Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 4:18 - གློ་བ།

18 གཙོ་བོས་ང་ལ་བྱ་བ་ངན་པ་གི་རི་ནས་སྐྱོབ་མཛད་ཀྱི་ལགས། དེ་ནས་ཁོང་པ་ཡིས་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར་ལ་ང་ལ་ཐར་པ་མཛད་ཀྱི་ལགས། ཁོང་པ་ལ་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོང་བར་ཤོག། ཨ་མེན།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 4:18
40 Iomraidhean Croise  

དེ་ནས་དྲང་ང་ཀྱ་རང་གི་ཡབ་ཀྱི་རྒྱལ་སྲིད་ནང་དུ་ཉི་མའི་འོད་ཅོག་རེ་ཤར་གྱི་ལགས། ཨམ་མཆོག་འོད་ཀྱིན་ཀྱ་ཡིས་མཉན་ཏེ་ཧ་གོ་ར་ཤོག།


དེ་ནས་རྒྱལ་བོ་ཡིས་རང་གི་གཡས་ཕྱོགས་ལ་གསུངས་ཀྱི་ལགས། ངའི་ཡབ་ནས་བྱིན་རླབས་ཐོབ་ཐ་ཁྱེད་ཀྱ་ཤོག།འཇིག་རྟེན་བཀོད་ནས་ཧ་ལ་ཁྱེད་ཀྱི་ཕྱིར་ལ་བཤམས་ཤ་རྒྱལ་སྲིད་གོ་ལེན།


འེ་ལ་ཚོད་ལྟ་ལ་ཆུད་དུ་མ་བཅུག་རོགས་མཛད། ཡིན་ནའང་ངན་པ་གོ་ནས་འེ་ལ་ཐར་པར་མཛད། རྒྱལ་སྲིད་དབང་དང་གཟི་བརྗིད་ནི། རྒྱུན་ནས་རྒྱུན་དུ་ཁྱེད་རང་གི་ཡིན། ཨ་མེན།


འི་ཀིས་གཞན་ལ་དགོངས་ཡངས་སྟེར་ཏ་བྱས་རེ་འི་ཀི་སྡིག་པ་སེལ་བར་མཛད། དེ་ནས་འེ་ཀྱ་ལ་ཚོད་ལྟ་ལ་ཆུད་དུ་མ་བཅུག་རོགས་མཛད།


ཁྱེད་ཁྱུ་ཆུང་ང་ཀྱ་བོ། མ་འཇིགས། གི་བྱས་རེ་སྨྲ་ན་རྒྱལ་སྲིད་གོ་ཁྱེད་ཀྱ་ལ་གནང་ཡས་ལ་ཁྱིད་ཀྱི་ཡབ་ཐུགས་མཉེས་བོ་མཛད་ད་ལགས།


ངའི་ཡབ་ཀྱིས་ང་ལ་རྒྱལ་སྲིད་གཅིག་གནང་གིན་ཅོག་རེ་ངའང་ཁྱེད་ཀྱ་ལ་སྟེར་ར་ཡིན།


ཁྱེད་རང་གིས་ཁོང་ཀྱ་ལ་དེ་འཇིག་རྟེན་ནས་འཁྱེར་ར་ཤོག་སྨྲས་རེ་ང་གསོལ་བ་བརྒྱབ་བ་མིན། ཡིན་ནའང་ངན་པ་གོ་ནས་སྐྱོབ་པ་མཛད་སྨྲས་རེ་ང་ཞུ་བ་ཡིན།


གི་བྱས་རེ་སྨྲ་ན་གི་རི་ཁོང་གིས་བཀོད་བ་ལགས། དེ་ནས་གི་རི་ཁོང་གི་ཐོག་ནས་ཁོང་གི་ཕྱིར་ལ་བྱུང་བ་ལགས། ཁོང་ལ་གཟི་བརྗིད་རྒྱུན་ནས་རྒྱུན་དུ་འོང་བར་ཤོག། ཨ་མེན།།


ཀུན་མཁྱེན་གྱིན་དཀོན་མཆོག་གཅིག་པོ་ལ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོང་བར་ཤོག ། ཨ་མེན།།


དཀོན་མཆོག་གི་ཤེས་རབ་ཀྱི་ནང་འདི་འཇིག་རྟེན་གྱི་མི་ཀྱ་ཡིས་རང་གི་ཤེས་རབ་ཀྱི་སྒོ་ནས། དཀོན་མཆོག་ལ་ངོ་མེད་ཤེས་ཀྱིན་བྱས་རེ། འོ་རི་གཏམ་བཟང་བཤད་ཀྱིན་ཆོ་མེད་ཀྱིན་ལས་ཀའི་ཐོག་ནས། དད་པ་བྱེད་མཁན་ཀྱ་ལ་སྐྱོབ་ཡས་ལ་དཀོན་མཆོག་ཐུགས་དགྱེས་བ་ལགས།


མི་ཀྱ་ལ་བབ་ཀྱིན་ཚོད་ལྟ་མ་ན། ཁྱེད་ཀྱ་གཞན་མ་ཚོད་ལྟ་ལ་ཆུད་མ་མྱོང་འོད་ད་ལགས། ཡིན་ནའང་དཀོན་མཆོག་ནི་བློ་གཏད་ཆོག་པ་འོད་ད་ལགས། དེ་ནས་ཁོང་པ་ཡིས་ཁྱེད་ཀྱ་ཡི་སྒོམ་མི་ཐུབ་ཀྱིན་ཚོད་ལྟ་ནང་དུ་ཆུད་དུ་བཅུག་བ་མཛད་ཀྱི་མ་ལགས། ཡིན་ནའང་ཁྱེད་ཀྱ་ཚོད་ལ་ཆུད་ནའང་ཁྱེད་ཀྱ་ཡི་སྒོམ་ཐུབ་པར་ཤོག་སྨྲས་རེ། ཁོང་པ་ཡིས་ཁྱེད་ཀྱ་ལ་ཚོད་ལྟ་ནས་འཐར་གྱིན་ལམ་གོའང་སྟོན་ད་མཛད་ཀྱི་ལགས།


ད་སྤུན་ཀྱ་བོ། ང་ཁྱེད་ཀྱ་ལ་སྨྲ་ཡིན། ཤ་ཁྲག་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཐོབ་ཐང་མེད་འཐོབ་བ་ལགས། དེ་ནས་མེད་ད་ལ་འགྲོ་གིན་ལུས་ལ་མེད་ད་ལ་མེད་འགྲོ་གིན་གྱི་ཐོབ་ཐང་མེད་འཐོབ་བ་ལགས།


ཁོང་པ་ཡིས་འེ་ཀྱ་ལ་འོ་རེ་འཇིགས་སྐྲག་ཆེ་ཉེན་ཁ་ནས་སྐྱོབ་མཛད་སོང་། དེ་ནས་ཁོང་གིས་འེ་ཀྱ་ལ་ཡང་སྐྱོབ་མཛད་ཀྱི་ལགས། དེ་ནས་མ་འོངས་པར་ལའང་ཁོང་པ་ཡིས་འེ་ཀྱ་ལ་སྐྱོབ་མཛད་ཀྱི་ལགས་སྨྲས་རེ་འེ་ཀྱ་ལ་རེ་བ་འོད།


རྒྱུན་ནས་རྒྱུན་དུ་དཀོན་མཆོག་ལ་གཟི་བརྗིད་འོང་བར་ཤོག། ཨ་མེན།


ད་ཞི་བདེའི་དཀོན་མཆོག་གིས་རང་ཁྱེད་ཀྱ་ནང་འོད་ཀྱིན་གི་རི་དམ་པ་མཛད་ད་ཤོག དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་བའི་གང་ལ། ཁྱེད་ཀྱ་ཡི་སེམས་ཉིད་དང་། སེམས་དང་། ལུས་གི་རི་སྐྱོན་མེད་ཀྱིན་སྲུང་བར་ཤོག


ཡིན་ནའང་གཙོ་བོ་ནི་བློ་བཀལ་ཐུབ་ཀྱིན་གྱི་གཙོ་བོ་ལགས། ཁོང་པ་ཡིས་ཁྱེད་ཀྱ་ལ་བརྟན་པོ་མཛད་ཀྱི་ལགས། དེ་ནས་ངན་པ་ནས་སྲུང་བ་མཛད་ཀྱི་ལགས།


དུས་གཏན་དུ་གནས་ཀྱིན་རྒྱལ་བོ། རྫོགས་ཡས་མེད་ཀྱིན། མིག་གིས་མཐོང་མེད་ཐུབ་ཀྱིན་དཀོན་མཆོག་གཅིག་གཅིག་པོ་ལ། རྒྱུན་ནས་རྒྱུན་དུ་བཀུར་བསྟི་དང་བསྟོད་པ་འབྱུང་བར་ཤོག། ཨ་མེན།


ཁོང་པ་གཅིག་ཀ་འཆི་བ་མེད་ཀྱིན་ལགས། སུའང་མེད་ཐར་གྱིན་འོད་ནང་དུ་ཁོང་པ་བཞུགས་བ་ལགས། དེ་ནས་ཁོང་པ་ལ་སུས་འང་མཐོང་མ་མྱོང་བ་ལགས་ཡང་ན་མཐོང་ཐུབ་ཀྱི་ལགས། ཁོང་པ་ལ་རྒྱུད་ནས་རྒྱུན་དུ་བཀུར་སྟི་དང་དབང་འོང་བར་ཤོག།ཨ་མེན།


འདིའི་བྱས་རེ་ང་འོ་རེ་སྡུག་པོ་མྱངས་ང་ཡིན། ཡིན་ནའང་ངས་སུའི་ཁར་ལ་དད་པ་བྱེད་ཀྱིན་གོ་ང་ལ་ཤེས་ཡས་བྱས་རེ་ང་ངོ་མེད་ཚ། ཡང་ང་ལ་བཅོལ་གྱིན་གོ་འོ་དེ་ཉིན་མ་ཐུག་པའི་ཁོང་པ་རང་གིས་སྲུང་གི་ལགས་སྨྲས་རེ་ང་ལ་སྡུག་ང་གིའང་མིན་འདུག།


དཀོན་མཆོག་གི་གདོང་དུ་དང་། གསོན་པོ་དང་གཤིན་པོ་གཉིས་ཀྱི་ཁྲིམས་གཅོད་མཛད་ཀྱིན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ། དེ་ནས་ཁོང་པ་ཡི་ལྡབ་ལེ་ཕེབས་བསུ་དང་རྒྱལ་སྲིད་ལ་རྟེན་ཏེ་ང་ཁྱོད་ལ་འདི་རེ་ལྕག་བརྒྱབ་བ་ཡིན།


ཡིན་ནའང་ཁོང་ཀྱ་དེ་ནས་ལྷག་བཟང་ང་ནམ་མཁའི་ཞིང་ཁམས་ཀྱི་ཡུལ་ཅོག་རེ་གཅིག་གི་འདོད་པ་བྱེད་ད་ལགས། འོ་བྱས་རེ་དཀོན་མཆོག་ཁོང་ཀྱ་ཡི་དཀོན་མཆོག་ཡིན་གསུངས་རེ་གསུངས་ཡས་ལ་ངོ་ཚ་མེད་མཛད་ད་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཁོང་ཀྱ་ཡི་ཕྱིར་ལ་རྒྱལ་ས་གཅིག་གྲ་སྒྲིག་མཛད་འོད་ད་ལགས།


ཡིན་ནའང་ཁྱེད་ཀྱ་གསོན་པོ་དཀོན་མཆོག་གི་རྒྱལ་ས་ནམ་མཁའི་ཞིང་ཁམས་ཀྱི་ཡེ་རུ་ཤ་ལེམ། དེ་ནས་གྲངས་ཀ་མེད་ཐེབས་ཀྱིན་ནམ་མཁའི་བང་ཆེན་སྟོང་ཕྲག་གི་དགའ་སྤྲོ་ཀྱི་ཚོགས་འདུ་རུ་སི་ཡོན་གྱི་རི་ལ་འོངས་འོད་ད་ལགས།


རང་གི་ཐུགས་དགོངས་སྒྲུབ་ཡས་ཀྱི་ཆེད་དུ་ཁྱེད་ཀྱ་ལ་དོན་བཟང་ང་གི་རི་གནང་བར་ཤོག། དེ་ནས་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོད་ཀྱིན་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ཁོང་པ་དཀོན་མཆོག་ལ་ཐུགས་མཉེས་བོ་འོད་ཀྱིན་ལས་ཀ་གོ་ཁྱེད་ཀྱ་ནང་མཛད་ད་ཤོག། ཨ་མེན།


ངའི་གཅེས་བའི་སྤུན་ཀྱ་བོ། ཉན་ཞིག། དཀོན་མཆོག་གིས་འཇིག་རྟེན་གྱི་དབུལ་སྤྲེ་ཀྱ་ལ་དད་པ་ལ་ཕྱུག་པོ་མཛད་དེ། ནམ་མཁའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་མཛད་པ་མ་ལེ། ཁོང་པ་ལ་བརྩེ་བ་བྱེད་མཁན་ཀྱ་ལ་རྒྱལ་སྲིད་འདི་གནང་ཡས་དམ་བཅའ་མཛད་པ་ལགས།


དེ་ནས་ཁྱེད་ཀྱི་དད་པའི་སྒོ་ནས་དཀོན་མཆོག་གི་ནུས་མཐུ་ཡིས། ཁྱེད་ཀྱ་ལ་མཐའ་མའི་དུས་ལ་མངོན་ཡས་ཡིན་གྱིན་ཐར་པའི་ཆེད་དུ་སྲུང་རེ་བཞག་འོད་ད་ལགས།


དུས་གཏན་དུ་དབང་ཁོང་པ་ཡི་འོང་བར་ཤོག། ཨ་མེན།


དེ་ནས་འོ་བྱས་རེ་ཁྱེད་ཀྱ་ལ་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་སྲིད་ནང་དུ་བསུ་ཡང་ཁག་ཆེ་འཐོབ་ཀྱི་ལགས།


ཡིན་ནའང་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་ལ་འཚར་ལོངས་བྱས་རེ་སོང་། ཁོང་ལ་རང་ད་ལྟ་དང་མཐའ་མའི་ཉིན་མ་ཐུག་པའི་གཟི་བརྗིད་འོང་བར་ཤོག། ཨ་མེན།།


ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་དང་ཡ་ཀོབ་ཀྱི་ནུ་བོ་ང་ཡུ་དཱ་ནས། ཡབ་དཀོན་མཆོག་གི་གཅེས་བའི་དང་ཡེ་ཤུ་མཱ་ཤི་ཀའི་དོན་དུ་བསྲུངས་རེ་བཞག་ཞ་བོས་པ་སྤུན་ཀྱ་ལ།


Lean sinn:

Sanasan


Sanasan