Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 3:10 - གློ་བ།

10 ཡིན་ནའང་ཁྱོས་ངས་ཆོས་སྟོན་གྱིན་དང་། ངའི་སྤྱོད་ལམ་དང་། ངའི་མི་ཚེའི་དམིགས་ཡུལ་དང་། དད་པ་དང་། ངའི་བཟོད་པ་དང་། ངའི་བྱམས་པ་དང་། ང་བརྟན་པོ་འོད་ཀྱིན།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 3:10
27 Iomraidhean Croise  

ངས་འང་འོ་དེ་གི་རི་ཐོག་མ་ནས་ཞིབ་ལྟ་བྱས་བྱ་བྱས་རེ། ཁོང་པ་ཐེ་ཨོ་ཕི་ལུ་ལགས་ཀྱི་ཆེད་དུ་འོ་དེའི་སྐོར་ལ་འོ་དེ་དུས་ཚོད་ལ། གཅིག་གི་གཤམ་པ་ནས་གཅིག་བྱུང་བྱ་ཅོག་རེ་འབྲི་ཡས་གྲོས་བྱས་བའི།


འོ་དུ་རུ་སླེབས་ཏེ་དཀོན་མཆོག་གི་ཐུགས་རྗེའི་འབྲས་བུ་མཐོང་རེ་ཁོ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། དེ་ནས་དད་པ་བྱེད་མཁན་ཀྱ་ལ་དོ་རང་འང་གཙོ་བོའི་ནང་བརྟན་པོ་བྱུང་རེ་བསྡད་ཡས་ལ་སེམས་ཤུགས་སྤར་པ་ལགས།


དེ་ནས་ཁོང་ཀྱ་སྐུ་ཚབ་ཀྱ་ཡི་ཆོས་ལ་ཉན་ཡས་དང་། མུ་ལ་འཛོམ་ཡས་དང་། གྱང་ག་གཅག་ཡས་དང་། གསོལ་བ་བརྒྱབ་ཡས་ཅོག་རེ་ལས་ཀ་ཀྱ་མུ་ལ་བྱེད་ད་ལགས།


ཁོང་ཀྱ་སླེབས་ཏེ་ཁོས་སྨྲས་བ་ལགས། ཨེ་ཞི་ཡཱ་རུ་འོངས་ཀྱིན་ཉིན་མ་ནས་རང་ཁྱེད་རང་ཀྱ་མུ་ལ་བསྡད་དེ་གང་ལ། ངས་འོ་དེ་ཉིན་མ་ཀྱ་གང་བྱས་རེ་བཅད་པ་ལགས་སྨྲས་རེ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས།


ང་ང་རི་རྒྱལ་ཁབ་ཏུ་དེ་ནས་ཡེ་རུ་ཤ་ལེམ་རྒྱལ་ས་རུ་ཅི་མེ་ནས་ཧ་ལ་རང་། ཡ་ཧུ་དཱ་པའི་ཆོས་ལུགས་ལ་འཚར་གྱིན་གོ་ཡ་ཧུ་དཱ་པ་ཀྱ་ལ་ཆ་འོད་ད་ལགས།


སྤུན་ཀྱ་བོ། ཁྱེད་ཀྱ་ལ་བསླབས་ལ་ཆོས་ཀྱི་ལྟ་བ་ནས་གཞན་མ་བསླབས་ཏེ་ཁྱེད་ཀྱ་གུང་དུ་དཀྲུག་གིན་དང་། དཀའ་ལས་གག་བ་ཟོ་གིན་མི་ཀྱ་ནས་གཟབ་གཟབ་བྱེད། དེ་ནས་ཁོང་ཀྱ་ནས་བྲལ་རེ་སྡོད་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན།


ངས་དེ་རེ་འདོད་པ་བྱས་ཀྱིན་གོ་བརྟན་པོ་མེད་ཀྱིན་ཅོག་རེ་འདུག་བའི། ཡང་ན་དུས་གཅིག་ལ་རང་ལགས་ལགས། དེ་ནས་མ་ལགས་མ་ལགས་སྨྲས་རེ་འཇིག་རྟེན་གྱི་མི་ཀྱ་ཅོག་རེ་ངའི་འཆར་གཞི་ཀྱ་བཟོས་འདུག་བའི།


ད་འོ་རང་དེ་ནས་ཧ་ལ་མིའི་གཡོ་སྒྱུ་ནས། དེ་ནས་བསླུ་བྲིད་འོག་ལ་ཆུད་དེ། རྦ་རླབས་ཀྱ་ཡིས་ཧ་ལ་ཚུར་ལ་གཡོས་ཡ་དང་། ལྟ་བ་ལོག་པ་སྣ་ཚོགས་ཀྱིས་དཀྲུགས་ཀྲ་ཕྲུ་བ་ཀྱ་ཅོག་རེ་མི་བྱུང་བ།


གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དོན་དུ་དངོས་གནས་སེམས་ཁྲལ་བྱེད་མཁན། ཁོ་ཅོག་རེ་ངའི་མུ་ལ་གཞན་མ་སུའང་མེད།


ཡིན་ནའང་ཏི་མོ་ཐེའུ་ནི་མི་ག་རེ་གཅིག་ལེ་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་བི་ཛ་གཅིག་གི་རང་གི་ཨ་རྒས་ལ་ཞབས་ཕྱི་ཞུ་གིན་ཅོག་རེ། གཏམ་བཟང་གི་ལས་ཀ་ལ་ཁོས་ངའི་མུ་ལ་ཞབས་ཕྱི་ཞུས་བ་ལགས།


གི་བྱས་རེ་སྨྲ་ན་འི་ཀི་གཏམ་བཟང་གོ་ཁྱེད་ཀྱ་ཡི་རྩ་རུ་ཚིག་ལ་གཅིག་ཀ་མིན་ད། དབང་དང་། དམ་པའི་ཐུགས་ཉིད་དང་། དངོས་གནས་དྲངས་གནས་བདེན་པའི་ཐོག་ནས་འོངས་བ་ལགས། ཁྱེད་ཀྱ་ཡི་གུང་དུ་ཁྱེད་ཀྱི་ཕྱིར་ལ་འི་ཀི་སྤྱོད་པ་ག་རེ་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས།


ང་མ་ཀེ་དོན་ཡཱ་ཡུལ་དུ་འགྲོའི་གང་ལ། ངས་ཁྱོད་ལ་ཞུ་གིན་ཅོག་རེ་འོ་དུ་རུ་འོད་ཀྱིན་ལྟ་བ་ཟོག་པོའི་ཆོས་བསླབས་མཁན་ཀྱ་ལ་ཉེན་བརྡ་བཏང་ཡས་ལ། ཁྱོད་ཨེ་ཕེ་སུ་རྒྱལ་ས་རུ་རང་སྡོད།


བསླབ་བྱ་དེ་ཀྱ་ཁྱོས་ཁྱེད་རི་སྤུན་ཀྱ་ཡི་གདོང་དུ་སྟོན་ན། ཁྱོད་དད་པ་ཡི་བཀའ་སྦྱངས་རེ་འོངས་བ་དང་། ལྟ་བ་བཟང་པོ་ལ་བརྩིས་རེ་འོངས་བ། མཱ་ཤི་ཀ་ཡེ་ཤུ་ཡི་ཞབས་ཏོག་པ་བཟང་པོ་གཅིག་འབྱུང་གི་ལགས།


ཡིན་ནའང་དཀོན་མཆོག་གི་སྐྱེས་བུ་ཁྱོད། དེ་གི་རི་ནས་འཛེམ་ཏེ། དྲང་བདེན་དང་། ཆོས་སེམས་དང་། དད་པ་དང་། བྱམས་པ་དང་། བཟོད་སྒོམ་དང་། འཇམ་པོ་འབྱུང་ཡས་ལ་འཚོལ།


འོ་བྱས་རེ་གཞོན་ནུའི་འདོད་ཆགས་ཀྱ་སྤོངས། དེ་ནས་སེམས་གཙང་མ་ཡི་ཐོག་ནས་གཙོ་བོའི་མཚན་བརྗོད་མཁན་ཀྱ་མུ་ལ། དྲང་བདེན་གྱི་མི་ཚེ་དང་། དད་པ་དང་། བྱམས་པ་དང་། ཞི་བདེའི་དམིགས་ཡུལ་འཚོལ།


དཀོན་མཆོག་གི་བཀའ་ཤོད། དུས་ཡིན་གྱིན་དང་མིན་གྱིན་གཉིས་ཀ་ར་ལ་གྲ་སྒྲིག་སྡོད། དེ་ནས་བཟོད་པ་ཆེ་ཐོག་ནས་སློབ་སྦྱོང་གི་ཐོག་ནས་མི་ཀྱ་ལ་བསླབ་བྱ་རྒྱོབ། སྐྱོན་སྟོན། དེ་ནས་སེམས་ཤུགས་སྤོར།


གི་བྱས་རེ་སྨྲ་ན་མི་ཀྱ་ཡི་ལྟ་བ་དྲང་བདེན་གྱི་བསླབ་བྱ་ལ་ཉན་ཉིད་མེད་འདོད་ད། རང་གིས་ཉན་ཉིད་འདོད་ཀྱིན་ལབ་ཀྱ་དང་རང་གི་འཐད་ཀྱིན་སློབ་དཔོན་ཀྱ་བཙལ་ཡས་ཀྱི་དུས་ཤར་གྱི་ལགས།


ངས་དམག་བཟང་ང་འཐྲབས་འོད། དེ་ནས་ངས་བང་སྡུར་གོ་བཏང་ཚར་འོད། དེ་ནས་ངས་དད་པ་སྲུངས་འོད།


ལབ་གི་རི་ལ་རང་རང་ལ་ལས་བཟང་པོའི་དཔེ་སྟོན། ཁྱོད་རི་བསླབ་བྱ་གོ་དྲང་པོ་དང་ཡ་རབས།


ཆོས་མཁྱེན་ཚ་དང་འདྲ་མི་འདྲ་ཀྱ་ཡིས་ཁྱེད་ཀྱ་ལ་བསླུ་རུ་མ་ཆུག། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་མིའི་སེམས་བརྟན་པོ་བྱུང་ང་ལགས། ཡིན་ནའང་ཟ་ཡས་དང་། འཐུང་ཡས་ཀྱི་སྲོལ་ཀྱ་སྲུང་རེ་མི་བྱུང་ང་ལགས། དེ་རེ་སྲོལ་སྲུང་མཁན་ཀྱ་ལ་གིའང་ཕན་ཐོགས་མ་བྱུང་འོད་ད་ལགས།


ད་དེ་གི་རི་དེ་རེ་བྱས་རེ་མེད་ད་ལ་འགྲོ་ཡས་ཡིན་གྱིན་བྱས་རེ། ཁྱེད་ཀྱ་མི་ག་རེ་གཅིག་འབྱུང་དགོས་གུ་ལེ། ཁྱེད་ཀྱ་དཀོན་མཆོག་གི་ཉིན་མ་ལ་སྒུག་སྟེ་བསྡད་ད་རང་། དེ་ནས་འོ་དེ་མགྱོགས་སེ་འོང་དུ་བཅུག་ཡས་བྱེད་ད་རང་། ཁྱེད་ཀྱ་དམ་པ་དང་ཆོས་སེམས་ཀྱི་མི་ཚེ་སྐྱོལ་དགོས། འོ་དེ་ཉིན་མ་ལ་ནམ་མཁའ་ནི་མེ་ཡིས་མེད་ད་ལ་འགྲོ་གི་ལགས། དེ་ནས་འབྱུང་བ་བཞི་ནི་མེ་ཡིས་བསྲགས་ཏེ་ཞུ་རེ་འགྲོ་གི་ལགས།


Lean sinn:

Sanasan


Sanasan