Biblia Todo Logo
Bìoball air-loidhne

- Sanasan -




ཨེ་ཕེ་སུ་པ། 1:18 - གློ་བ།

18 ཁྱེད་ཀྱ་ཡི་སེམས་ཉིད་ཀྱི་མིག་བས་ལ་ཤོག་སྨྲས་རེ་ང་སྨོན་ལམ་བརྒྱབ་བའི་འོད། འོ་བྱས་རེ་ཁྱེད་ཀྱ་རེ་བ་གིན་གྱི་ཕྱིར་ལ་བོས་པ་དང་། དེ་ནས་དམ་པའི་མི་ཀྱ་ལ་ཁོང་པ་ཡི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་རྒྱུན་འཛིན་གོ་གི་ཡིན་གྱིན་དང་།

Faic an caibideil Dèan lethbhreac




ཨེ་ཕེ་སུ་པ། 1:18
49 Iomraidhean Croise  

གི་བྱས་རེ་སྨྲ་ན་དེ་མི་ཀྱ་ཡི་སེམས་གྱོང་ང་བྱུང་འདུག། དེ་ནས་ཁོང་ཀྱ་ཡི་ཨམ་མཆོག་གླེན་ད་བྱུང་འདུག། དེ་ནས་ཁོང་ཀྱ་ཡིས་ཁོ་རི་མིག་བཙུམ་འདུག། འོ་རེ་མིན་ན་ཁོང་ཀྱ་ཡི་མིག་གིས་མཐོང་ཡས་འོད་ད་ལགས། དེ་ནས་ཁོང་ཀྱ་ཡི་ཨམ་མཆོག་གིས་མཉན་ཏེ་ཁོང་ཀྱ་ཡི་སེམས་ཀྱིས་ཧ་གོ་སྟེ་བསྒྱུར་ཡས་འོད་ད་ལགས། དེ་ནས་ངས་ཁོང་ཀྱ་ལ་གསོ་ཡས་འོད།


དེ་ནས་ཡེ་ཤུ་ལམ་ཁ་ལ་ཕེབས་བའི་གང་ལ། མི་གཅིག་བང་བཏང་རེ་འོངས་རེ་ཡེ་ཤུ་ཡི་དྲུང་དུ་པུས་མོ་ས་ལ་བཙུགས་ཏེ་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་བཟང་པོ་ལགས། མཐའ་མེད་པའི་ཚེ་སྲོག་འཐོབ་ཡས་ལ་ངས་གི་བྱེད་དགོས་ཀྱི་ལེ།


དེ་ནས་དཀོན་མཆོག་གི་བཀའ་གོ་ཧ་གོ་ར་ཤོག་སྨྲས་རེ་ཡེ་ཤུ་ཡིས་ཁོང་ཀྱ་ཡི་ཤེས་རབ་གསལ་བ་མཛད་པ་ལགས།


འི་ཀི་ལབ་མཉན་མཁན་ཀྱ་ནས་ལི་དི་ཡཱ་མིང་འོད་མཁན་བུ་མོ་གཅིག་འདུག མོ་ཐི་ཡ་ཏི་རཱ་སྨྲ་གིན་ས་ཆ་ནས་འོངས་རེ། ཕི་ལི་པི་རུ་གོང་ཆེ་བྱེད་ཀྱིན་ཚོས་སྨུག་པོ་འགོ་སྣམ་གྱི་ཚོང་བརྒྱབ་བ་ལགས། ལི་དེ་ཡཱ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཡིན་ནའང་དཀོན་མཆོག་ལ་བརྩིས་མཁན་སྐྱེས་དམན་ལགས། པའུ་ལུ་ཡིས་སྨྲ་གིན་ལབ་ལ་མཉན་ཡས་ལ་གཙོ་བོ་ཡིས་མོའི་སེམས་གྲ་སྒྲིག་བྱས་བ་ལགས།


ང་ཁྱོད་ལ་ཁོང་ཀྱ་ཡི་མིག་པེ་རེ་ཁོང་ཀྱ་ལ་མུན་ནག་པ་ནས་འོད་ཕྱོགས་ལ་འཁྲིད་དེ་འོངས་ཡས་དང་། བདུད་ཀྱི་དབང་ཆ་ནས་དཀོན་མཆོག་རྩ་རུ་འཁྲིད་དེ་འོངས་ཡས་ལ་བརྫངས་ང་ཡིན། དེ་ནས་ང་ལ་དད་པ་བྱས་རེ་ཁོང་ཀྱ་ལ་ཁོ་རི་སྡིག་པ་ཡི་དགོངས་པ་རག་གི་ལགས། དེ་ནས་ཁོང་ཀྱ་ལའང་དཀོན་མཆོག་གི་མི་ཀྱ་མུ་ལ་བསྡད་ཡས་རག་གི་ལགས།


གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གནང་སྦྱིན་དང་འབོད་མཛད་ཀྱིན་ལ་འགྱུར་ཡས་མེད་ད་ལགས།


ཡང་ན་དཀོན་མཆོག་གི་སྙིང་རྗེ་ནི་ཁྱོད་ལ་འགྱོད་པ་བྱེད་དུ་བཅུག་སྟེ། སེམས་བསྒྱུར་དུ་བཅུག་ཡས་ལ་ཡིན་གྱིན་གོ་ཧ་མ་གོ་བ། ཁྱོད་ཁོང་གི་སྙིང་རྗེ་ཆེན་པོ་དང་། ཐུགས་བསྲན་དང་། ཐུགས་བཟོད་ལ་མཐོང་ཆུང་བྱེད་ད་ལེ།


ཁོང་ཀྱ་ཡི་སྐོར་ལ་བཤད་དགོས་ན། དཀོན་མཆོག་གི་དབྱིབས་ཡིན་གྱིན་མཱ་ཤི་ཀའི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཁོང་ཀྱ་ལ་མཐོང་དུ་མི་བཅུག་ཡས་ལ། འདི་འཇིག་རྟེན་གྱི་ལྷ་ཡིས་དད་པ་མི་བྱེད་མཁན་ཀྱ་ཡི་སེམས་ཞ་ར་ཀྱ་ལད་མོ་མེད་མཐོང་གིན་བཟོས་འོད་ད་ལགས།


ཡེ་ཤུ་མཱ་ཤི་ཀའི་ཞལ་ལ་མཇལ་གྱིན་དཀོན་མཆོག་གི་གཟི་བརྗིད་གོ་འོ་རིས་ཤེས་ལ་ཤོག་སྨྲས་རེ། མུ་ནག་ནང་འོད་འབྱུང་བར་ཤོག་གསུངས་རེ་གསུངས་ཀྱིན། འོ་རི་དཀོན་མཆོག་གི་འོད་དེ་འོ་རི་སེམས་ནང་དུ་ཤར་དུ་མཛད་པ་ལགས།


ཡིན་ནའང་དད་པ་ཡི་བྱས་རེ་དམ་པའི་ཐུགས་ཉིད་སྒོ་ནས་འོ་རང་དྲང་བདེན་གྱི་རེ་བ་ལ་སྒུག་སྟེ་བསྡད་འོད་ད་ལགས།


རང་གི་ཐུགས་དགོངས་ལ་བརྟེན་ཏེ། ཕྱག་ལས་གི་རི་སྒྲུབ་མཁན་དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་འོ་རང་ལ་ཁོང་པ་རང་གི་མི་བདམས་མ་མཛད་པ་ལགས། གི་བྱས་རེ་སྨྲ་ན་དེ་རང་ཐོག་མ་ནས་ཁོང་པ་ཡིས་ཐག་བཅད་ཅ་རང་གི་འཆར་གཞི་ལགས།


དཀོན་མཆོག་གི་གྲངས་མེད་ཀྱི་ཐུགས་རྗེ་ལ་བརྟེན་ཏེ། མཱ་ཤི་ཀའི་སྐུ་ཁྲག་གི་ཐོག་ནས་འོ་རང་ལ་ཐར་པ་འོད་ད་ལགས། དེ་ནས་འོ་རི་སྡིག་པ་ཀྱའི་དགོངས་ཡངས་འོད་ད་ལགས།


འོ་དེ་དུས་ལ་ཁྱེད་ཀྱ་མཱ་ཤི་ཀ་ནས་ཁ་བྲལ་བྲ། དེ་ནས་ཡིས་ར་ཨེལ་པ་མི་རིགས་ཀྱི་ཐོབ་ཐང་ནས་བུད་དེ་བཞག་ཞ། དེ་ནས་དཀོན་མཆོག་གི་དམ་བཅའ་ཀྱ་ཤེས་ཡས་མེད་ཀྱིན། དེ་ནས་རེ་བ་མེད་ཀྱིན་དང་དེ་འཇིག་རྟེན་དུ་དཀོན་མཆོག་མུ་ལ་འབྲེལ་བ་མེད་ཀྱིན་འོད་ད་ལགས་སྨྲས་རེ་དྲན་གསོ་བྱེད།


དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ལ་བརྟེན་ཏེ་ཐུགས་ཉིད་ཀྱི་ཐོག་ནས་ནུས་མཐུ་གནང་རེ་ཁྱེད་ཀྱ་ཡི་སེམས་ལ་སྟོབས་ཤུགས་གནང་བར་ཤོག།


ང་དཀོན་མཆོག་གི་དམ་པ་མི་ཀྱ་ནས་དམའ་ཤོས་གོ་ཡིན་ནའང་། མཱ་ཤི་ཀའི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཡ་ཧུ་དཱ་པ་མིན་གྱིན་ཀྱ་ལ་བཤད་ཡས་དང་། དེ་ནས་གི་རི་བཀོད་གནང་མཁན་དཀོན་མཆོག་གིས་ཨེན་མ་དུས་རབས་ནས་སྦས་རེ་བཞག་མཛད་ཛ་གསང་བ་དེ། མི་གི་རི་ལ་མངོན་དུ་བཅུག་ཡས་ཀྱི་འདི་ཐུགས་རྗེ་དེ་ང་ལ་གནང་བ་ལགས།


འོ་བྱས་རེ་གཙོ་བོའི་བཙོན་པ་ང་པའུ་ལུ་ཁྱེད་ཀྱ་ལ་ཞུ་བ་དེ་ཀྱ་འབུལ་ལ་ཡིན། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་མཛད་ཛ་གོ་ལ་རྟེན་ཐུབ་ཀྱིན་མི་ཚེ་སྐྱོལ།


དཀོན་མཆོག་གིས་ཁྱེད་ཀྱ་ལ་བོས་ལི་གང་ལ་རེ་བ་གཅིག་ལ་བོས་པ་ཅོག་རེ། ལུས་གཅིག་དང་། ཐུགས་ཉིད་གཅིག།


གི་བྱས་རེ་སྨྲ་ན་སྐབས་གཅིག་ལ་ཁྱེད་ཀྱ་མུན་ནག་ནང་འོད་ད་ལགས། ཡིན་ནའང་ད་ལྟ་གཙོ་བོའི་ནང་ཁྱེད་ཀྱ་འོད་ནང་དུ་འོད་ད་ལགས། འོད་ཀྱི་ཕྲུ་བ་ཀྱ་ཅོག་རེ་མི་ཚེ་སྐྱོལ།


མཱ་ཤི་ཀ་ཡེ་ཤུའི་ནང་དཀོན་མཆོག་གིས་ནམ་མཁའི་ཞིང་ཁམས་ནས་བོས་པ་བྱ་དགའ་འཐོབ་ཡས་ཀྱི་ཕྱིར་ལ། ང་དམིགས་ཡུལ་དེ་ལ་ཤུགས་བརྒྱབ་སྟེ་འགྲོའི་འོད།


དེ་ནས་འོད་ཀྱི་རྒྱལ་སྲིད་ནང་དུ་དམ་པའི་མི་ཀྱ་ཡི་ནོར་སྐལ་ལ་ཐོབ་ཐང་འཐོབ་ཡས་ཀྱི་འདྲ་འདྲ་མཛད་ཀྱིན་ཡབ་ལ་ཁྱེད་ཀྱ་ཡིས་བཀའ་དྲིན་ཆེ་ཞུ་བར་ཤོག་སྨྲས་རེ་འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད།


འོ་བྱས་རེ་ཁྱེད་ཀྱ་ཡིས་གོ་གིན་གཏམ་བཟང་ནས་ཐོབ་ཐ་རེ་བ་གོ་མེད་སྤོང་ང་མུ་མཐུད་ནས་དད་པ་ལ་བརྟན་པོ་གནས་དགོས། གཏམ་བཟང་དེ་ནམ་མཁའི་ཞིང་ཁམས་ཀྱི་འོག་ཏུ་འཇིག་རྟེན་དུ་འོད་མཁན་གི་རི་ལ་བཤད་འོད་ད་ལགས། དེ་ནས་ང་པའུ་ལུ་དེའི་ཞབས་ཏོག་པ་གཅིག་ཡིན།


དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ཕྱིར་ལ་དམི་ཅིག་གི་རྩ་ཆེ་ཡིན་གྱིན་གོ། རང་གི་དམ་པའི་མི་ཀྱ་ལ་མངོན་དུ་མཛད་ཡས་གོ། དཀོན་མཆོག་གི་ཐུགས་དགྱེས་བ་ལགས། གསང་བ་དེ་ནི་མཱ་ཤི་ཀ་ཁྱེད་ཀྱ་ཡི་ནང་འོད་ད་ལགས། དེ་ནས་ཁོང་ནི་གཟི་བརྗིད་ཀྱི་རེ་བ་གོ་ལགས།


དད་པ་དང་བརྩེ་བ་དེ་ཁྱེད་ཀྱི་དོན་དུ་ནམ་མཁའི་ཞིང་ཁམས་དུ་བཞག་ཞ་རེ་བ་ཡིས་བྱས་རེ་ལགས། འདིའི་སྐོར་ལ་ཁྱེད་ཀྱ་ཡིས་བདེན་པའི་བཀའ་ཡི་གཏམ་བཟང་ནས་ཨེན་དུ་རུ་གོ་འོད་ད་ལགས།


ངས་དེ་རེ་བྱས་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ལ་སེམས་ཤུགས་ཐོབ་སྟེ། བྱམས་པའི་སྒོ་ནས་ཁྱེད་ཀྱ་ནང་མཐུན་འབྲེལ་འོང་ཡས་ཀྱི་ཆེད་དུ་ལགས། དེ་ནས་ཁྱེད་ཀྱ་ལ་ཤེས་ཡོན་ཚང་པོའི་གཏེར་གི་རི་འཐོབ་པར་ཤོག།དེ་ནས་དཀོན་མཆོག་གི་གསང་བ་ནི་མཱ་ཤི་ཀ་ཡིན་མཁན་གོ་ཤེས་ལ་ཤོག་སྨྲས་རེ་ལགས།


མཱ་ཤི་ཀའི་ཞི་བདེ་ཡིས་ཁྱེད་རི་སེམས་ལ་དབང་བསྒྱུར་བྱེད་དུ་ཆུག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཞི་བདེ་ནང་དུ་ལུས་གཅིག་གི་ཡན་ལག་ཅོག་རེ་གནས་ཡས་ལ་བོས་པ་ཡིན། དེ་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས།


ཡིན་ནའང་འོ་རང་ཉིན་མོ་ལ་བསྡད་ཀྱིན་བྱས་རེ་སྤྱང་ཛེ་བྱེད། དེ་ནས་དད་པ་དང་བྱམས་པ་ཡི་ཁྲབ་དང་། ཐར་པ་ཡི་རེ་བའི་ལྕགས་ཞྭ་གོན།


འོ་བྱས་རེ་དཀོན་མཆོག་གིས་བོས་མཛད་ཛ་མི་ཚེ་གོ། ཁོང་པ་ཡིས་ཁྱེད་ཀྱ་ལ་པུད་ཐུབ་ཀྱིན་འབྱུང་ཡས་མཛད་ཡས་དང་། དམིགས་ཡུལ་བཟང་པོ་གི་རི་དང་། དད་པའི་ལས་ཀ་ཁོང་པ་ཡི་ཤུགས་ནས་འགྲུབ་པ་ཤོག་སྨྲས་རེ། འེ་ཁྱེད་ཀྱ་ཕྱིར་ལ་ཙོག་བའི་སྨོན་ལམ་ཞུས་འོད།


ད་འོ་རང་ལ་བརྩེ་བ་གནང་རེ་ཐུགས་རྗེའི་ཐོག་ནས་མཐའ་མེད་ཀྱིན་སེམས་ཀྱི་བདེ་བ་དང་། རེ་བ་བཟང་པོ་གནང་མཁན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་པ་དང་འོ་རི་ཡབ་དཀོན་མཆོག་གིས།


འོ་རི་དད་པ་ཡི་དམག་བཟང་པོ་གོ་ཐོབ། དེ་ནས་དཔང་པོ་མང་ང་ཡི་གདོང་དུ་ཁྱོས་ཁས་ལེན་བཟང་པོ་ལེན་ལ་བྱས་རེ། མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་ཁྱོད་བོས་བ་ལགས། དེ་ནས་འདི་ལ་ཟིམ་ཏེ་སྡོད།


དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།


དེ་རེ་བྱས་རེ་ཁོང་པ་ཡི་ཐུགས་རྗེ་ཡི་ཐོག་ནས། དཀོན་མཆོག་གི་དྲུང་དུ་འོ་རང་དྲང་པོ་བྱུང་བ་ལགས། དེ་ནས་འོ་རང་གིས་རེ་བ་བྱེད་ཀྱིན་མཐའ་མེད་པའི་ཚེ་སྲོག་གི་བརྒྱུད་འཛིན་བསྐོས་མཛད་པ་ལགས།


ཨེན་མའི་ཉིན་མ་ཀྱ་ལ་ཁྱེད་ཀྱ་དྲན་གསོ་བྱེད། དཀོན་མཆོག་གི་འོད་ཐོབ་ཚར་ཏེ་གཤམ་ནས་ཁྱེད་ཀྱ་ཡིས་སྡུག་པོ་མང་ང་མྱངས་བ་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་བཟོད་པ་བྱས་བ་ལགས།


གི་བྱས་རེ་སྨྲ་ན་ཐེངས་གཅིག་དཀོན་མཆོག་གི་འོད་ཐོབ་ཚར་ས་དང་། ནམ་མཁའི་ཞིང་ཁམས་ཀྱི་གནང་སྦྱིན་གོ་ཉམས་མྱོང་བྱས་ཚར་ས་ཀྱ་དང་། དམ་པའི་ཐུགས་ཉིད་ཀྱི་སྐལ་ད་འབྱོར་ཚར་ས་ཀྱ།


དཀོན་མཆོག་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ལ་བསྟོད་པ་འབུལ་ལོ། ཁོང་པ་ཡི་སྙིང་རྗེ་ཆེན་པོས་ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་གསོན་པོ་མཛད་དེ། འདིའི་ཐོག་ནས་འོ་རང་ཀྱ་ལ་རེ་བ་གསོན་པོ་འཐོབ་ཡས་ཀྱི་ཆེད་དུ། འོ་རང་ཀྱ་ལ་ཚེ་གསར་པ་གནང་འོད་ད་ལགས།


ངན་པ་ལ་ངན་པ་ཡང་ན་དམའ་འབེབས་ཚབ་ལ་དམའ་འབེབས་ཀྱི་ལན་མ་སློག། ཡིན་ནའང་འདི་ཚབ་ལ་བྱིན་རླབས་སྟེར། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་བྱིན་རླབས་འཐོབ་ཡས་ཀྱི་ཕྱིར་ལ་རང་ཁྱེད་ཀྱ་བོས་བ་ལགས།


དེ་ནས་ཁྱེད་ཀྱ་ཡིས་དུས་ཏི་ཏེ་གཅིག་སྡུག་པོ་མྱངས་ཀྱིན་གཤམ་ལ། མཱ་ཤི་ཀའི་ནང་མཐའ་མེད་པའི་གཟི་བརྗིད་ལ་ཁྱེད་ཀྱ་ལ་འབོད་གནང་མཁན་དང་། ཐུགས་རྗེ་ཆེན་པོ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་སླར་གསོ་ཡས་དང་། བརྟན་པོ་མཛད་ཡས་དང་། སྟོབས་ཤུགས་གནང་ཡས་དང་། ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་མཛད་ཀྱི་ལགས།


Lean sinn:

Sanasan


Sanasan