Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 4:4 - གློ་བ།

4 དཀོན་མཆོག་གིས་ཁྱེད་ཀྱ་ལ་བོས་ལི་གང་ལ་རེ་བ་གཅིག་ལ་བོས་པ་ཅོག་རེ། ལུས་གཅིག་དང་། ཐུགས་ཉིད་གཅིག།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 4:4
28 Iomraidhean Croise  

འོ་བྱས་རེ་སོང་། དེ་ནས་མི་རིགས་གི་རི་ལ་ཉེ་གནས་བཟོས། དེ་ནས་ཡབ་དང་། སྲས་དང་། དམ་པའི་ཐུགས་ཉིད་ཀྱི་མཚན་ནས་ཁོང་ཀྱ་ལ་ཁྲུས་གསོལ་སྟེར།


ཡིན་ནའང་ཁོང་ཀྱ་ལ་སྐྱོབ་ཀྱིན་ཅོག་རེ་འོ་རང་ཀྱའང་གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནས་སྐྱོབ་ཀྱི་ལགས་སྨྲས་རེ་འོ་རང་དད་པ་བྱེད་ད་ལགས།


གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གནང་སྦྱིན་དང་འབོད་མཛད་ཀྱིན་ལ་འགྱུར་ཡས་མེད་ད་ལགས།


གི་བྱས་རེ་སྨྲ་ན་གྱང་ག་གོ་གཅིག་རང་འོད་ད་ལགས། དེ་ནས་འོ་རང་གི་རི་གྱང་ག་གཅིག་ནས་རང་ཟ་གིན་བྱས་རེ། འོ་རང་མང་ང་འོད་ཀྱིན་ཀྱ་ལུས་གཅིག་ལགས།


འོ་བྱས་རེ་ཡན་ལག་ཀྱ་མང་ང་འོད་ད་ལགས། ཡིན་ནའང་ལུས་གཅིག་རང་ལགས།


གི་བྱས་རེ་སྨྲ་ན་མི་རིང་འགའ་འོངས་རེ་འི་ཀིས་གསལ་བསྒྲགས་བྱས་བྱ་ཡེ་ཤུ་མིན་ད། གཞན་མ་གཅིག་གསལ་བསྒྲགས་བྱེད་ན། ཡང་ན་ཁྱེད་ཀྱ་ཡི་ཐོབ་ཐ་ཐུགས་ཉིད་མིིན་ད། སེམས་ཉིད་གཞན་མ་ཁྱེད་ཀྱ་ཡིས་ཁས་ལེན་ན། ཡང་ན་ཁྱེད་ཀྱ་ལ་ཐོབ་ཐ་གཏམ་བཟང་ནས་གཞན་མ་གཏམ་བཟང་ཁྱེད་ཀྱ་ཡིས་ཁས་ལེན་ན། ཁྱེད་ཀྱ་དེ་གི་རིའི་འོག་ལ་ལས་སླ་མོ་མ་ཆུད་ད་ལགས།


ཁྱེད་ཀྱ་ཡི་སེམས་ཉིད་ཀྱི་མིག་བས་ལ་ཤོག་སྨྲས་རེ་ང་སྨོན་ལམ་བརྒྱབ་བའི་འོད། འོ་བྱས་རེ་ཁྱེད་ཀྱ་རེ་བ་གིན་གྱི་ཕྱིར་ལ་བོས་པ་དང་། དེ་ནས་དམ་པའི་མི་ཀྱ་ལ་ཁོང་པ་ཡི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་རྒྱུན་འཛིན་གོ་གི་ཡིན་གྱིན་དང་།


དེ་ནས་ཁོང་པ་རྒྱང་ཤིང་ལ་གྲོངས་ཀྱིན་གྱི་ཐོག་ནས་འོ་རང་གཉིས་ཀ་ར་ལ་ལུས་གཅིག་ལ་དཀོན་མཆོག་མུ་ལ་སྡུམ་མ་མཛད་དེ་སྡང་སེམས་གོ་མེད་ད་ལ་མཛད་པ་ལགས།


གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་ཐོག་ནས་འོ་རང་གཉིས་ཀ་ར་དམ་པའི་ཐུགས་ཉིད་གཅིག་གི་སྒོ་ནས་ཡབ་ཀྱི་དྲུང་དུ་འགྲོ་ཐུབ་ཀྱིན་བྱུང་བ་ལགས།


དེ་ནས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་དཀོན་མཆོག་གི་བཞུགས་ས་འབྱུང་ཡས་ལ་ཁྱེད་ཀྱའང་ཁོང་མུ་ལ་བརྩིགས་ཏེ་འགྲོ་བ་ལགས།།


འོ་བྱས་རེ་གཙོ་བོའི་བཙོན་པ་ང་པའུ་ལུ་ཁྱེད་ཀྱ་ལ་ཞུ་བ་དེ་ཀྱ་འབུལ་ལ་ཡིན། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་མཛད་ཛ་གོ་ལ་རྟེན་ཐུབ་ཀྱིན་མི་ཚེ་སྐྱོལ།


གི་བྱས་རེ་སྨྲ་ན་འོ་རང་ཁོང་པ་ཡི་སྐུ་ལུས་ཀྱི་ཡན་ལག་ཀྱ་ལགས།


དད་པ་དང་བརྩེ་བ་དེ་ཁྱེད་ཀྱི་དོན་དུ་ནམ་མཁའི་ཞིང་ཁམས་དུ་བཞག་ཞ་རེ་བ་ཡིས་བྱས་རེ་ལགས། འདིའི་སྐོར་ལ་ཁྱེད་ཀྱ་ཡིས་བདེན་པའི་བཀའ་ཡི་གཏམ་བཟང་ནས་ཨེན་དུ་རུ་གོ་འོད་ད་ལགས།


མཱ་ཤི་ཀའི་ཞི་བདེ་ཡིས་ཁྱེད་རི་སེམས་ལ་དབང་བསྒྱུར་བྱེད་དུ་ཆུག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཞི་བདེ་ནང་དུ་ལུས་གཅིག་གི་ཡན་ལག་ཅོག་རེ་གནས་ཡས་ལ་བོས་པ་ཡིན། དེ་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས།


ད་འོ་རང་ལ་བརྩེ་བ་གནང་རེ་ཐུགས་རྗེའི་ཐོག་ནས་མཐའ་མེད་ཀྱིན་སེམས་ཀྱི་བདེ་བ་དང་། རེ་བ་བཟང་པོ་གནང་མཁན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་པ་དང་འོ་རི་ཡབ་དཀོན་མཆོག་གིས།


འོ་རི་སྐྱབས་མགོན་དཀོན་མཆོག་དང་འོ་རི་རེ་བ་མཱ་ཤི་ཀ་ཡེ་ཤུའི་བཀའ་ལ་རྟེན་ཏེ། མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ནས།


འོ་དེ་ལབ་བདེན་པ་གོ་དཀོན་མཆོག་གིས་ཨེན་མ་ནས་མཛད་ཛ། དམ་བཅའ་མཐའ་མེད་པའི་ཚེ་སྲོག་གི་རེ་བ་གོ་ལགས། དཀོན་མཆོག་ནམ་མའང་ཟོག་མི་གསུངས་ང་ལགས།


དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།


དེ་རེ་བྱས་རེ་ཁོང་པ་ཡི་ཐུགས་རྗེ་ཡི་ཐོག་ནས། དཀོན་མཆོག་གི་དྲུང་དུ་འོ་རང་དྲང་པོ་བྱུང་བ་ལགས། དེ་ནས་འོ་རང་གིས་རེ་བ་བྱེད་ཀྱིན་མཐའ་མེད་པའི་ཚེ་སྲོག་གི་བརྒྱུད་འཛིན་བསྐོས་མཛད་པ་ལགས།


དེ་ནས་ཁྱེད་ཀྱ་ཁོང་པ་ཡི་སྒོ་ནས་རང་དཀོན་མཆོག་ལ་དད་པ་སྐྱེས་བ་ལགས། དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་གསོན་པོ་མཛད་དེ་ཁོང་ལ་གཟི་བརྗིད་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་ལ་དད་པ་བྱས་རེ་རེ་བ་བྱེད་ད་ལགས།


དེ་ནས་ཁོང་པ་གཙང་མ་འོད་ཀྱིན་ཅོག་རེ་ཁོང་གི་ཁར་ལ་དེ་རེ་རེ་བ་བཞག་གིན་གི་རི་ཡིས་རང་ལ་གཙང་མ་བཞག་བ་ལགས།


Lean sinn:

Sanasan


Sanasan