད་ལགས། དེ་ནས་ཁོང་ཀྱ་དམོད་མོ་ཕོག་པ་བུ་ཕྲུག་ལགས།


དེ་ནས་ཁོང་ཀྱ་ཡིས་ཧམ་པ་བྱས་རེ་ཁྱེད་ཀྱ་ལ་ཟོག་པོ་གཏམ་ཀྱ་རྩོམ་ཏེ་མགོ་སྐོར་བཏང་གི་ལགས། ཁོང་ཀྱ་ལ་ཕོག་ཡས་ཡིན་གྱིན་ཁྲིམས་གོ་ཨེན་མ་ནས་ཐག་བཅད་ཚར་འོད་ད་ལགས། དེ་ནས་ཁོང་ཀྱ་ལ་མེད་ད་ལ་བཏང་མཁན་གོ་གཉིད་ལ་མ་ཤོར་འོད་ད་ལགས།


ཡིན་ནའང་ང་ལ་ཁྱེད་ཀྱ་ལ་སྐྱོན་འཛུགས་ཡས་ཀྱི་ལབ་ཀྱ་འོད། ཁྱེད་ཀྱ་ཡི་ཁོག་ཏུ་བཱ་ལམ་གྱི་ཆོས་ལ་བསྟུན་གྱིན་མི་རིང་འགའ་འདུག ཡིས་ར་ཨེལ་པ་ཀྱ་ལ་སྡིག་པའི་ནང་དུ་སླུ་ཡས་ལ་ལྷ་སྐུ་འདྲ་ཀྱ་ལ་ཕུལ་པ་ཟ་མ་ཟ་ཡས་དང་། ལོག་གཡེམ་བྱེད་ཡས་ལ་བ་ལམ་གྱིས་བ་ལག་ལ་བསླབས་པ་ལགས།


ངས་མོ་ལ་རང་གི་སྡིག་པ་སྤངས་རེ་སེམས་འགྱུར་ཡས་ལ་དུས་ཚོད་སྟེར་པ་ལགས། ཡིན་ནའང་མོ་མོ་རི་ལོག་གཡེམ་གོ་སྤངས་ཡས་ཀྱི་འདོད་པ་མི་བྱེད་དག།


ཡིན་ནའང་སྙིང་ཆུང་ང་ཀྱ་དང་། དད་པ་མེད་ཀྱིན་ཀྱ་དང་། ཨམ་ལོག་བ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། ངན་སྔགས་བརྒྱབ་མཁན་ཀྱ་དང་། ལྷ་སྐུ་འདྲ་མཆོད་མཁན་ཀྱ་དང་། ཟོག་བཤད་མཁན་ཀྱ་གི་རིའི་སྐལ་ད་གོ་མེ་དང་མུ་ཟི་འབར་གྱིན་མཚོ་ལགས། དེ་ནི་འཆི་བ་གཉིས་བ་གོ་ལགས།


རྒྱལ་སའི་ཕི་ལ་ཁྱི་ཀྱ་དང་། ངན་སྔགས་བྱེད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལྷ་སྐུ་འདྲ་ཀྱ་མཆོད་མཁན་ཀྱ་དང་། ཟོག་བཤད་ཡས་ལ་འཐད་མཁན་ཀྱ་དང་། འོ་དེ་ཅོག་རེ་བྱེད་མཁན་ཀྱ་འོད་ད་ལགས།


དེ་ནས་གཞན་མའི་སྲོག་བཅད་ཅ་དང་། སྔགས་བརྒྱབ་གྱ་དང་། ལོག་གཡེམ་དང་། རྐུ་མ་བརྐུས་ཀ་ལས་ཀ་ཀྱ་ལ་ཁོང་ཀྱ་ཡིས་སྤངས་རེ་སེམས་སྒྱུར་བ་མ་བཏང་བ་ལགས།།


Lean sinn:

Sanasan


Sanasan