Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 1:4 - གློ་བ།

4 དཀོན་མཆོག་གི་དྲུང་དུ་འོ་རང་དམ་པ་དང་སྐྱོན་མེད་ཀྱིན་འོང་ཡས་ཀྱི་ཕྱིར་ལ། འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀའི་ཐོག་ནས་ཁོང་པ་ཡིས་འོ་རང་ལ་བདམས་མ་མཛད་པ་ལགས།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 1:4
55 Iomraidhean Croise  

དེ་ནས་འོ་དེ་དུས་ཚོད་ཀྱི་ཉིན་མ་གོ་ཉུང་ང་མ་མཛད་འོད་ན། མི་སུའང་འཐར་ཡས་མེད། ཡིན་ནའང་བདམས་ད་མི་ཀྱ་ཡི་ཕྱིར་ལ་ཉིན་མ་དེ་ཀྱ་ཉུང་དུ་མཛད་ཀྱི་ལགས།


གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཟོག་པོ་ཀྱ་དང་མངོན་ཤེས་མཁན་ཟོག་པོ་ཀྱ་མང་ང་འཐོན་གྱི་ལགས། དེ་ནས་ཁོང་ཀྱ་ཡིས་དམི་ཅིག་གི་ཧ་ལས་ཀྱིན་རྟགས་ཀྱ་དང་ལས་ཀ་ཀྱ་སྟོན་ཏེ་མགོ་སྐོར་བཏང་གི་ལགས། དེ་ནས་བྱུང་ན་བདམས་ད་ཀྱ་ལ་མགོ་སྐོར་གྱི་ལགས།


དེ་ནས་ཁོང་གིས་རང་གི་བང་ཆེན་ཀྱ་ལ་དུང་སྐད་ཆེ་མུ་ལ་བརྫངས་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཕྱོགས་བཞི་ནས་ནམ་མཁའི་མཐའ་ནས་མཐའ་རུ་ཁོང་གི་བདམས་ད་ཀྱ་ལ་སྡུད་ཀྱི་ལགས།


དེ་ནས་རྒྱལ་བོ་ཡིས་རང་གི་གཡས་ཕྱོགས་ལ་གསུངས་ཀྱི་ལགས། ངའི་ཡབ་ནས་བྱིན་རླབས་ཐོབ་ཐ་ཁྱེད་ཀྱ་ཤོག།འཇིག་རྟེན་བཀོད་ནས་ཧ་ལ་ཁྱེད་ཀྱི་ཕྱིར་ལ་བཤམས་ཤ་རྒྱལ་སྲིད་གོ་ལེན།


ལུག་ར་འདིའི་མིན་གྱིན་ངའི་ལུག་གཞན་མ་ཀྱ་འོད་ད་ལགས། ངས་དེ་ཀྱ་ལའང་འཁྲིད་དགོས་གུ་ལགས། དེ་ནས་དེ་ཀྱ་ཡིས་ངའི་སྐད་ཉན་གྱི་ལགས། དེ་ནས་ཁོང་ཀྱ་ལུག་ཁྱུ་གཅིག་གི་རྫི་བོ་གཅིག་འབྱུང་གི་ལགས།


ཁྱེད་ཀྱ་ཡིས་ང་ལ་བདམས་པ་མིན། ཡིན་ནའང་ངས་ཁྱེད་ཀྱ་ལ་བདམས་པ་ཡིན། དེ་ནས་ཁྱེད་ཀྱ་སོང་རེ་འབྲས་བུ་ཆགས་ཡས་དང་འབྲས་བུ་དེ་རྟག་ཏུ་གནས་ཡས་ལ་ངས་ཁྱེད་ཀྱ་ལ་བསྐོས་བ་ཡིན། འོ་བྱས་རེ་ཁྱེད་ཀྱ་ཡིས་ངའི་མིང་གི་ཐོག་ནས་ཡབ་ལ་གི་ཞུ་ན། ཁོང་པ་ཡིས་ཁྱེད་ཀྱ་ལ་གནང་གི་ལགས།


ཀྱེ་ཡབ། ཁྱེད་རང་གིས་ང་ལ་གནང་ན་གི་རི་ང་ག་རུ་འོད་ས་རུ་ངའི་མུ་ལ་འོད་མཁན་དང་། ངས་གཟི་བརྗིད་མཐོང་གི་གོ་ང་འདོད་འདིག་འོད། འདི་གཟི་བརྗིད་དེ་འཇིག་རྟེན་མ་བཀོད་ཨེན་ལ་ཁྱེད་རང་གིས་ང་ལ་བྱམས་པ་མཛད་དེ་གནང་བ་ཡིན།


དེ་ལབ་ཧ་གོ་སྟེ་ཡ་ཧུ་དཱ་པ་མིན་གྱིན་མི་ཀྱ་ཉམ་མོ་དགྱེས་རེ་གཙོ་བོ་ཡིས་གནང་ན་བཀའ་ལ་བསྟོད་སྒྲ་ཕུལ་བ་ལགས། མཐའ་མེད་ཀྱིན་ཚེ་སྲོག་གི་ཕྱིར་ལ་ཨེན་མ་ནས་ཧ་ལ་རང་དཀོན་མཆོག་ནས་བདམས་ད་གི་རི་ཡིས་ཡེ་ཤུ་མཱ་ཤི་ཀ་ཁར་ལ་དད་པ་བྱས་བ་ལགས།


གཙོ་བོ་དཀོན་མཆོག་གིས་གསུངས་ང་ལགས།


ང་ཁོའི་མུ་ལ་འོད། དེ་ནས་མི་སུས་འང་ཁྱོད་ལ་གིའང་མི་བྱེད་ཀྱི་ལགས། གི་བྱས་རེ་སྨྲ་ན་དེ་རྒྱལ་ས་ལ་ངའི་མི་མང་ང་འོད།


དཀོན་མཆོག་གིས་བདམས་མ་མཛད་ཛ་ཀྱ་ལ་སུའི་སྐྱོན་འཛུགས་ཐུབ་ཀྱི་ལེ། དྲང་པོ་མཛད་མཁན་ནི་དཀོན་མཆོག་ལགས།


དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་ཡིན་གྱིན་ཉིན་མ་གོ་ལ། ཁྱེད་ཀྱ་སྐྱོན་མེད་ཀྱིན་འབྱུང་ཡས་ཀྱི་ཕྱིར་ལ། ཁོང་པ་ཡིས་ཁྱེད་ཀྱ་ལ་མཐའ་ཐུབ་པ་བརྟན་པོ་མཛད་ཀྱི་ལགས།


སྤུན་ཀྱ་བོ། ཁྱེད་ཀྱ་རང་དབང་གི་དོན་ལ་བོས་བ་ལགས། འོ་དེ་རང་དབང་དེ་ལུས་ཀྱི་འདོད་ཆགས་བཀང་ཡས་ལ་བེད་སྤྱོད་མ་བྱེད། ཡིན་ནའང་ཁྱེད་ཀྱ་བྱམས་པ་ཡི་ཐོག་ནས་གཅིག་གིས་གཅིག་ལ་ཞབས་ཕྱི་ཞུས།


ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཀྱ་བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། བཟོད་པ་དང་། སྙིང་རྗེ་དང་། བཟང་པོ་དང་། བློ་བཀལ་ཐུབ་ཀྱིན་དང་།


གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ་ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་མཁན་ཡིན་ན་ལགས། མི་བརྩིས་མཁན་ཡིན་ན་གིའང་ཕན་མེད་ད་ལགས། ཡིན་ནའང་བྱམས་པ་ཡི་ཐོག་ནས་ལས་ཀ་བྱེད་ཀྱིན་དད་པ་གཅིག་ཀ་ཕན་ཐོགས་བ་ལགས།


གི་བྱས་རེ་སྨྲ་ན་འོ་རང་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མཱ་ཤི་ཀ་ཡེ་ཤུ་ནང་བཀོད་ཀ་དཀོན་མཆོག་གི་ཕྱག་བཟོ་ལགས། དེ་ནས་དེ་རེ་བྱེད་ཡས་ལ་ཁོང་པ་ཡིས་འོ་རང་ལ་ཨེན་མ་ནས་རང་གྲ་སྒྲིག་མཛད་པ་ལགས།


དེ་ནས་དད་པའི་ཐོག་ནས་མཱ་ཤི་ཀ་ཁྱེད་ཀྱ་ཡི་སེམས་ནང་དུ་བཞུགས་བར་ཤོག། དེ་ནས་བྱམས་པ་ནང་རྩ་བ་གཏིང་རིང་པོ་དང་བརྟན་པོ་བྱུང་རེ།


དེ་ནས་ཉམ་ཆུང་དང་། ཞི་འཇམ་དང་། བཟོད་སྒོམ་གི་རི་ནས། བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་བཟོད་པ་བསྒོམས་ཏེ།


དེ་ནས་མཱ་ཤི་ཀ་ཡིས་འོ་རང་ལ་བྱམས་པ་མཛད་དེ། རང་གི་སྲོག་འོ་རི་ཕྱིར་ལ་དཀོན་མཆོག་གི་དྲུང་དུ་དྲི་ཞིམ་གྱི་མཆོད་པ་དང་། དམར་མཆོད་ཅོག་རེ་བྱུང་རེ་བློས་བཏང་མཛད་ཀྱིན་ཅོག་རེ། ཁྱེད་ཀྱ་བྱམས་པའི་ནང་ནས་མི་ཚེ་སྐྱོལ།


དེ་རེ་མཛད་དེ་ཆོས་ཚོགས་གོ་རྨེ་བ་དང་གཉེར་མ་མེད་ཀྱིན། ཡང་ན་དེ་རེ་སྐྱོན་གིའང་མེད་ཀྱིན། ཡིན་ནའང་དམ་པ་དང་སྐྱོན་མེད་ད། དམི་ཅིག་གི་གཟི་བརྗིད་ཆེའི་སྒོ་ནས་རང་གི་དྲུང་དུ་འབུལ་ཡས་ལ་ལགས།


དེ་ནས་ཁྱེད་ཀྱ་སྐྱོན་མེད་ཀྱིན་དང་གཙང་མ་བྱུང་རེ་འདི་མེད་དྲང་ང་དང་། སྡུག་ཅག་མི་རབས་ཀྱི་ཁོག་ཏུ་སྐྱོན་མེད་ཀྱིན་དཀོན་མཆོག་གི་སྲས་དང་སྲས་མོ་འབྱུང་བར་ཤོག།དེ་ནས་ཁྱེད་ཀྱ་འཇིག་རྟེན་དུ་ཁོང་ཀྱ་ཁོག་ཏུ་གནམ་གྱི་སྐར་མ་ཀྱ་ཅོག་རེ་ཤར་ཏེ།


ཡིན་ནའང་ཁོང་གི་དྲུང་དུ་ཁྱེད་ཀྱ་དམ་པ་དང་། སྐྱོན་མེད་ཀྱིན་དང་། སྐྱོན་བརྗོད་མེད་ཀྱིན་སྟོན་ཡས་ཀྱི་ཕྱིར་ལ། ད་ལྟ་མཱ་ཤི་ཀའི་སྐུ་གྲོངས་ཀྱིན་གྱི་སྒོ་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་རང་མུ་ལ་སྡུམ་མ་མཛད་པ་ལགས།


ངས་དེ་རེ་བྱས་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ལ་སེམས་ཤུགས་ཐོབ་སྟེ། བྱམས་པའི་སྒོ་ནས་ཁྱེད་ཀྱ་ནང་མཐུན་འབྲེལ་འོང་ཡས་ཀྱི་ཆེད་དུ་ལགས། དེ་ནས་ཁྱེད་ཀྱ་ལ་ཤེས་ཡོན་ཚང་པོའི་གཏེར་གི་རི་འཐོབ་པར་ཤོག།དེ་ནས་དཀོན་མཆོག་གི་གསང་བ་ནི་མཱ་ཤི་ཀ་ཡིན་མཁན་གོ་ཤེས་ལ་ཤོག་སྨྲས་རེ་ལགས།


འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་གིས་བདམས་ད་དམ་པ་དང་གཅེས་བའི་མི་ཀྱ་ཡིན་གྱིན་བྱས་རེ། རང་ལ་སྙིང་རྗེ་དང་། བཀའ་དྲིན་དང་། ཉམ་ཆུང་དང་། ཞི་བ་དང་། བཟོད་པའི་གོས་སྐོན།


དེ་ནས་འི་ཀིས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་ཅོག་རེ། གཙོ་བོས་ཁྱེད་ཀྱ་ལ་གཅིག་གིས་གཅིག་ལ་བརྩེ་བ་དང་། མི་གི་རི་མུ་ལ་བརྩེ་བ་འཕེལ་རེ་མོད་ཆོ་ལི་མཛད་ད་ཤོག


དཀོན་མཆོག་གིས་འོ་རང་ལ་མེད་གཙང་ང་འགྱུར་དུ་མ་བོས་བ། དམ་པ་འགྱུར་དུ་བོས་མཛད་པ་ལགས།


ཁོང་པ་ཡིས་འོ་རང་ལ་ཐར་པ་མཛད་དེ། དེ་ནས་དམ་པ་འབྱུང་ཡས་ལ་འོ་རི་ལས་ཀ་ཡིས་མིན་ད། ཁོང་པ་རང་གི་ཐུགས་དགོངས་དང་ཐུགས་རྗེ་ཡིས་ཐོག་ནས་འོ་རང་ལ་བོས་མཛད་པ་ལགས། ཐུགས་རྗེ་འདི་ནི་ཨེན་མ་ཀ་བ་མ་ཚུགས་ཨེན་ལ་རང་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་འོ་རང་ལ་གནང་བ་ལགས།


འོ་བྱས་རེ་བདམས་ད་མི་ཀྱ་ཡི་དོན་ལ་ང་གི་རི་བཟོད་པ་སྒོམ་མའི་འོད། དེ་རེ་བྱས་རེ་ཁོང་ཀྱ་ལ་མཐའ་མེད་པའི་གཟི་བརྗིད་མུ་ལ་མཱ་ཤི་ཀ་ཡེ་ཤུ་ནས་ཐར་པ་ཐོབ་ཀྱི་ལགས།


ཡིན་ནའང་གཙོ་བོ་ཡིས་རང་གི་མི་ཀྱ་ལ་མཁྱེན་ད་ལགས། དེ་ནས་གཙོ་བོའི་མཚན་འབོད་མཁན་ཀྱ་ལས་ངན་ཀྱ་སྤངས་བར་ཤོག་སྨྲས་རེ་བྲིས་བྲ་དཀོན་མཆོག་གི་རྩིག་རྨང་གོ་བརྟན་པོ་བྱས་རེ་གནས་ལ་ལགས།


ངའི་གཅེས་བའི་སྤུན་ཀྱ་བོ། ཉན་ཞིག། དཀོན་མཆོག་གིས་འཇིག་རྟེན་གྱི་དབུལ་སྤྲེ་ཀྱ་ལ་དད་པ་ལ་ཕྱུག་པོ་མཛད་དེ། ནམ་མཁའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་མཛད་པ་མ་ལེ། ཁོང་པ་ལ་བརྩེ་བ་བྱེད་མཁན་ཀྱ་ལ་རྒྱལ་སྲིད་འདི་གནང་ཡས་དམ་བཅའ་མཛད་པ་ལགས།


ཡབ་དཀོན་མཆོག་གིས་ཨེན་མ་ནས་རང་ཁྱེད་ཀྱ་ལ་མཁྱེན་ད་མཛད་དེ་བདམས་མ་མཛད་པ་ལགས། དེ་ནས་ཁོང་པ་ཡི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱ་ལ་དམ་པ་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་ཡེ་ཤུ་མཱ་ཤི་ཀའི་བཀའ་ལ་བརྩིས་རེ། ཁོང་པ་ཡི་སྐུ་ཁྲག་གི་ཐོག་ནས་ཁྱེད་ཀྱ་གཙང་མ་བྱུང་འོད་ད་ལགས། དཀོན་མཆོག་གིས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་མོད་ཆོ་ལི་གནང་བར་ཤོག།


འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀ་ལ་བདམས་མ་མཛད་པ་ལགས། ཡིན་ནའང་ཁྱེད་ཀྱ་ཡི་ཆེད་དུ་མཐའ་མའི་དུས་ལ་ཁོང་པ་མངོན་ད་མཛད་པ་ལགས།


ཡིན་ནའང་ཁྱེད་ཀྱ་ནི་བདམས་ད་བརྒྱུད་པ་དང་། རྒྱལ་བོ་རིགས་ཀྱི་མཆོད་དཔོན་དང་། མི་རིགས་དམ་པ་དང་། དཀོན་མཆོག་གི་རང་གི་མི་ཀྱ་ལགས། དེ་ནས་ཁོང་པ་ཡི་ཧང་སང་གིན་གྱི་ཕྱག་ལས་ཀྱ་གསལ་བསྒྲགས་བྱེད་ཡས་ལ། མུན་ནག་ནས་ཁོང་གི་ཧང་སང་གིན་གྱི་འོད་ནང་ལ་ཁྱེད་ཀྱ་བོས་བ་ལགས།


འོ་བྱས་རེ་གཅེས་བའི་ཀྱ་བོ། ཁྱེད་ཀྱ་དོན་དེ་ཀྱ་ལ་སྒུག་སྟེ་བསྡད་ཀྱིན་བྱས་རེ། དཀོན་མཆོག་གི་དྲུང་དུ་དྲི་མ་མེད་ཀྱིན་དང་། སྐྱོན་མེད་ཀྱིན་དང་། ཞི་བདེ་ལ་ཐུག་ཡས་ཀྱི་ཆེད་དུ་གི་ཐུབ་ཐུབ་ཐབས་ཤེས་བྱེད།


འོ་བྱས་རེ་དཀོན་མཆོག་གི་བྱམས་པ་འོ་རང་ལ་འོད་ཀྱིན་གོ་འོ་རང་ཤེས་ལ་ལགས། དེ་ནས་ཡིད་ཆེས་བྱེད་ད་ལགས། དཀོན་མཆོག་ནི་བྱམས་པ་མཛད་ཀྱིན་དཀོན་མཆོག་ལགས། དེ་ནས་བྱམས་པ་ནང་ལ་གནས་མཁན་གོ་དཀོན་མཆོག་གི་ནང་གནས་ལ་ལགས། དེ་ནས་དཀོན་མཆོག་ཁོའི་ནང་བཞུགས་བ་ལགས།


དེ་ནས་བསད་དེ་བཞག་ཞ་ལུག་ཕྲུག་གི་ཚེ་སྲོག་གི་དེབ་ནང་ལ་འཇིག་རྟེན་མ་བཀོད་ཨེན་ལ་རང་། མིང་མ་བྲིས་བྲ་ས་གཞི་དུ་བསྡད་མཁན་མི་གི་རི་ཡིས་འོ་དེ་སེམས་ཅན་ལ་ཕྱག་མཆོད་པ་འབུལ་གྱི་ལགས།


ཁྱོས་མཐོང་གིན་འོ་དེ་སེམས་ཅན་གོ་ཨེན་མ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་མེད་ད་ལ་འགྲོ་ཡས་ཀྱི་ཆེད་དུ་འོ་དེ་མཐིལ་མེད་ཀྱིན་དོང་དོང་ནས་ཐོན་ཡས་བྱེད་འདིག། དེ་ནས་ས་གཞི་བཀོད་ནས་ཧ་ལ་ཚེ་སྲོག་གི་དེབ་ནང་དུ་མིང་མ་བྲིས་བྲ། ས་གཞིའི་མི་ཀྱ་འོ་དེ་སེམས་ཅན་ལ་མཐོང་རེ་ཧང་སངས་ཀྱི་ལགས། གི་བྱས་རེ་སྨྲ་ན་འོ་དེ་ཐེངས་གཅིག་ལ་འོད་ད་ལགས། ཡིན་ནའང་ད་ལྟ་མེད་ད་ལགས། དེ་ནས་གཤམ་ལ་འོང་གི་ལགས།


Lean sinn:

Sanasan


Sanasan