7 དེ་རེ་སྐྱེས་དམན་ཀྱ་ཙོག་བའི་སྦྱང་ཡས་ཐབས་ཤེས་བྱེད་ད་ལགས། ཡིན་ནའང་བདེན་པ་གོ་ནམ་མའང་ཤེས་མི་ཐུབ་བ་ལགས།
ཁོང་པ་ཡིས་གསུངས་བ་ལགས། ནམ་མཁའི་རྒྱལ་སྲིད་ཀྱི་གསང་བ་ཀྱ་ཤེས་ཡས་ལ་ཁྱེད་ཀྱ་ལ་གནང་འོད་ད་ལགས། ཡིན་ནའང་ཁོང་ཀྱ་ལ་མ་གནང་འོད་ད་ལགས།
དཀོན་མཆོག་གཅིག་པོ་ནས་འབྱུང་གིན་བཀུར་སྟི་གོ་མེད་བཙལ་ལ། ཁྱེད་ཀྱ་ཕན་ཚུན་གྱི་ནང་དུ་བཀུར་སྟི་བཙལ་གྱིན་བྱེད་རེ། ཁྱེད་ཀྱ་གང་གི་བྱས་རེ་དད་པ་བྱེད་ཐུབ་ཀྱི་ལེ།
ད་འོ་རང་དེ་ནས་ཧ་ལ་མིའི་གཡོ་སྒྱུ་ནས། དེ་ནས་བསླུ་བྲིད་འོག་ལ་ཆུད་དེ། རྦ་རླབས་ཀྱ་ཡིས་ཧ་ལ་ཚུར་ལ་གཡོས་ཡ་དང་། ལྟ་བ་ལོག་པ་སྣ་ཚོགས་ཀྱིས་དཀྲུགས་ཀྲ་ཕྲུ་བ་ཀྱ་ཅོག་རེ་མི་བྱུང་བ།
ཁོང་པ་ཡིས་ཐུགས་དགོངས་གོ་མི་གི་རི་སྐྱོབ་ཡས་དང་བདེན་པ་ཡི་ཤེས་ཡོན་ལ་འོང་ཡས་ལགས།
དེ་ནས་རང་གི་ཕྱོགས་ལ་མེད་ཀྱིན་ཀྱ་ལ་འཇམ་པོ་མ་སློབ་སྟོན་བྱེད་ཐུབ་ཀྱིན་འོང་དགོས་བ་ལགས། དེ་རེ་བྱེད་ན་དཀོན་མཆོག་གིས་ཁོང་ཀྱ་ལ་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། བདེན་པ་ལ་ཧ་གོ་ཐུབ་ཀྱིན་གྱི་སེམས་གནང་གི་ལགས།
དེའི་སྐོར་ལ་འེ་ཀྱ་ཁྱེད་ཀྱ་ལ་སྨྲ་ཡས་མང་ང་འོད། ཡིན་ནའང་ཁྱེད་ཀྱ་ཧ་གོ་ཡས་ལ་གྱོང་ང་བྱུང་རེ་ཁྱེད་ཀྱ་ལ་འགྲེལ་བཤད་བརྒྱབ་ན་དཀའ་ལས་འདུག།