Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 2:10 - གློ་བ།

10 གི་བྱས་རེ་སྨྲ་ན་འོ་རང་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མཱ་ཤི་ཀ་ཡེ་ཤུ་ནང་བཀོད་ཀ་དཀོན་མཆོག་གི་ཕྱག་བཟོ་ལགས། དེ་ནས་དེ་རེ་བྱེད་ཡས་ལ་ཁོང་པ་ཡིས་འོ་རང་ལ་ཨེན་མ་ནས་རང་གྲ་སྒྲིག་མཛད་པ་ལགས།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 2:10
58 Iomraidhean Croise  

དེ་རེ་བྱས་རེ་རང་ཁྱེད་ཀྱ་ཡི་ལས་བཟང་གོ་མི་ཀྱ་ཡིས་མཐོང་རེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་ཀྱི་ཡབ་ལ་བསྟོད་པ་འབུལ་ཡས་ལ། ཁྱེད་ཀྱ་ཡི་འོད་མི་ཀྱ་ཡི་གདོང་དུ་ཤར་དུ་ཆུག


ཡིན་ནའང་བདེན་པའི་ལག་ལེན་བྱེད་མཁན་ཀྱ་ཡི་ལས་ཀ་ཀྱ་དཀོན་མཆོག་ལ་རྟེན་ཏེ་བྱེད་ཀྱིན་གོ་གསལ་བོ་མཐོང་ཡས་ཀྱི་ཕྱིར་ལ་ཁོང་ཀྱ་འོད་དུ་འོང་ང་ལགས།


དེ་གཤམ་ནས་ཡུ་དེ་ཡཱ་དང་། ག་ལིལ་དང་། ས་མར་ཡཱ་ཕྱོགས་ཀྱི་ཆོས་ཚོགས་ནང་དུ་ཞི་བདེ་བྱུང་བ་ལགས། དེ་ནས་གཙོ་བོ་ལ་འཇིགས་ཏེ་དམ་པའི་ཐུགས་ཉིད་ཀྱི་སེམས་ཤུགས་འབྱོར་ཏེ། ཆོས་ཚོགས་ཀྱ་ཤུགས་ཆེ་བྱུང་རེ་མང་དུ་སོང་བ་ལགས།


ཡོ་ཕཱ་སྨྲ་གིན་རྒྱལ་ས་རུ་ཏཱ་བི་ཐཱ་སྨྲ་གིན་དད་པ་བྱེད་མཁན་བུ་མོ་གཅིག་འོད་ད་ལགས། གྷི་རིག་སྐད་ལ་མོའི་མིང་དོར་ཀ་སཱ་སྨྲ་ན་ཤ་བ་ལགས། མོ་ནམ་ཡིན་ན་ལས་བཟང་དང་སྐྱོ་བ་ཀྱ་ལ་རོགས་བ་བྱེད་ད་ལགས།


འོ་བྱས་རེ་ད་མཱ་ཤི་ཀ་ཡེ་ཤུའི་ནང་གནས་ཀྱིན་ཀྱ་ལ་ཆད་པ་ཕོག་ཡས་མེད་ད་ལགས།


གི་བྱས་རེ་དཀོན་མཆོག་གིས་རང་གི་མི་ཀྱ་ལ་ཐོག་མ་ནས་ངོ་མཁྱེན་ད་མཛད་ད་ལགས། དེ་ནས་ཁོང་གི་སྲས་སྤུན་མང་ང་ཡི་ནང་ནས་ཨེན་ལ་སྐྱེས་ཀྱ་འབྱུང་ཡས་ཀྱི་ཆེད་དུ། རང་གི་མི་ཀྱ་ལའང་རང་གི་སྲས་ཅོག་རེ་འབྱུང་ཡས་ལ། ཁོང་པ་ཡིས་བདམས་མ་མཛད་པ་ལགས།


གི་བྱས་རེ་སྨྲ་ན་འེ་ཀྱ་ནི་དཀོན་མཆོག་གི་ལས་རོགས་ཀྱ་ཡིན། དེ་ནས་ཁྱེད་ཀྱ་གོ་དཀོན་མཆོག་གི་ཞིང་དང་བཞུགས་ཁང་ལགས།


འོ་བྱས་རེ་མཱ་ཤི་ཀའི་ནང་འོད་ཀྱིན་གོ་ནི་བཀོད་པ་གསར་པ་ལགས། རྙིང་པ་ནི་མེད་ད་ལ་སོང་འདུག། ད་ལྟོས་དང་། གསར་པ་གོ་འགོ་འཛུགས་འདུག།


དེ་ནས་འོ་རང་ལ་དེ་རང་གི་ཆེད་དུ་གྲ་སྒྲིག་མཛད་ཀྱིན་གོ་དཀོན་མཆོག་ལགས། དེ་ནས་ཁོང་རང་གི་འོ་རང་ལ་འགན་ལེན་གྱི་ཆེད་དུ་དམ་པའི་ཐུགས་ཉིད་གནང་ང་མཛད་པ་ལགས།


དེ་ནས་ཁྱེད་ཀྱ་ལ་དགོས་ཀྱིན་གི་རི་ཙོག་བའི་མོད་ཆོ་ལི་འོང་ཡས་དང་། ལས་བཟང་ང་གི་རིའི་ཆེད་དུ་ཁྱེད་ཀྱ་ཡིས་མོད་ཆོ་ལི་འབུལ་ཐུབ་བ་ཤོག་སྨྲས་རེ། དཀོན་མཆོག་གིས་ཁྱེད་ཀྱ་ལ་བྱིན་རླབས་འོད་ལེ་གོ་མོད་ཆོ་ལི་གནང་མཛད་ཐུབ་བ་ལགས།


གསར་པ་སྐྱེས་མཁན་མ་ན། ལྤགས་བོ་བཅད་ཀྱིན་སྲོལ་སྲུང་གིན་དང་མི་སྲུང་གིན་གཉིས་ཀ་ར་དོན་མེད་ད་ལགས།


དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ནས། ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་ཀྱིན་ཨེ་ཕེ་སུ་རྒྱལ་ས་རུ་འོད་མཁན་དམ་པའི་མི་ཀྱ་ལ།


དཀོན་མཆོག་གི་དྲུང་དུ་འོ་རང་དམ་པ་དང་སྐྱོན་མེད་ཀྱིན་འོང་ཡས་ཀྱི་ཕྱིར་ལ། འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀའི་ཐོག་ནས་ཁོང་པ་ཡིས་འོ་རང་ལ་བདམས་མ་མཛད་པ་ལགས།


ཡིན་ནའང་འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ཡེ་ཤུ་ནས་ཐག་རིང་ང་འོད་མཁན་ཀྱ་ད་ལྟ་མཱ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཉེ་ལ་ཁྲིད་འོད་ད་ལགས།


དེ་ནི་ཁོང་པ་ཡིས་ཡ་ཧུ་དཱ་པ་ཆོས་ཁྲིམས་ཀྱི་བཀའ་ཁྲིམས་གི་རི་མེད་ད་ལ་མཛད་དེ་། རང་གི་ཐོག་ནས་ཁག་གཉིས་བོའི་ཚབ་ལ་གསར་པ་གཅིག་ལ་སྡུམ་དེ་ཞི་བདེ་མཛད་པ་ལགས།


འོ་དེ་གང་ལ་ཁྱེད་ཀྱ་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་ཀྱ་བསྲུངས་རེ། བར་སྣང་ཁམས་ཀྱི་ནུས་མཐུ་ཀྱ་ལ་དབང་བྱེད་མཁན་ལ་བརྩིས་རེ་འོ་རེ་མི་ཚེ་བསྐྱལ་ལ་ལགས། དེ་ནས་སེམས་ཉིད་འདི་ཡིས་རང་ད་ལྟ་དཀོན་མཆོག་གི་བཀའ་ལ་མེད་ཉན་གྱིན་མི་ཀྱ་ཡི་ཁར་ལ་དབང་བྱེད་ད་ལགས།


དེ་ནས་མཱ་ཤི་ཀ་ཡེ་ཤུ་མུ་ལ་འོ་རང་ལ་སླར་གསོན་པོ་མཛད་དེ། འོ་རང་ཁོང་མུ་ལ་ནམ་མཁའི་ཞིང་ཁམས་དུ་བསྡད་དུ་བཅུག་བ་མཛད་པ་ལགས།


འོ་བྱས་རེ་གཙོ་བོའི་བཙོན་པ་ང་པའུ་ལུ་ཁྱེད་ཀྱ་ལ་ཞུ་བ་དེ་ཀྱ་འབུལ་ལ་ཡིན། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་མཛད་ཛ་གོ་ལ་རྟེན་ཐུབ་ཀྱིན་མི་ཚེ་སྐྱོལ།


དེ་ནས་དཀོན་མཆོག་གི་གཤིས་ཀ་ལ་བདེན་པའི་དྲང་བདེན་དང་། དམ་པ་ལ་བཀོད་ཀ་གཤིས་ཀ་གསར་པ་གོ་ལེན་སྨྲས་རེ་ཁྱེད་ཀྱ་ལ་བསླབས་འོད་ད་ལགས།


དེ་ནས་ཁྱེད་ཀྱི་ནང་ལས་བཟང་ང་འགོ་འཛུགས་མཁན་དཀོན་མཆོག་ཁོང་གི་རང་མཱ་ཤི་ཀ་ཡེ་ཤུ་ཕེབས་ཀྱིན་ཉིན་མ་ཐུག་པའི། འདི་ལས་ཀ་དེ་སྒྲུབ་པ་མཛད་ཀྱི་ལགས་སྨྲས་རེ་ང་བློ་གཏད་འོད།


གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་དགོངས་བཟང་ང་ཡི་ཕྱིར་ལ་ཁྱེད་ཀྱ་འདོད་པ་དང་། ལས་ཀ་གཉིས་ཀ་ར་བྱེད་ཡས་ལ་དཀོན་མཆོག་གིས་རང་། ཁྱེད་ཀྱ་ནང་ཕྱག་ལས་མཛད་ད་ལགས།


དེ་ནས་གཙོ་བོ་ལ་བཀུར་སྟི་འོང་གིན་མི་ཚེ་པུད་ཡས་དང་། ཁོང་པ་ལ་གི་རི་ནས་ཐུགས་དགྱེས་རུ་བཅུག་ཡས། དེ་ནས་ལས་བཟང་ང་གི་རི་ལ་འབྲས་བུ་སྐྱེས་ཡས་དང་། དཀོན་མཆོག་གི་ཤེས་ཡོན་ལ་ཁྱེད་ཀྱ་ཚར་ཏེ་འགྲོ་ཡས་ཀྱི་ཕྱིར་ལ། འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད།


དེ་ནས་གཤིས་ཀ་གསར་པ་དེ་ཁས་ལེན་འོད་ད་ལགས། དེ་ནས་དེ་ནི་ཁྱེད་ཀྱ་ཡི་བཀོད་པ་པོའི་སྐོར་ལ་ཤེས་རབ་ཚང་གོ་གོ་འཐོབ་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་ལ་ཁོང་པ་རང་གི་གཤིས་ཀ་ལ་གསར་པ་མཛད་འདིག་འོད་ད་ལགས།


ཁྱེད་ཀྱ་ལ་སེམས་གསོ་གནང་བར་ཤོག དེ་ནས་ཙོག་བའི་ལས་བཟང་པོ་བྱེད་ཡས་དང་། དྲང་པོ་བཤད་ཡས་ལ་ཤུགས་གནང་བར་ཤོག །།


གི་བྱས་རེ་སྨྲ་ན་ཆོས་སེམས་ཅན་ཡིན་སྨྲ་གིན་སྐྱེས་དམན་ཀྱ་ཡིས་ལས་བཟང་ཀྱ་བྱེད་ན་ལེན་ད་འོད་ད་ལགས།


དེ་ནས་མོས་ཕྲུ་བ་ཀྱ་གསོ་སྐྱོང་བྱས་བྱ་དང་། མགྲོན་པོ་ཀྱ་ལ་བྱམས་པ་བྱས་བྱ་དང་། དད་པ་བྱེད་མཁན་དམ་པ་མི་ཀྱ་ཡི་ཞབས་འཁྲུད་ཁྲ་དང་། སྡུག་པོ་མྱངས་མཁན་ཀྱ་ལ་རོགས་བ་བྱས་བྱ་དང་། ལས་བཟང་ང་གི་རི་ལ་དོ་སྣང་སྟེར་ཏ། དེ་རེ་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མོའི་མིང་གྲགས་ཆེ་འོང་དགོས་གུ་ལགས།


དེ་རེ་བྱས་རེ་རང་ལས་བཟང་ང་ཀྱ་གསལ་བོ་མཐོང་ང་ལགས། དེ་ནས་མངོན་སུམ་དུ་མེད་མཐོང་གིན་ཀྱ་སྦས་རེ་བཞག་མི་ཐུབ་ཀྱི་ལགས།།


ཁོང་ཀྱ་ཡིས་ལས་ཀ་བཟང་ང་བྱེད་ཡས་དང་ལས་བཟང་ང་ལ་ཕྱུག་པོ། དེ་ནས་སྦྱིན་པ་བཏང་ཡས་ལ་དགའ་གིན་དང་། རང་ལ་འོད་ཀྱིན་གཞན་མ་ལ་བགོ་བར་ཤོག།


མེད་གཙང་ང་གི་རི་ནས་རང་ལ་གཙང་མ་བྱེད་ཀྱིན་མི་གོ། དུས་བཟང་ང་ཡི་ཕྱིར་ལ་བེད་སྤྱོད་བྱུང་རེ་དེ་ནས་དམ་པ་མཛད་ཀྱི་ལགས། ཁྱིམ་གྱི་བདག་པོའི་ཕྱིར་ལ་ཕན་ཐོགས་བ་དང་ལས་བཟང་ང་གི་ལ་ཡིན་ན་གྲ་སྒྲིག་འབྱུང་གི་ལགས།


འོ་བྱས་རེ་དཀོན་མཆོག་གི་མི་ཀྱ་ལས་བཟང་ང་གི་རི་ལ་འཇོན་པོ་དང་ཚང་གིན་འབྱུང་གི་ལགས།།


དེ་ནས་འོ་རི་སྡིག་པ་གི་རི་ནས་ཐར་པ་གནང་ཡས་ལ་དང་། འོ་རང་ལ་གཙང་མ་བཟོས་རེ་ཁོང་པ་ཁོ་རང་གི་ཕྱིར་ལ་མི་རིགས་མཛད་ཡས་ལ་དང་། ལས་ཀ་དྲང་པོ་བྱེད་ཡས་ལ་ཁས་ལེན་བྱེད་ཀྱིན་འབྱུང་ཡས་ལ། མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་བ་ལགས།


ལབ་གི་རི་ལ་རང་རང་ལ་ལས་བཟང་པོའི་དཔེ་སྟོན། ཁྱོད་རི་བསླབ་བྱ་གོ་དྲང་པོ་དང་ཡ་རབས།


དཔོན་པོ་ཀྱ་དང་དབང་ཆ་འོད་མཁན་མི་ཀྱ་ཡི་འོག་ལ་སྡོད། བཀའ་ལ་ཉན། དེ་ནས་ལས་བཟང་པོ་བྱེད་ཡས་ལ། ནམ་ཡིན་ན་བྱེད་ཆོག་ཆོག་བྱས་རེ་སྡོད་སྨྲས་རེ་ཁོང་ཀྱ་ལ་དྲན་གསོ་སློངས།


ཧ་ཏག་པ་ལ་དགོས་མཁན་ཀྱ་ལ་རོགས་བ་བྱེད་ཐུབ་ཡས་ལ། འོ་རི་མི་ཀྱ་ལས་བཟང་ང་བྱེད་ཡས་ལ། རང་རང་གི་དུས་ཚོད་གོ་ལག་ལེན་བྱེད་དགོས་ཀྱི་ལགས། དེ་ནས་ཁོང་ཀྱ་ཕན་མེད་ཐོགས་ཀྱིན་འབྱུང་གི་མ་ལགས།


འདི་ལབ་དེ་བདེན་པ་ལགས། དེ་ནས་དཀོན་མཆོག་ལ་དད་པ་བྱེད་མཁན་མི་ཀྱ་ལས་བཟང་ང་བྱེད་ཡས་ལ་འདོད་པ་འོང་བར་ཤོག་སྨྲས་རེ་དེ་བསླབ་བྱ་ཀྱ་ལ། ཁྱོད་ཤུགས་བརྒྱབ་ཡས་ལ་ངས་འདོད་པ་འོད། དེ་ཀྱ་མི་ཀྱ་ལ་བཟང་པོ་དང་ཕན་ཐོགས་བ་འདུག


བྱམས་པ་དང་ལས་བཟང་གི་ཆེད་དུ་འོ་རང་གཅིག་གིས་གཅིག་ལ་སེམས་ཤུགས་སྤར་ཡས་ལ་བསམ་བློ་བཏང་དགོས།


རང་གི་ཐུགས་དགོངས་སྒྲུབ་ཡས་ཀྱི་ཆེད་དུ་ཁྱེད་ཀྱ་ལ་དོན་བཟང་ང་གི་རི་གནང་བར་ཤོག། དེ་ནས་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོད་ཀྱིན་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཁོང་པ་དཀོན་མཆོག་ལ་ཐུགས་མཉེས་བོ་འོད་ཀྱིན་ལས་ཀ་གོ་ཁྱེད་ཀྱ་ནང་མཛད་ད་ཤོག། ཨ་མེན།


དེ་ནས་དད་པ་མི་བྱེད་མཁན་ཀྱ་ཡི་ཁོག་ཏུ་སྤྱོད་པ་བཟང་པོ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ངན་པ་བྱེད་ཀྱིན་སྨྲས་རེ་སྐྱོན་བཅུག་བའི་གང་ལ། ཁོང་ཀྱ་ཡིས་ཁྱེད་ཀྱི་ལས་བཟང་ང་ཀྱ་མཐོང་བར་ཤོག། དེ་ནས་དཀོན་མཆོག་ཕེབས་ཡས་ཉིན་མ་ལ་ཁོང་ཀྱ་ཡིས་ཁོང་པ་ལ་བསྟོད་པ་འབུལ་ལ་ཤོག།


ཡིན་ནའང་ཁོང་པ་འོད་ནང་ལ་འོད་ཀྱིན་ཅོག་རེ་འོ་རང་ཀྱ་འོད་ནང་ལ་རྒྱུག་ན། འོ་རང་ཀྱ་གཅིག་གི་གཅིག་ནང་དུ་མཐུན་འབྲེལ་བྱུང་ང་ལགས། དེ་ནས་ཁོང་པ་ཡི་སྲས་ཡེ་ཤུའི་སྐུ་ཁྲག་གིས་འོ་རང་ཀྱ་ལ། སྡིག་པ་གི་རི་ནས་གཙང་མ་མཛད་ད་ལགས།


ཁོང་པ་ཡི་ནང་གནས་འོད་མཁན་གྱིས་ཡེ་ཤུའི་སྤྱོད་ལམ་ཅོག་རེ་སྤྱོད་ལམ་བྱེད་དགོས།


Lean sinn:

Sanasan


Sanasan