Biblia Todo Logo
Bìoball air-loidhne

- Sanasan -




མཛད་པ། 1:3 - གློ་བ།

3 སྡུག་པོ་མྱངས་ཏེ་རྒྱང་ཤིང་དུ་གྲོངས་བ་མཛད་དེ། ཁོང་པ་ཞག་མོ་བཞི་བཅུ་ཐུག་པའི་དུས་དུས་ལ་འོ་དེ་ཀྱ་རྩ་རུ་མཇལ་བ་ལགས། དེ་ནས་སྣ་ཁ་གཞན་མ་གཞན་མ་ཡི་བདེན་པ་དཔང་པོ་ཀྱ་སྟོན་མཛད་དེ། ཁོང་རང་ལ་གསོན་པོ་སྟོན་མཛད་པ་ལགས། འོ་དེ་ཀྱ་ཡིས་ཁོང་པ་ལ་མཐོང་བ་ལགས། དེ་ནས་ཁོང་པ་ཡིས་འོ་དེ་ཀྱ་མུ་ལ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་བཀའ་མོལ་གསུངས་བ་ལགས།

Faic an caibideil Dèan lethbhreac




མཛད་པ། 1:3
27 Iomraidhean Croise  

འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ནམ་མཁའི་རྒྱལ་སྲིད་དེ་ཁྱེད་ཀྱ་ནས་འཕྲོག་སྟེ་འབྲས་བུ་སྐྱེད་ཀྱིན་མི་རྒྱུད་ཀྱ་ལ་གནང་གི་ལགས།


དེ་ནས་ལམ་སང་ཡེ་ཤུ་ཁོང་ཀྱ་གདོང་དུ་ཕེབས་ཏེ་ཁོང་གཉིས་བོ་ལ་གསུངས་བ་ལགས། ཁྱེད་ཀྱ་ལ་ཞི་བདེ་འོང་བར་ཤོག།དེ་ནས་ཁོང་གཉིས་བོ་ཁོང་པ་ཡི་གདོང་དུ་འོངས་རེ། ཁོང་པ་ཡི་ཞབས་ལ་འཇུས་རེ་ཕྱག་འཚལ་བ་ལགས།


སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། གི་བྱས་རེ་སྨྲ་ན་ནམ་མཁའི་རྒྱལ་སྲིད་ཉེ་སླེབས་ཚར་འདུག


དེ་ནས་ཁོང་པ་ཉིན་མཚན་བཞི་བཅུ་ཐུག་པའི་སྨྱུང་གནས་ལ་བཞུགས་ཚར་ཏེ་ཁོང་པ་བཀྲེས་བ་ལགས།


གཙོ་བོ་ཡེ་ཤུ་ཁོང་ཀྱ་མུ་ལ་བཀའ་མོལ་གནང་ཚར་ཏེ་ཁོང་པ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཁྲིད་མཛད་པ་ལགས། དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་མཛད་པ་ལགས།


ཞག་མོ་བརྒྱད་གཤམ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡང་འོ་དེ་ཁང་པ་ནང་དུ་འོད་ད་ལགས། དེ་ནས་ཐོ་མཱ་གོའང་ཁོང་ཀྱ་མུ་ལ་འོད་ད་ལགས། སྒོ་གོ་བརྒྱབ་འོད་ནའང་། ཡེ་ཤུ་ཁོང་ཀྱ་ཡི་གུང་དུ་ཕེབས་ཏེ་གསུངས་བ་ལགས། ཁྱེད་ཀྱ་ལ་ཞི་བདེ་འོང་བར་ཤོག།


འོ་དེ་གཤམ་ནས་ཡེ་ཤུ་ཏི་བེར་ཡཱས་མཚོའི་འགྲམ་དུ་ཉེ་གནས་ཀྱ་ལ་ཁོ་རང་ཡང་མངོན་དུ་མཛད་པ་ལགས། ཁོང་པ་ཡིས་རང་ལ་དེ་རེ་བྱས་རེ་མངོན་མཛད་པ་ལགས།


ཡེ་ཤུ་འཆི་བ་ནས་བཞེངས་ཚར་ཏེ་ཉེ་གནས་ཀྱ་མུ་ལ་མཇལ་གྱིན་དེ་ཐེངས་གསུམ་པ་གོ་ལགས།


ག་ལིལ་རྒྱ་རབས་ནས་ཁོང་པ་མུ་ལ་ཡེ་རུ་ཤ་ལེམ་དུ་འོངས་བ་ཀྱ་ཡིས། ཞག་མོ་དམི་ཅིག་གི་མང་ང་ཐུག་པའི་ཁོང་པ་ལ་མཇལ་ཡས་རག་པ་ལགས། དེ་ནས་ཁོང་ཀྱ་གོ་ད་ལྟ་ཡིས་ར་ཨེལ་གྱི་མི་ཀྱ་ཡི་ཕྱིར་ལ་ཁོང་པ་ལ་མཇལ་ཇ་དཔང་པོ་ཀྱ་ལགས།


ཟླ་བ་གསུམ་ཐུག་པའི་པའུ་ལུ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ལ་སོང་རེ། སྙིང་ཆེ་བྱས་རེ་མི་ཀྱ་ལ་ཆོས་བཤད་པ་ལགས། ཁོས་མི་ཀྱ་ལ་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ། རྩོད་གླེང་བྱས་རེ་ཁོང་ཀྱ་ལ་དད་པ་ལ་འཁྱེར་ཏེ་འོངས་ཡས་ཐབས་ཤེས་བྱས་བ་ལགས།


འོ་བྱས་རེ་དུས་ཚོད་གཅིག་སྒྲིག་པ་ལགས། དེ་ནས་འོ་དེ་ཉིན་མ་གོ་ལ་མི་དམི་ཅིག་གི་མང་ང་པའུ་ལུ་བསྡད་ས་རུ་འོངས་བ་ལགས། ང་རོག་ནས་དགོང་མོ་ཐུག་པའི་ཁོས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་དཔང་པོ་སྟེར་པ་ལགས། དེ་ནས་མོ་ཤེའི་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡི་དེབ་ཀྱ་ནས་དཔེ་སྟོན་ཏེ་ཡེ་ཤུའི་སྐོར་ལ་མི་ཀྱ་ལ་ཡིད་ཆེས་སྟེར་པ་ལགས།


ཁོས་དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་ལ་གསལ་བསྒྲགས་དང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ཆོས་སྙིང་ཆེ་བྱས་རེ་བཤད་པ་ལགས། དེ་ནས་སུས་འང་ཁོ་ལ་བཀག་ཡས་ཐབ་ཤེས་མ་བྱས་བ་ལགས།།


ཡིན་ནའང་ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་ཁབ་དང་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྐོར་ལ་བཤད་ཀྱིན་གཏམ་བཟང་གོ་ལ་མི་ཀྱ་ཡིས་དད་པ་བྱས་བ་ལགས། དེ་ནས་སྐྱེས་བའི་ཕོ་དང་མོ་གི་རི་ཡིས་ཁྲུས་གསོལ་ལེན་པ་ལགས།


གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་ནི་ཟ་ཡས་དང་འཐུང་ཡས་མ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ནང་དྲང་བདེན་དང་། ཞི་བདེ་དང་། དགའ་སྤྲོ་ལགས།


དཀོན་མཆོག་གིས་འོ་རང་ལ་མུན་ནག་གི་དབང་ནས་ཐར་པ་མཛད་དེ། རང་གི་གཅེས་བའི་སྲས་ཀྱི་རྒྱལ་སྲིད་ནང་དུ་འོ་རང་ལ་ཁྲིད་བ་མཛད་པ་ལགས།


ཐོག་མ་ནས་འོད་ཀྱིན་དང་འི་ཀིས་གོ་མྱོང་གིན་དང་། འི་ཀི་མིག་གིས་མཐོང་མྱོང་གིན་དང་། འི་ཀིས་བལྟས་ཏ་གོ་དང་། འི་ཀི་ལག་པས་འཇུས་མྱངས་ཀྱིན་ཚེ་སྲོག་གི་བཀའི་སྐོར་ལ་འེ་ཀྱ་གསལ་བསྒྲགས་བྱེད་ད་ཡིན།


Lean sinn:

Sanasan


Sanasan