Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 3:16 - གློ་བ།

16 དམ་པའི་གསུང་རབ་ལ་འོད་ཀྱིན་གི་རི་དཀོན་མཆོག་གི་ཐུགས་ཉིད་ནས་བྱུང་བ་ལགས། དེ་ནས་འདི་བསླབ་བྱ་བསླབས་ཡས་དང་། སྐྱོན་སྟོན་ཡས་དང་། ནོར་འཁྲུལ་གསོ་ཡས་དང་། དྲང་བདེན་གྱི་ལམ་ལ་སློབ་སྟོན་སྟོན་ཡས་ལ་ཕན་ཐོགས་བ་ལགས།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 3:16
43 Iomraidhean Croise  

དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་བྱས་རེ་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར་ལ་བསླབ་བྱ་རག་གིན་ཆོས་ཁྲིམས་ཀྱི་སློབ་དཔོན་གི་རི་ནང་གཅིག་གི་དཔོན་པོ་ཅོག་རེ་ལགས། ཁོས་ཁོ་རི་གཏེར་ནས་གསར་པ་དང་རྙིང་པ་ནོར་ཀྱ་བཏོན་ད་ལགས།


ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་གསུང་རབ་ལ་འདི་མ་སྒྲོགས་འོད་དེ། རྩིག་དཔོན་ཀྱ་ཡིས་སྤངས་རེ་བཞག་ཞ་རྡོ་གོང་གོ། ཟུར་གྱི་རྡོ་གོང་གཙོ་གོ་བྱུང་འདུག། འདི་ནི་གཙོ་བོ་ཡིས་མཛད་སྟངས་ལགས། དེ་ནས། འདི་འོ་རི་དམིགས་བ་ལ་ཡམ་སངས་ང་འདུག


ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དེ་རེ་ཡིན་ན་དཱ་བིད་ཀྱིས་གང་གི་བྱས་རེ་སེམས་ཉིད་ནས་ཁོང་པ་ལ་གཙོ་བོ་སྨྲས་རེ་བོས་བ་ལེ། དཱ་བིད་ཀྱི་སྨྲས་བ་ལགས།


ཡིན་ནའང་དེ་རེ་བྱུང་འོད་ན། གསུང་རབ་ལ་འབྱུང་དགོས་གུ་ལགས་སྨྲ་གིན་གོ་གང་གི་བྱས་རེ་སྒྲུབ་ཀྱི་ལེ།


ཡིན་ནའང་དེ་གི་རི་མངོན་ཤེས་མཁན་ཀྱ་ཡིས་གསུང་རབ་ལ་བྲིས་བྲ་ཀྱ་སྒྲུབ་ཏུ་བཅུག་ཡས་ལ་བྱུང་བ་ལགས། དེ་ནས་ཉེ་གནས་གི་རི་ཁོང་པ་ལ་བོར་ཏེ་བྲོས་བ་ལགས།


ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ནོར་འདུག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་གསུང་རབ་དང་དཀོན་མཆོག་གི་དབང་གི་སྐོར་ལ་ཤེས་ཡས་མིན་འདུག


དཱ་བིད་ཁོ་རང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་དེ་རེ་སྨྲས་བ་ལགས། གཙོ་བོ་དཀོན་མཆོག་གིས་ངའི་གཙོ་བོ་ལ་གསུངས་སོང་། ཁྱོའི་དགྲ་ཀྱ་ལ་ཁྱོའི་རྐང་པ་འོག་ལ་ངས་མ་བཞག་གིན་ཐུག་པའི། ཁྱོད་ངའི་ཕྱག་གཡས་ཕྱོགས་ལ་སྡོད།


གསུང་རབ་ལ་འོད་ཀྱིན་གོ་ནི་ཙོག་བའི་བདེན་པ་ཡིན། དཀོན་མཆོག་གི་བཀའ་ཐོབ་ཐ་མི་ཀྱ་ལ་ལྷ་སྨྲས་རེ་དཀོན་མཆོག་གིས་གསུངས་འོད་ན།


གི་བྱས་རེ་སྨྲ་ན་ལས་ངན་པ་བྱེད་མཁན་གི་རི་ཡིས་འོད་ལ་མེད་དགའ་ལགས། དེ་ནས་རང་གི་ལས་ཀ་ཀྱ་མངོན་དུ་བཅུག་གི་ལགས་བསམས་ཏེ་འོད་དུ་མེད་འོང་ང་ལགས།


སྤུན་ཀྱ་བོ། ཆོས་ཁྲིམས་ལ་དམ་པའི་ཐུགས་ཉིད་ཀྱི་རྒྱལ་བོ་དཱ་བིད་ཀྱི་ཐོག་ནས་ཡུ་དཱ་ཡི་སྐོར་ལ་བཀའ་མོལ་མཛད་ཛ་གི་རི་འགྲུབ་དགོས་ཀྱི་ལགས། དེ་ནས་འོ་དེ་གྲུབ་པ་ལགས། ཡེ་ཤུ་ལ་ཟིམ་མཁན་མི་ཀྱ་ལ་འགོ་ཁྲིད་བྱས་མཁན་ཡུ་དཱ་གོ།


ཁོ་ལ་གཙོ་བོའི་ལམ་གྱི་བསླབ་བྱ་འབྱོར་འོད་ད་ལགས། དེ་ནས་སྙིང་ཆེ་བྱས་རེ་ཡེ་ཤུ་ཡི་སྐོར་ལ་མི་ཀྱ་ལ་ཏག་བའི་ཏག་བའི་བསླབ་བྱ་སྟེར་ར་ལགས། ཡིན་ནའང་ཁོ་ལ་ཡོ་ཧ་ནན་གྱི་གནང་གིན་ཁྲུས་གསོལ་གྱི་སྐོར་ལ་གཅིག་ཀ་ཆ་འོད་ད་ལགས།


དེ་ནས་ཁྱེད་རང་ཀྱ་ཁོག་ཏུ་དང་ནང་ནང་ལ་འཛུལ་རེ་ངས་བསླབ་བྱ་སྟེར་རེ་གང་ལ། ཁྱེད་རང་ཀྱ་ལ་ཕན་ཐོགས་ཀྱིན་ལབ་གིན་ད་ངས་སེམས་ནང་དུ་མ་བཞག་པའི།


གི་བྱས་རེ་སྨྲ་ན་ངས་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཐུགས་དགོངས་ལ་འོད་ཀྱིན་བཤད་དགོས་ཀྱིན་ལབ་གི་རི་བཤད་ཡས་ལ་རྒྱབ་མ་ལོག་འོད།


ཁོང་ཀྱ་ཁ་མ་འཆམས་པ་འགྲོ་ཡས་བྱེད་འདིག་གང་ལ་པའུ་ལུ་ཡིས་མཐའ་མ་ལ་འདི་སྨྲས་བ་ལགས། ཡེ་ཤ་ཡཱ་མངོན་ཤེས་མཁན་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ཡི་དང་པོའི་ཕ་མ་ཀྱ་ལ་གསུངས་ཀྱིན་ལབ་དེ་བདེན་པ་འདུག


ད་གསུང་རབ་ཀྱིས་གནང་གིན་བཟོད་པ་དང་སེམས་ཤུགས་ཀྱི་ཐོག་ནས་འོ་རང་ལ་རེ་བ་འཐོབ་པ་ཤོག་སྨྲས་རེ། ཨེན་མ་བྲིས་བྲ་གི་རི་འོ་རང་ལ་བསླབ་བྱ་སྟེར་ཡས་ལ་བྲིས་པ་ལགས།


ཕྱོགས་གི་རི་ནས་ཕན་ཐོགས་ཆེ་འོད་ད་ལགས། དང་པོ་གོ་ལ་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་ཀྱ་ལ་བཅོལ་བ་ལགས།


དེ་ནས་ཁོང་དྲང་པོ་བརྩིས་བ་ལགས་སྨྲ་གིན་ཚིག་འདི་ཁོང་གི་ཆེད་དུ་གཅིག་ཀ་བྲིས་པ་མ་ལགས།


གི་རི་ལ་ཕན་ཐོགས་ཡས་ཀྱི་ཆེད་དུ་མི་རེ་རེ་ལ་དམ་པའི་ཐུགས་ཉིད་ནི་མངོན་མཛད་འོད་ད་ལགས།


དཀོན་མཆོག་གིས་དད་པ་ཡི་ཐོག་ནས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་འདག་ཏུ་མཛད་ཡས་ཡིན་གྱིན་གོ། གསུང་རབ་ཀྱིས་ཨེན་ལ་རང་གཟིགས་ཏེ་ཨབ་ར་ཧམ་ལ། ཁྱོའི་ཐོག་ནས་མི་རིགས་གི་རི་ལ་བྱིན་རླབས་འཐོབ་ཀྱི་ལགས། སྨྲས་རེ་ཨེན་མ་ནས་རང་གཏམ་བཟང་དེ་གསུངས་ང་མཛད་པ་ལགས།


དེ་ནས་རང་གི་ཕྱོགས་ལ་མེད་ཀྱིན་ཀྱ་ལ་འཇམ་པོ་མ་སློབ་སྟོན་བྱེད་ཐུབ་ཀྱིན་འོང་དགོས་བ་ལགས། དེ་རེ་བྱེད་ན་དཀོན་མཆོག་གིས་ཁོང་ཀྱ་ལ་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། བདེན་པ་ལ་ཧ་གོ་ཐུབ་ཀྱིན་གྱི་སེམས་གནང་གི་ལགས།


དཀོན་མཆོག་གི་བཀའ་ཤོད། དུས་ཡིན་གྱིན་དང་མིན་གྱིན་གཉིས་ཀ་ར་ལ་གྲ་སྒྲིག་སྡོད། དེ་ནས་བཟོད་པ་ཆེ་ཐོག་ནས་སློབ་སྦྱོང་གི་ཐོག་ནས་མི་ཀྱ་ལ་བསླབ་བྱ་རྒྱོབ། སྐྱོན་སྟོན། དེ་ནས་སེམས་ཤུགས་སྤོར།


ད་དད་པ་ནི་འོ་རི་རེ་བ་བྱས་ཀྱིན་དོན་གྱི་བློ་གཏད་དང་། འོ་རི་མིག་གིས་མེད་མཐོང་གིན་དོན་ཀྱ་ཡི་རེ་བ་བརྟན་པོ་གོ་ལགས།


འོ་བྱས་རེ་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། དི་རིང་ཁྱེད་ཀྱ་ཡིས་དཀོན་མཆོག་གི་གསུང་སྐད་གོ་ན།


གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་ནི་གསོན་པོ་དང་ནུས་མཐུ་ཆེ་འོད་ད་ལགས། དེ་ནས་ཁ་གཉིས་འོད་ཀྱིན་རལ་གྲི་ལས་རྣོ་བ་འོད་ད་ལགས། དེ་ཡིས་བློ་དང་སེམས། དེ་ནས་ཚིགས་དང་རྐང་གཉིས་ལ་དུམ་བུ་དུམ་བུ་ལ་གཤག་བ་ལགས། དེ་ནས་སེམས་ཀྱི་བསམ་ཚུལ་ཀྱ་དང་འདོད་པ་ཀྱ་ལ་ལྟ་སྤྱོད་བྱེད་ད་ལགས།


Lean sinn:

Sanasan


Sanasan