Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 2:2 - གློ་བ།

2 འོ་དེ་གང་ལ་ཁྱེད་ཀྱ་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་ཀྱ་བསྲུངས་རེ། བར་སྣང་ཁམས་ཀྱི་ནུས་མཐུ་ཀྱ་ལ་དབང་བྱེད་མཁན་ལ་བརྩིས་རེ་འོ་རེ་མི་ཚེ་བསྐྱལ་ལ་ལགས། དེ་ནས་སེམས་ཉིད་འདི་ཡིས་རང་ད་ལྟ་དཀོན་མཆོག་གི་བཀའ་ལ་མེད་ཉན་གྱིན་མི་ཀྱ་ཡི་ཁར་ལ་དབང་བྱེད་ད་ལགས།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 2:2
64 Iomraidhean Croise  

མིའི་བུ་ནི་ཟ་འཐུང་བྱས་རེ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ། ལྟོས་དང་། ཟ་འདྲེ་དང་ཆང་འཐུང་བ། དེ་ནས་ཁྲལ་སྡུད་མཁན་དང་སྡིག་ཅན་ཀྱ་ཡི་རོགས་བ་སྨྲས་རེ་སྨྲས་ལགས། ཡིན་ནའང་ཤེས་རབ་དེ་འོ་དེའི་ལས་ཀའི་ཐོག་ནས་ཡང་དག་པ་ཡིན་གྱིན་གོ་ཁུངས་བསྐྱལ་ལ་ལགས།


ཡང་ཚེར་མའི་ཁོག་ལ་འཐོར་ཐ་ས་ང་གོ་དཀོན་མཆོག་གི་བཀའ་གོ་མཉན་ཏེ། ཡིན་ནའང་འཇིག་རྟེན་གྱི་སྔུག་ང་དང་རྒྱུ་ནོར་གྱི་སླུ་བྲིད་ཀྱིས་བཀའ་དེ་ལ་བསྣེམས་ཏེ་འོ་དེ་འབྲས་བུ་མེད་ཆགས་ཀྱིན་མི་ཅོག་རེ་ལགས།


ཞིང་གོ་འཇིག་རྟེན་ལགས། དེ་ནས་ས་ང་བཟང་པོ་ཀྱ་རྒྱལ་སྲིད་ཕྲུ་བ་ཀྱ་ལགས། ཡུགས་སྤུ་ཀྱ་བདུད་ཀྱི་ཕྲུ་བ་ཀྱ་ལགས།


ཡིན་ནའང་འཇིག་རྟེན་གྱི་སྡུག་བསྔལ་དང་རྒྱུ་ནོར་ལ་དགའ་མཁན་དང་། གཞན་མ་སྣ་ཚོགས་ཀྱི་འདོད་ཆགས་ཀྱི་བྱས་རེ་བཀའ་གོ་འཚར་དུ་མི་བཅུག་གི་ལགས། དེ་ནས་འོ་དེ་ནས་འབྲས་བུ་མེད་སྐྱེ་གི་ལགས།


ད་བདག་པོ་ཡིས་འོ་དེ་གཉེར་པ་མེད་དྲང་ང་ལ་རང་གི་ཕྱིར་ལ་དེ་རེ་སྤྱང་གྱུ་བྱེད་ཀྱིན་གོ་ལ་བསྟོད་སྒྲ་བཏང་བ་ལགས། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་མི་ཀྱ་རང་གི་ཅོག་རེ་ཀྱ་མུ་ལ་སྤྱང་གྱུ་བྱེད་ཡས་ལ་འོད་ཀྱི་ཕྲུ་བ་ཀྱ་ནས་མཁས་བ་འོད་ད་ལགས།


འོ་དེ་གཤམ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སི་མོན། སི་མོན། དུ་རུ་ཉན། སཱ་ཏན་གྱིས་ཁྱོད་ལ་གྲོ་ཅོག་རེ་འོ་འཕྱར་ཡས་ལ་ཞུས་འདུག།


ད་འཇིག་རྟེན་གྱི་ཁྲིམས་བཅད་ཡས་ཀྱིས་དུས་བབ་འདུག། ད་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ཕི་ལ་གཡུག་གི་ལགས།


དགོང་མོ་ཞལ་ལག་བཞེས་ཡས་ཀྱི་དུས་ལ་སི་མོན་གྱི་བི་ཛ་ཡུ་དཱ་ཨཱིས་ཀ་རི་ཨཱོད་ཀྱི་སེམས་ལ་བདུད་ཀྱིས་ཡེ་ཤུ་ལ་དགྲའི་ལག་ལ་རྩི་བརྒྱབ་ཡས་ཀྱི་བསམ་བློ་བཞག་ཚར་ར་ལགས།


གྱང་ག་གི་དུམ་བུ་གོ་ལེན་ལུང་མེད་ད་ལ་ཡུ་དཱ་ཡི་ནང་དུ་བདུད་འཛུལ་བ་ལགས། དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་གི་བྱེད་ཡས་ཡིན་གྱིན་གོ་མགྱོགས་སེ་བྱེད།


ད་ང་ཁྱེད་ཀྱ་མུ་ལ་ལབ་ཡུན་རིང་མེད་བཏང་། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་འོང་བའི། ངའི་ཐོག་ལ་ཁོ་ལ་དབང་མེད་ད་ལགས།


ཁྱེད་ཀྱ་འཇིག་རྟེན་གྱི་ཡིན་གྱིན་གོ་ཡིན་ན། འཇིག་རྟེན་གྱིས་རང་གི་ཡིན་མཁན་གོ་ལ་བྱམས་པ་བྱེད་ཡས་འོད། ཡིན་ནའང་ཁྱེད་ཀྱ་འཇིག་རྟེན་གྱི་མ་ལགས། ངས་འཇིག་རྟེན་ནས་ཁྱེད་ཀྱ་ལ་བདམས་ད་བྱས་རེ་འཇིག་རྟེན་གྱི་ཁྱེད་ཀྱ་ལ་སྡང་ང་བྱེད་ད་ལགས།


དེ་ནས་ཁྲིམས་གཅོད་ཀྱི་སྐོར་ལ་སྨྲ་ན། འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ལ་ཁྲིམས་ཕོག་ཚར་ར་ལགས།


འཇིག་རྟེན་གྱིས་ཁྱེད་ཀྱ་ལ་སྡང་ང་བྱེད་མི་ཐུབ་ཀྱི་ལགས། ཡིན་ནའང་ངས་འཇིག་རྟེན་གྱི་ལས་ཀ་ཀྱ་ངན་པ་ཡིན་གྱིན་གོ་དཔང་པོ་བྱས་རེ་ང་ལ་སྡང་ང་བྱེད་ད་ལགས།


ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་འོག་ནས་ཡིན། དེ་ནས་ང་ཐོད་ནས་ཡིན། ཁྱེད་ཀྱ་འདི་འཇིག་རྟེན་གྱི་ལགས། དེ་ནས་ང་འདི་འཇིག་རྟེན་གྱི་མིན།


ཁྱེད་ཀྱ་ཁྱེད་རི་ཡབ་བདུད་ཀྱི་ལགས། དེ་ནས་ཁྱེད་ཀྱི་ཡབ་ཀྱི་འདོད་པ་བྱེད་ཡས་ལ་ཁྱེད་ཀྱ་འདོད་ད་ལགས། བདུད་ནི་ཐོག་མ་ནས་རང་སྲོག་བཅད་མཁན་དང་བདེན་པ་ལ་འབྲལ་བ་གིའང་མེད་ད་ལགས། གི་བྱས་རེ་སྨྲ་ན་ཁོའི་ནང་བདེན་པ་མེད་ད་ལགས། དེ་ནས་ཁོ་ཟོག་བཤད་མཁན་དང་ཟོག་གི་ཡབ་བྱས་རེ། ཁོས་ཟོག་བཤད་དེ་གང་ལ་རང་གི་གཤིས་ཀ་ལ་བརྟེན་ཏེ་བཤད་ད་ལགས།


དེ་ནས་གཤམ་ལ་འོ་དེ་རྒྱལ་ས་ཡི་དཔོན་པོ་གཅིག་གིས་མི་མང་ཀྱ་ལ་ཁ་པ་བཟོས་རེ་སྨྲས་བ་ལགས། ཨེ་ཕེ་སུ་ཡི་མི་ཀྱ་བོ། དེ་ཨེ་ཕེ་སུ་ཡི་རྒྱལ་ས་དེ་ཨར་ཏེ་མཱི་ལྷ་མོའི་ལྷ་ཁང་དང་། གནམ་ནས་བབ་པ་ཁོང་པ་ཡི་སྐུ་འདིའི་རྒྱལ་ས་ལགས་སྨྲས་རེ་སུ་ལ་ཆ་མེད་ད་ལགས་སེ།


དེ་ནས་པེ་ཏྲོ་ཡིས་སྨྲས་བ་ལགས། ཨ་ནན་ཡཱ། ཁྱེད་རི་སེམས་བདུད་ཀྱི་དབང་ཆ་ལ་སྟེར་ཏེ། དམ་པའི་ཐུགས་ཉིད་མུ་ལ་གི་བྱས་རེ་ཟོག་བཤད་ད། ས་བཙོངས་ཙ་ནས་ཨ་ལེ་ཏི་ཏེ་གཅིག་ཁྱོད་རི་མུ་ལ་གི་བྱས་རེ་སྦས་རེ་བཞག་བ།


དེ་ནས་འདི་འཇིག་རྟེན་གྱི་ལུགས་སྲོལ་ལ་མ་འདྲེ། ཡིན་ནའང་དཀོན་མཆོག་ལ་ཁྱོད་རི་སེམས་པ་བསྒྱུར་ར་མཛད་དེ། ཁྱོད་ལ་མི་གསར་པ་གཅིག་མཛད་དུ་ཆུག། དེ་ནས་དཀོན་མཆོག་གི་ཐུགས་དགོངས་ནི་བཟང་པོ་དང་། ཐུགས་མཉེས་བོ་དང་། ཕུན་སུམ་ཚོགས་པ་ཡིན་གྱིན་གོ་ཁྱེད་ཀྱ་ཡིས་ཤེས་ཀྱི་ལགས།


འོ་དེའི་དོན་དག་གོ་འདི་འཇིག་རྟེན་གྱི་ལོག་གཡེམ་པ་ཀྱ་དང་། ཧམ་པ་བྱེད་མཁན་ཀྱ་དང་། སླུ་མཁན་ཀྱ་དང་། སྐུ་འདྲ་ལ་མཆོད་མཁན་ཀྱ་མུ་ལ་ཕུ་ཀི་འབྲེལ་བ་མ་བྱེད་སྨྲས་རེ་སྨྲ་མ་ལགས། དེ་རེ་བྱེད་ཡས་ཡིན་ན། ཁྱེད་ཀྱ་འདི་འཛམ་གླིང་དེ་ནས་རང་ཐོན་ཏེ་འགྲོ་དགོས་གུ་ལགས།


དེ་ནས་ཁྱེད་ཀྱ་ནང་ནས་རིང་འགའ་ཨེན་མ་དེ་རེ་འོད་ད་ལགས། ཡིན་ནའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་དང་། འོ་རི་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱ་གཙང་མ་དང་། དམ་པ་དང་། དྲང་པོ་མཛད་པ་ལགས།


ཁོང་ཀྱ་ཡི་སྐོར་ལ་བཤད་དགོས་ན། དཀོན་མཆོག་གི་དབྱིབས་ཡིན་གྱིན་མཱ་ཤི་ཀའི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཁོང་ཀྱ་ལ་མཐོང་དུ་མི་བཅུག་ཡས་ལ། འདི་འཇིག་རྟེན་གྱི་ལྷ་ཡིས་དད་པ་མི་བྱེད་མཁན་ཀྱ་ཡི་སེམས་ཞ་ར་ཀྱ་ལད་མོ་མེད་མཐོང་གིན་བཟོས་འོད་ད་ལགས།


འོ་རི་དཀོན་མཆོག་དང་ཡབ་ཀྱི་ཐུགས་དགོངས་སྒྲུབ་ཡས་ལ། ཡེ་ཤུ་མཱ་ཤི་ཀ་ཡིས་འོ་རང་ལ་ད་ལྟ་ཡི་དུས་ངན་པ་ནས་ཐར་དུ་བཅུག་ཡས་ལ། འོ་རི་སྡིག་པ་ཀྱ་ཡི་ཕྱིར་ལ་རང་གི་སྐུ་སྲོག་བློ་བཏང་བ་ལགས།


དེ་ནས་ཁོང་པ་ཡིས་མཱ་ཤི་ཀ་ལ་ཁྲིམས་དང་དབང་། དེ་ནས་ནུས་མཐུ་དང་རྒྱལ་སྲིད་གི་རི། དེ་ནས་དེ་དུས་རབས་ཀྱི་གཅིག་ཀ་མིན་ད། མ་འོངས་པ་ཡི་དུས་རབས་ལ་འོང་གིན་མཚན་གི་རི་ལས་མཐོ་ཤོས་བསྐོས་མཛད་པ་ལགས།


འོ་བྱས་རེ་དྲན་གསོ་བྱེད། ཁྱེད་ཀྱ་སྐྱེས་ནས་ཧ་ལ་རང་ཡ་ཧུ་དཱ་པ་མིན་གྱིན་འོད་ད་རང་། ལུས་ལ་ལག་པ་ཡི་ཐོག་ནས་ལྤགས་བོ་བཅད་ཅ་ཡ་ཧུ་དཱ་པ་ཀྱ་ཡིས་ཁྱེད་ཀྱ་ལ་ལྤགས་བོ་མ་བཅད་ཅ་ཀྱ་སྨྲས་རེ་སྨྲ་ལགས།


ཡིན་ནའང་འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ཡེ་ཤུ་ནས་ཐག་རིང་ང་འོད་མཁན་ཀྱ་ད་ལྟ་མཱ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཉེ་ལ་ཁྲིད་འོད་ད་ལགས།


ཁོང་ཀྱ་ཡི་གུང་དུ་འོ་རང་གི་རིའང་རང་གི་འདོད་ཆགས་ཀྱི་དབང་འོག་ཏུ་བསྡད་དེ། རང་གི་ལུས་སེམས་ཀྱི་འདོད་པ་ལ་མཐུན་གྱིན་ལས་ཀ་ཀྱ་ཨེན་མ་བྱེད་ད་ལགས། དེ་ནས་མི་གཞན་མ་ཀྱ་ཅོག་རེ་འོ་རང་ཀྱ་ལ་དཀོན་མཆོག་གི་ཐུགས་ཁྲོ་ཕོག་དགོས་ཡས་འོད་ད་ལགས།


ད་ང་གཙོ་བོའི་ནང་བཀའ་ཤུགས་ཆེ་སྟེར་ཏེ་སྨྲ་ཡིན། ཁྱེད་ཀྱ་དེ་ནས་ཧ་ལ་ཡ་ཧུ་དཱ་པ་མིན་གྱིན་མི་ཀྱ་ཅོག་རེ་དོན་མེད་ཀྱིན་བསམ་བློ་ཀྱ་བཏང་རེ་མི་ཚེ་མ་བསྐྱལ།


དེ་ནི་སླུ་གིན་འདོད་ཆགས་ཀྱིས་རུལ་ར་ཨེན་མ་མི་ཚེའི་སྤྱོད་པ་ལ་མཐུན་གྱིན་ཁྱེད་རི་སྤྱོད་པ་རྙིང་པ་གོ་སྤོངས།


ཁྱེད་ཀྱ་ལ་སུས་འང་ཁུངས་མེད་ཀྱིན་ལབ་ཀྱ་བཏང་རེ་མ་བསླུས་བར་ཤོག། གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ཡིས་བྱས་རེ་དཀོན་མཆོག་གི་ཐུགས་ཁྲོ་བཀའ་ལ་མེད་ཉན་གྱིན་ཀྱ་ཡི་ཁ་ལ་འཕོག་བ་ལགས།


གི་བྱས་རེ་སྨྲ་ན་སྐབས་གཅིག་ལ་ཁྱེད་ཀྱ་མུན་ནག་ནང་འོད་ད་ལགས། ཡིན་ནའང་ད་ལྟ་གཙོ་བོའི་ནང་ཁྱེད་ཀྱ་འོད་ནང་དུ་འོད་ད་ལགས། འོད་ཀྱི་ཕྲུ་བ་ཀྱ་ཅོག་རེ་མི་ཚེ་སྐྱོལ།


གི་བྱས་རེ་སྨྲ་ན་འོ་རི་དམག་འཁྲུག་ནི་ཤ་ཁྲག་གི་མི་མུ་ལ་མ་ལགས། ཡིན་ནའང་དཔོན་རིགས་ཀྱ་དང་། དབང་བྱེད་མཁན་ཀྱ། དེ་ནས་འཇིག་རྟེན་དེའི་མུན་ནག་གི་དབང་བྱེད་མཁན་ཀྱ་དང་། ནམ་མཁའ་ཀྱ་ལ་འོད་ཀྱིན་ངན་པའི་སེམས་ཉིད་ཀྱི་དམག་མི་ཀྱ་མུ་ལ་ལགས།


ཨེན་མ་ཁྱེད་ཀྱ་ལས་ངན་པ་བྱས་རེ་དཀོན་མཆོག་ནས་ཁ་བྲལ་རེ། རྒྱང་དུ་སོང་རེ་རང་གི་སེམས་ནས་ཁོང་ལ་དགྲ་ཟིམ་པ་ལགས།


གི་བྱས་རེ་སྨྲ་ན་དེ་མཱ་འཇིག་རྟེན་འདི་ལ་ཆགས་ཏེ་ང་ལ་སྤངས་རེ་ཐེ་ས་ལོ་ནི་ཀེ་རུ་ལ་སོང་། དེ་ནས་ཀ་རེ་སི་ཀེན་ནི་ག་ལ་ཏི་ཡཱ་ཡུལ་ཕྱོགས་ལ་ལ་སོང་། དེ་ནས་ཏི་ཏོས་ནི་དལ་མ་ཏི་ཡཱ་ཡུལ་ཕྱོགས་ལ་ལ་སོང་།


འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་གཙང་མ་དང་སྐྱོན་མེད་ཀྱིན་ཆོས་ནི། དཀའ་ལས་ཕྲད་དེ་བསྡད་ད་དྭོ་སེ་ཀྱ་དང་ཡུགས་ས་མ་ཀྱ་ལ་ལྟ་རྟོག་བྱེད་ཡས་དང་། རང་ལ་འཇིག་རྟེན་གྱི་མེད་གཙང་ང་ནས་སྲུང་ཡས་ལགས།།


འོ་རེ་མི་ཡིས་རང་ལ་གཙོ་བོ་ནས་གཅིག་རེ་ཐོབ་གྲོ་སྨྲས་རེ་མ་བསམ་དགོས།


ཁྱེད་ལོག་གཡེམ་པ་ཀྱ་བོ། འཇིག་རྟེན་ལ་ཆགས་མཁན་ཀྱ་ནི་དཀོན་མཆོག་གི་དགྲ་ལ་ལངས་ང་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། འོ་བྱས་རེ་འཇིག་རྟེན་ལ་ཆགས་ཉིད་འདོད་མཁན་ཀྱ་ཡིས་རང་ལ་དཀོན་མཆོག་གི་དགྲ་བཟོ་བ་ལགས།


ཁྱེད་ཀྱ་ཕྲུ་བ་ཁ་ལ་ཉན་པོ་ཀྱ་ཅོག་རེ། ཨེན་མ་ཁྱེད་ཀྱིས་མ་ཤེས་བ་ལ་བྱས་བྱ་འདོད་ཆགས་ཀྱ་ལ་ཡང་ཁྱེད་ཀྱ་མ་འདྲེ།


གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ཨེན་མ་དད་པ་མི་བྱེད་མཁན་མི་ཀྱ་ཅོག་རེ་ལོག་གཡེམ་དང་། འདོད་ཆགས་དང་། ར་བཟི་གིན་དང་། ཆོ་མེད་ཀྱིན་ལྟད་མོ་དང་། ཆང་ཨ་རག་གི་ཐུགས་སྤྲོ་དང་། ཨམ་ལོག་བ་ལྷ་སྐུ་འདྲ་ལ་མཆོད་ཀྱིན་ལས་ཀ་ཀྱ་ལ་དུས་ཚོད་མང་ང་བསྐྱལ་བ་ལགས།


ལོག་གཡེམ་གྱིས་ཁངས་ཁ་ཁོང་ཀྱ་ཡི་མིག་གིས་སྡིག་པ་བྱེད་ཡས་ལ་ནམ་མའང་མཚམས་མེད་བཞག་ལགས། དེ་ནས་བརྟན་པོ་མེད་ཀྱིན་སེམས་འོད་མཁན་ཀྱ་ལ་ཁོང་ཀྱ་ཡིས་སླུ་ལ་ལགས། ཁོང་ཀྱ་ཡི་སེམས་སེར་སྣ་བྱེད་ཡས་ལ་གོམས་འོད་ད་ལགས། དེ་ནས་ཁོང་ཀྱ་དམོད་མོ་ཕོག་པ་བུ་ཕྲུག་ལགས།


དྲང་པོ་ཡིན་གྱིན་གོ་མི་བྱེད་ཀྱིན་དང་རང་གི་སྤུན་ཀྱ་ལ་བྱམས་པ་མི་བྱེད་ཀྱིན་སུའང་དཀོན་མཆོག་གི་སྲས་དང་སྲས་མོ་མ་ལགས། འདིའི་སྒོ་ནས་རང་དཀོན་མཆོག་གི་སྲས་དང་སྲས་མོ་སུ་ཡིན་མཁན་དང་། བདུད་ཀྱི་ཕྲུ་བ་སུ་ཡིན་མཁན་གོ་འོ་རིས་ངོ་ཤེས་ལ་ལགས།


སྡིག་པ་བྱས་རེ་བསྡད་མཁན་ནི་བདུད་ཀྱི་ལགས། གི་བྱས་རེ་སྨྲ་ན་བདུད་ཀྱིས་ཐོག་མ་ནས་རང་སྡིག་པ་བྱས་རེ་འོང་འོད་ད་ལགས། དེ་ནས་བདུད་ཀྱི་ལས་ཀ་ཀྱ་མེད་ད་ལ་བཏང་ཡས་ཀྱི་ཆེད་དུ་རང་། དཀོན་མཆོག་གི་སྲས་མངོན་ད་མཛད་པ་ལགས།


གཅེས་བའི་ཕྲུ་བ་ཀྱ་བོ། ཁྱེད་ཀྱ་དཀོན་མཆོག་ནས་ལགས། དེ་ནས་ཁོང་ཀྱ་ཡི་ཁར་ལ་རྒྱལ་ཚར་ལགས། གི་བྱས་རེ་སྨྲ་ན་འཇིག་རྟེན་དུ་འོད་ཀྱིན་གོ་ནས་འང་། ཁྱེད་ཀྱི་ནང་དུ་བཞུགས་མཁན་གོ་ཁག་ཆེ་ལགས།


འོ་རང་དཀོན་མཆོག་ནས་ལགས། དེ་ནས་འཇིག་རྟེན་གི་རི་བདུད་ཀྱི་དབང་འོག་ལ་འོད་ད་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།


གི་བྱས་རེ་སྨྲ་ན་དཀོན་མཆོག་ནས་སྐྱེས་ཀྱ་གི་རི་ཡིས་འཇིག་རྟེན་འདི་ལ་རྒྱལ་ག་ཐོབ་པ་ལགས། དེ་ནས་འཇིག་རྟེན་དེ་ཐར་ཏེ་རྒྱལ་ག་ཐོབ་ཐ་གོ་འོ་རི་དད་པ་ལགས།


འོ་དེ་འབྲུག་ཆེ་གོ་མ་ལ་གཡུགས་པ་ལགས། དེ་ནི་འཇིག་རྟེན་གྱི་མི་གི་རི་ལ་བསླུ་གིན་བདུད་ཡང་ན་སཱ་ཏན་སྨྲས་རེ་སྨྲ་མཁན་ཨེན་མ་ཨེན་མའི་སྦྲུལ་གོ་ལགས། འོ་དེ་ལ་ས་གཞི་རུ་གཡུགས་པ་ལགས། དེ་ནས་འོ་དེ་མུ་ལ་ཁོའི་བང་ཆེན་ཀྱའང་གཡུགས་པ་ལགས།


དེ་ནས་སེམས་ཅན་དང་པོའི་ཚབ་ལ་ཧང་སང་གིན་རྟགས་ཀྱ་སྟོན་ཡས་ཀྱི་ནུས་མཐུ་ཁོ་ལ་སྟེར་འོད་ད་ལགས། དེ་ནས་འདིའི་ཐོག་ནས་འོ་དེ་ཡིས་ས་གཞིའི་མི་ཀྱ་ལ་བསླུས་བ་ལགས། དེ་ནས་རལ་གྲི་གིས་རྨ་བཟོས་རེའང་གསོན་པོ་བྱུང་བྱ་སེམས་ཅན་དང་པོ་ལ་དམིགས་ཏེ་སྐུ་བཟོ་ཡས་ལ་འོ་དེ་ཡིས་མི་ཀྱ་ལ་བསྐུལ་བ་ལགས།


དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།


དེ་ནས་ནམ་མཁའི་བང་ཆེན་བདུན་པ་ཡིས་རང་གི་ཕོར་ར་གོ་རླུང་ལ་པོས་བ་ལགས། དེ་ནས་མཆོད་ཁང་གི་བཞུགས་ཁྲི་ནས་གསུང་སྐད་ཆེ་གཅིག་གིས་དེ་རེ་གསུངས་བ་ལགས། ད་རྫོགས་སོ།


ཁོང་པ་ཡིས་འོ་དེ་འབྲུག། ཡང་ན་ཨེན་མ་ཨེན་མའི་སྦྲུལ། ཡང་ན་འདྲེ། ཡང་ན་བདུད་སཱ་ཏན་གོ་ལ་ཟིམ་པ་ལགས། དེ་ནས་ལོ་གཅིག་སྟོང་གི་ཆེད་དུ་བཀྱིགས་ཏེ་བཞག་པ་ལགས།


Lean sinn:

Sanasan


Sanasan