2 དེ་ནས་མཱ་ཤི་ཀ་ཡིས་འོ་རང་ལ་བྱམས་པ་མཛད་དེ། རང་གི་སྲོག་འོ་རི་ཕྱིར་ལ་དཀོན་མཆོག་གི་དྲུང་དུ་དྲི་ཞིམ་གྱི་མཆོད་པ་དང་། དམར་མཆོད་ཅོག་རེ་བྱུང་རེ་བློས་བཏང་མཛད་ཀྱིན་ཅོག་རེ། ཁྱེད་ཀྱ་བྱམས་པའི་ནང་ནས་མི་ཚེ་སྐྱོལ།
འོ་བྱས་རེ་མིའི་བུ་གོའང་ཞབས་ཕྱི་ལེན་དུ་འོངས་བ་མིན་ད། ཞབས་ཕྱི་ཞུ་རུ་འོང་བ་ལགས། དེ་ནས་མི་མང་ང་ཡི་ཐར་པ་ཡི་ཕྱིར་ལ་རང་གི་སྲོག་འབུལ་རུ་འོང་བ་ལགས།
ང་ཁྱེད་ཀྱ་ལ་བཀའ་ཁྲིམས་གསར་པ་གཅིག་སྟེར་ར་ཡིན། གཅིག་གིས་གཅིག་ལ་བྱམས་པ་བྱེད། ངས་ཁྱེད་ཀྱ་ལ་བྱམས་པ་བྱེད་ཀྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་གཅིག་གིས་གཅིག་ལ་བྱམས་པ་བྱེད།
ང་ནི་ནམ་མཁའི་ཞིང་ཁམས་ནས་བབ་པ་ཚེའི་གྱང་ག་ཡིན། དེ་ནས་གྱང་ག་འདི་ནས་ཟ་མཁན་གོ་དུས་གཏན་དུ་གསོན་པོ་གནས་ཀྱི་ལགས། དེ་ནས་འཇིག་རྟེན་གྱི་ཚེའི་ཕྱིར་ལ་ངས་སྟེར་ཡས་བྱེད་ཀྱིན་གྱང་ག་གོ་ངའི་ལུས་ཀྱི་ཤ་ཡིན།
ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཆེད་དུ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་འབྱུང་ཡས་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་དམ་པ་མཛད་དེ། ཁོང་ཀྱ་དཀོན་མཆོག་ལ་ཐུགས་མཉེས་བོ་འོང་གིན་མཆོད་པ་འབྱུང་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གི་གཏམ་བཟང་བཤད་ཡས་ཀྱི་མཆོད་དཔོན་གཅིག་གི་ལས་འགན་གོ་ང་ལ་གནང་འོད་ད་ལགས།
འོ་རི་སྡིག་པ་ཀྱ་ཡིས་བྱས་རེ་ཡེ་ཤུ་འཆི་བ་ལ་སྟེར་པ་ལགས། དེ་ནས་འོ་རང་ལ་དྲང་པོ་མཛད་ཡས་ཀྱི་ཆེད་དུ་ཁོང་སྐུ་གསོན་པོ་བཞེངས་དུ་བཅུག་པ་ལགས།།
འོ་རི་ལུས་ཀྱིས་སྐྱོ་བ་བཟོས་ཟ་ཆོས་ཁྲིམས་ཀྱི་བྱེད་མ་ཐུབ་ཀྱིན་གོ། དཀོན་མཆོག་གིས་རང་གི་སྲས་སྡིག་པའི་རང་གཤིས་ཀྱི་ལུས་ལ་སྡིག་པའི་དམར་མཆོད་འབྱུང་ཡས་ལ་བརྫངས་ང་མཛད་དེ་འོ་དེ་མཛད་པ་ལགས། དེ་ནས་དེ་རེ་བྱས་རེ་ཁོང་གིས་སྡིག་པ་ལ་ལུས་ལ་རང་ཆད་པ་བསྐལ་མཛད་པ་ལགས།
ཡིན་ནའང་འདི་གནས་ཚུལ་གི་རིའི་ནང་ལའང་། འེ་ལ་བྱམས་པ་མཛད་མཁན་གྱིས་ཐོག་ནས་འེ་ལ་རྒྱལ་ཁ་ཚང་གོ་ཐོབ་འོད་ད་ལགས།
དེ་ནས་ཁྱེད་ཀྱ་གི་བྱེད་ན། གི་རི་བྱམས་པའི་སྒོ་ནས་བྱེད།
ཁྱེད་ཀྱ་དངོས་གནས་ཀྱི་སྐྱུར་རྩི་མིན་གྱིན་བྱས་རེ། ཁྱེད་ཀྱ་སྐྱུར་རྩི་མེད་ཀྱིན་བག་ཕེ་གསར་པ་གོ་འབྱུང་ཡས་ཀྱི་ཆེད་དུ་སྐྱུར་རྩི་རྙིང་པ་གོ་སྤོངས། གི་བྱས་རེ་སྨྲ་ན་འོ་རི་པེ་སག་གི་ལུག་ཕྲུག་ཡིན་གྱིན་མཱ་ཤི་ཀ་ནི་མཆོད་པ་ལ་ཕུལ་ཚར་ལགས།
ཡིན་ནའང་མཱ་ཤི་ཀའི་ནང་འོ་རང་ལ་ཙོག་བའི་རྒྱལ་ཁ་འཐོབ་ཡས་ཀྱི་ཆེད་དུ་འཁྲིད་བ་མཛད་ཀྱིན་དང་། ཁོང་པ་ལ་ངོ་ཤེས་ཀྱིན་གྱི་དྲི་བཟང་གོ་འོ་རི་ཐོག་ནས། ཕྱོགས་གི་རི་རུ་ཁྱབ་བ་མཛད་ཀྱིན་ཁོང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།
གི་བྱས་རེ་སྨྲ་ན་ཐར་པ་ཐོབ་ཡས་ཡིན་མཁན་དང་། མེད་ད་ལ་འགྲོ་ཡས་ཡིན་མཁན་ཀྱ་ཡི་ཁོག་ཏུ། འོ་རང་ཀྱ་དཀོན་མཆོག་གི་ཆེད་དུ་མཱ་ཤི་ཀའི་དྲི་བཟང་གཅིག་ལགས།
གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་ཤེས་ལ་ལགས། ཁོང་ཕྱུག་པོ་བྱེད་རེའང་ཁྱེད་ཀྱ་ཡི་དོན་དུ་དབུལ་སྤྲེ་བྱུང་བ་ལགས། འདི་ནི་ཁོང་དབུལ་སྤྲེ་བྱུང་གིན་གྱི་ཐོག་ནས་ཁྱེད་ཀྱ་ཕྱུག་པོ་འབྱུང་བར་ཤོག་སྨྲས་རེ་ལགས།
འོ་རི་དཀོན་མཆོག་དང་ཡབ་ཀྱི་ཐུགས་དགོངས་སྒྲུབ་ཡས་ལ། ཡེ་ཤུ་མཱ་ཤི་ཀ་ཡིས་འོ་རང་ལ་ད་ལྟ་ཡི་དུས་ངན་པ་ནས་ཐར་དུ་བཅུག་ཡས་ལ། འོ་རི་སྡིག་པ་ཀྱ་ཡི་ཕྱིར་ལ་རང་གི་སྐུ་སྲོག་བློ་བཏང་བ་ལགས།
ང་མཱ་ཤི་ཀ་མུ་ལ་རྒྱང་ཤིང་ལ་ཤི་བའི། ད་དེ་ནས་ཧ་ལ་ང་རང་འཚོ་བ་བསྐྱལ་ལ་མིན་ད། མཱ་ཤི་ཀ་ངའི་ནང་དུ་འཚོ་བ་བསྐྱལ་ལ་ལགས། ད་ད་ལྟ་ང་ལུས་ལ་འཚོ་བ་བསྐྱལ་གྱིན་མི་ཚེ་འདི་ང་ལ་བྱམས་པ་བྱེད་མཁན་དང་། ངའི་ཕྱིར་ལ་རང་གི་སྐུ་སྲོག་བློས་བཏང་མཁན་དཀོན་མཆོག་གི་སྲས་ལ་དད་པ་བྱས་རེ་བསྐྱལ་ལ་ཡིན།
དཀོན་མཆོག་གི་དྲུང་དུ་འོ་རང་དམ་པ་དང་སྐྱོན་མེད་ཀྱིན་འོང་ཡས་ཀྱི་ཕྱིར་ལ། འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀའི་ཐོག་ནས་ཁོང་པ་ཡིས་འོ་རང་ལ་བདམས་མ་མཛད་པ་ལགས།
དེ་ནས་དད་པའི་ཐོག་ནས་མཱ་ཤི་ཀ་ཁྱེད་ཀྱ་ཡི་སེམས་ནང་དུ་བཞུགས་བར་ཤོག། དེ་ནས་བྱམས་པ་ནང་རྩ་བ་གཏིང་རིང་པོ་དང་བརྟན་པོ་བྱུང་རེ།
དེ་ནས་དཀོན་མཆོག་གི་ཚེ་སྲོག་དང་ནུས་མཐུ་ཡིས་ཁྱེད་ཀྱ་གང་ཚང་ཁང་ཡས་ཀྱི་ཕྱིར་ལ་ཁྱེད་ཀྱ་ཡིས་བློ་ལ་འཇུས་མི་ཐུབ་ཀྱིན་མཱ་ཤི་ཀའི་བྱམས་པ་ཧ་གོ་ཡས་ཀྱི་སྨོན་ལམ་ང་ཞུ་ལ་ཡིན།
ཡིན་ནའང་བྱམས་པའི་ཀྱི་སྒོ་ནས་ལབ་བདེན་པ་བཤད་དེ། འུ་རེ་དབུ་ཡིན་མཁན་མཱ་ཤི་ཀའི་ནང་ལ་ཕྱོགས་གི་རི་ནས་འོ་རང་འཚར་ཏེ་འགྲོ་དགོས།
དེ་ནས་ཉམ་ཆུང་དང་། ཞི་འཇམ་དང་། བཟོད་སྒོམ་གི་རི་ནས། བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་བཟོད་པ་བསྒོམས་ཏེ།
འོ་བྱས་རེ་ཁྱེད་ཀྱ་མི་ཚེ་ག་རེ་བསྐྱལ་གྱིན་ལ་གཟབ་གཟབ་བྱེད། གླེན་ད་ཀྱ་ཅོག་རེ་མིན་ད་མཁས་བ་ཀྱ་ཅོག་རེ།
ཁྱོ་ག་ཀྱ་བོ། རང་གི་སྐྱེས་དམན་ཀྱ་ལ་བརྩེ་བ་བྱེད། གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡིས་འང་ཆོས་ཚོགས་ལ་བརྩེ་བ་མཛད་དེ་རང་གི་སྐུ་སྲོག་འོ་དེའི་ཕྱིར་ལ་བློས་བཏང་ང་མཛད་པ་ལགས།
ང་ལ་འཐོབ་དགོས་ཀྱིན་ནས་མང་ང་གི་རི་ཐོབ་འོད། དེ་ནས་ཨེ་པབ་རོ་དི་ཏོ་ནས་ཁྱེད་ཀྱ་ཡིས་བསྐུར་ཀ་རྔན་པ་གོ་ཐོབ་སྟེ། ད་ད་ལྟ་ང་ལ་གི་རི་ཚང་གིན་འོད། དེ་ནས་འོ་དེ་རྔན་པ་ནི་དྲི་ཞིམ་གྱི་མཆོད་པ་ཅོག་རེ་དཀོན་མཆོག་གི་དྲུང་དུ། ཐུགས་མཉེས་བོ་དང་ཐུགས་བསྣུམས་མ་མཛད་ཐུབ་ཀྱིན་འདུག།
དེ་ནས་དེ་གི་རིའི་ཐོག་ལ་བྱམས་པ་གོ་གོན་དགོས། བྱམས་པ་འདིས་གི་རི་ལ་ཡང་དག་པའི་མཐུན་འབྲེལ་ལ་བསྡམ་གྱི་ལགས།
ད་སྤུན་ཟླ་གཅིག་གིས་གཅིག་ལ་བྱམས་པ་བྱེད་ཡས་ཀྱི་སྐོར་ལ་སུས་འང་ཁྱེད་ཀྱ་ལ་འབྲི་དགོས་གུ་མ་ལགས། གི་བྱས་རེ་སྨྲ་ན་གཅིག་གིས་གཅིག་ལ་བྱམས་པ་བྱེད་ཡས་ལ་དཀོན་མཆོག་གིས་བསླབས་གནང་བ་ལགས།
མི་གི་རིའི་བླུ་རིན་གྱི་ཕྱིར་ལ་རང་ལ་བློས་བཏང་གིན་གོ་ལགས། འདི་ནི་དུས་ཏག་ཏག་ལ་དཀོན་མཆོག་གིས་གནང་གིན་དཔང་པོ་གོ་ལགས།
ཁྱོད་གཞོན་པ་བྱས་རེ་སུས་འང་ཁྱོད་ལ་མཐོང་ཆུང་བྱེད་དུ་མ་ཆུག། ཡིན་ནའང་དད་པ་བྱེད་མཁན་ཀྱ་ཡི་གདོང་དུ་ཁྱོའི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་དང་། གཙང་མའི་སྒོ་ནས་རང་ལ་དཔང་པོ་གཅིག་སྟོན།
དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས།
གཙོ་མཆོད་དཔོན་འོད་ལེ་གོ་མཆོད་པ་དང་དམར་མཆོད་ཀྱ་འབུལ་ཡས་ཀྱི་ཆེད་དུ་བསྐོས་བ་ལགས། འོ་བྱས་རེ་འོ་དེ་གཙོ་མཆོད་དཔོན་ལའང་མཆོད་པ་འབུལ་ཡས་རེ་དགོས་བ་ལགས།
འོ་རང་གསོན་པོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཐུབ་ཡས་ཀྱི་ཆེད་དུ། མཱ་ཤི་ཀའི་སྐུ་ཁྲག་གིས་འོ་རི་ཤེས་བཟང་ལ་སྡིག་པའི་ལས་ཀྱ་ནས་དེ་ལས་ལྷག་གཙང་མ་བཟོ་ཐུབ་ཀྱི་མ་ལེ། གི་བྱས་སྨྲ་ན་མཐའ་མེད་པའི་ཐུགས་ཉིད་ཀྱི་ནུས་མཐུའི་སྒོ་ནས་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ། མཱ་ཤི་ཀའི་རང་ལ་ཡང་དག་པའི་དམར་མཆོད་ཅོག་རེ་དཀོན་མཆོག་ལ་ཕུལ་པ་ལགས།
ནམ་མཁའི་ཞིང་ཁམས་ཀྱི་དཔེ་ལ་འོད་ཀྱིན་གུར་ཁང་དང་། དེ་ནང་ལ་འོད་ཀྱིན་གི་རི་ལ་དམར་མཆོད་ཀྱིས་གཙང་མ་བྱེད་དགོས། ཡིན་ནའང་དཀོན་མཆོག་གི་ཞིང་ཁམས་རུ་འོད་ཀྱིན་ཀྱ་ལ་དེ་ལས་ལྷག་དམར་མཆོད་བཟང་ང་དགོས་བ་ལགས།
དེ་རེ་མིན་ན་འཇིག་རྟེན་བཀོད་ནས་ཧ་ལ་ཁོང་པ་ཡིས་ཡང་ཡང་སྡུག་པོ་མྱངས་དགོས་ཡས་འོད་ད་ལགས། ཡིན་ནའང་ཁོང་པ་རང་གི་དམར་མཆོད་ཀྱི་ཐོག་ནས་སྡིག་པ་གི་རི་སེལ་ཡས་ཀྱི་ཕྱིར་ལ། ཐེངས་གཅིག་ལ་རང་གི་རིའི་ཆེད་དུ་དེ་དུས་ཀྱི་མཐའ་ལ་མངོན་མཛད་པ་ལགས།
དེ་གི་རི་ནས་གལ་ཆེ་ཤོས་གོ་ཁྱེད་ཀྱ་གཅིག་གིས་གཅིག་ལ་སེམས་གཏིང་ནས་བྱམས་པ་བྱེད། གི་བྱས་རེ་སྨྲ་ན་བྱམས་པ་ཡིས་སྡིག་པ་མང་ང་ལ་བཀབ་ཐུབ་བ་ལགས།
ཡེ་ཤུ་མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་ང་མཛད་པ་ལགས། འདིའི་སྒོ་ནས་རང་བྱམས་པ་གི་ཡིན་གྱིན་གོ་འོ་རིས་ཤེས་ལ་ལགས། དེ་ནས་འོ་རང་ཀྱ་གིས་འང་རང་གི་སྤུན་ཀྱ་ཡི་ཕྱིར་ལ་རང་གི་སྲོག་བློས་བཏང་དགོས།
དེ་ནས་དཀོན་མཆོག་གི་བཀའ་ནི་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་འོ་རིས་དད་པ་བྱེད་དགོས་ཡས་དང་། ཁོང་གིས་འོ་རང་ལ་གནང་ན་བཀའ་ཁྲིམས་ཅོག་རེ། འོ་རང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་ཡས་ལགས།
དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གསར་པ་གཅིག་ལེན་ཏེ་སྨྲས་བ་ལགས། ཁྱེད་རང་ལ་ཤོག་སྒྲིལ་འདི་བསྣུམ་ཡས་དང་འོ་དེའི་ཐེལ་ཙེ་ཀྱ་བཀོག་ཐུབ་ཀྱིན་དབང་ཆ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་ལ་བསད་པ་ལགས། དེ་ནས་ཁྱེད་རང་གི་སྐུ་ཁྲག་གིས་དཀོན་མཆོག་གི་ཆེད་དུ། རྒྱུད་པ་དང་སྐད་རིགས་དང་མི་དང་མི་རིགས་ཀྱ་ནས་མི་ཀྱ་ཉོས་བ་ལགས།