Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 2:15 - གློ་བ།

15 ངོ་ཚ་མེད་དགོས་ཀྱིན་དང་བདེན་པ་ཡི་བཀའ་གསལ་བོ་བསླབས་ཀྱིན་ལས་བྱེད་ཅོག་རེ། རང་གི་རང་ལ་དཀོན་མཆོག་གི་དྲུང་དུ་ཐུགས་མཉེས་བོ་འབྱུང་ཡས་ལ་གི་ཐུབ་ཐུ་ཐབས་ཤེས་བྱེད།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 2:15
29 Iomraidhean Croise  

དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་བྱས་རེ་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར་ལ་བསླབ་བྱ་རག་གིན་ཆོས་ཁྲིམས་ཀྱི་སློབ་དཔོན་གི་རི་ནང་གཅིག་གི་དཔོན་པོ་ཅོག་རེ་ལགས། ཁོས་ཁོ་རི་གཏེར་ནས་གསར་པ་དང་རྙིང་པ་ནོར་ཀྱ་བཏོན་ད་ལགས།


མི་ཀྱ་ཡིས་ཧ་གོ་ཐུབ་ཀྱིན་ཐུག་པའི་ཡེ་ཤུ་ཡིས་དེ་རེ་དམི་ཅིག་གི་མང་ང་དཔེ་ཀྱ་ནས་ཁོང་ཀྱ་ལ་བཀའ་གནང་ང་མཛད་པ་ལགས།


གཙོ་བོ་ཡིས་གསུངས་བ་ལགས། ད་བདག་པོ་ཡིས་རང་གི་ནང་མི་ཀྱ་ལ་དུས་ཚོད་ཏག་ཏག་ལ་རང་རང་གི་སྐལ་ད་ཡི་ཟ་མ་སྟེར་ཡས་ལ་བཀོད་ཀ་གཉེར་པ་བློ་བཀལ་ཐུབ་ཀྱིན་དང་ཤེས་རབ་ཅན་གོ་སུ་ལེ།


ཡིས་ར་ཨེལ་པ་མི་ཀྱ་བོ། ངའི་ལབ་ཉན་རོགས་གནང་། ན་ཙ་རེད་ཀྱི་ཡེ་ཤུ་ནས་དཀོན་མཆོག་གིས་ཁྱེད་རང་ཀྱ་ཡི་གུང་དུ་ཤུགས་ཆེ་པོ་དང་། ཧང་སང་གིན་ལས་ཀ་ཀྱ་མཛད་དེ། དེ་ནས་རྟགས་ཀྱ་སྟོན་གྱིན་གོ་ཁྱེད་རང་ཀྱ་ལ་ཆ་འོད་ད་ལགས། འོ་དེ་ཀྱ་ནས་དཀོན་མཆོག་གིས་ཡེ་ཤུ་ལ་ཁྱེད་རང་ཀྱ་ཡི་གུང་དུ་བརྫངས་བ་ཡིན་སྨྲ་གིན་དཔང་པོ་གོ་སྟོན་ད་མཛད་པ་ལགས།


གི་བྱས་རེ་སྨྲ་ན་ངས་ཁྱེད་རང་ཀྱ་ལ་དཀོན་མཆོག་གི་ཐུགས་དགོངས་ལ་འོད་ཀྱིན་བཤད་དགོས་ཀྱིན་ལབ་གི་རི་བཤད་ཡས་ལ་རྒྱབ་མ་ལོག་འོད།


དེ་ནས་འདིའི་སྒོ་ནས་མཱ་ཤི་ཀ་ལ་ཞབས་ཕྱི་ཞུ་མཁན་གོ་ལ་དཀོན་མཆོག་གིས་ཐུགས་མཉེས་བོ་བརྩི་གི་ལགས། དེ་ནས་མི་ཀྱའང་དགའ་གི་ལགས།


དེ་ནས་མཱ་ཤི་ཀའི་ནང་བཟང་པོ་བརྩིས་ཙ་ཨ་པེ་ལེ་ལ་འཚམས་འདྲི་ཞུས། དེ་ནས་ཨ་རིས་ཏོ་བུལ་ལོ་གི་ནང་མི་ཀྱ་ལ་འཚམས་འདྲི་ཞུས།


རང་གི་ལུས་ཀྱི་ཡན་ལག་གཅིག་འང་ངན་པའི་ལག་ཆ་ཅོག་རེ་སྡིག་པ་བྱེད་ཡས་ལ་མ་སྟེར། ཡིན་ནའང་འཆི་བ་ནས་གསོན་པོ་ལ་ཁྲིད་དེ་འོངས་བ་མི་ཀྱ་ཅོག་རེ་རང་ལ་དཀོན་མཆོག་གི་དྲུང་དུ་ཕུལ། དེ་ནས་རང་གི་ཡན་ལག་ཀྱ་གི་རི་དྲང་བདེན་གྱི་ལས་ཀ་བྱེད་ཀྱིན་ལག་ཆ་ཅོག་རེ་དཀོན་མཆོག་ལ་ཕུལ།


ད་དད་པ་བརྟན་པོ་འོད་མཁན་ཀྱ་ཡི་གུང་དུ་འེ་ཀྱ་ཤེས་རབ་ཀྱི་གཏམ་ཀྱ་བཤད་ད་ཡིན། ཡིན་ནའང་ཤེས་རབ་དེ་ནི་འདི་དུས་རབས། ཡང་ན་མེད་ད་ལ་འགྲོ་ཡས་ཡིན་གྱིན་འདི་དུས་རབས་ཀྱི་དབང་བྱེད་མཁན་ཀྱ་ཡི་ཤེས་རབ་མ་ལགས།


གི་བྱས་རེ་སྨྲ་ན་རང་གི་བསྟོད་སྒྲ་རང་བྱེད་ཀྱིན་ལ་གཙོ་བོ་ཡིས་ཁས་ལེན་མེད་མཛད་ད་ལགས། ཡིན་ནའང་གཙོ་བོ་ཡིས་བསྟོད་སྒྲ་མཛད་ཀྱིན་མི་གོ་ལ་ཁས་ལེན་མཛད་ད་ལགས།།


ཁོང་པ་ཡིས་འེ་ཀྱ་ལ་དམ་བཅའ་གསར་པའི་ཞབས་ཏོག་པ་འབྱུང་ཡས་ལ་འཇོན་པོ་མཛད་སོང་། དེ་ནས་དེ་ནི་ཡིག་གི་ཐོག་ནས་མིན་ད། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ལགས། གི་བྱས་རེ་སྨྲ་ན་བྲིས་བྲ་ཆོས་ཁྲིམས་ཀྱི་མི་ལ་འཆི་བའི་ཆད་པ་བཀལ་ལ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ཚེ་གནང་ང་ལགས།


ཡིན་ནའང་འེ་ཀྱ་ཡིས་གསང་བ་དང་ངོ་ཚ་གིན་ལས་ཀ་གི་རི་སྤངས་འོད། དེ་ནས་འེ་ཀྱ་སླུ་བྲིད་དང་དཀོན་མཆོག་གི་བཀའ་ལ་གཡོ་ཡས་ཀྱི་ལས་ཀ་ཀྱ་མི་བྱེད་འོད། ཡིན་ནའང་དཀོན་མཆོག་གི་དམིགས་བ་དུ་མི་གི་རིའི་ཤེས་བཟང་ལ་འེ་ཀྱ་མི་དགའ་ཡིན་གྱིན་གོ་སྟོན་ཡས་ལ། འེ་ཀྱ་བདེན་པའི་བཀའ་གོ་གསལ་བོ་བྱས་རེ་གསལ་བསྒྲགས་བྱེད་འདིག་འོད།


འོ་བྱས་རེ་འེ་ཀྱ་ལུས་ལ་འོད་ན་ཡང་ན་ཁ་བྲལ་ན། ཁོང་པ་ལ་ཐུགས་དགྱེས་རུ་བཅུག་ཡས་གོ་རང་འི་ཀི་དམིགས་ཡུལ་ལགས།


ད་ང་མི་ཀྱ་ནས་ངོས་ལེན་བཙལ་ལི་བོ། ཡང་མེད་ན་དཀོན་མཆོག་ནས་བཙལ་ལི་བོ། ཡང་ང་མི་ཀྱ་ལ་དགའ་རུ་བཅུག་ཡས་ལ་ཐབས་ཤེས་བྱེད་འདིག་བའི། ངས་ད་ལྟ་ཐུག་པའི་མི་ཀྱ་ལ་དགའ་རུ་བཅུག་ཡས་ཐབས་ཤེས་བྱས་འོད་ན། ང་མཱ་ཤི་ཀའི་ཞབས་ཕྱི་འོངས་ཡས་མེད།


ཐར་པ་ཡི་གཏམ་བཟང་བདེན་པའི་བཀའ་མཉན་ཏེ་མཱ་ཤི་ཀ་ལ་དད་པ་བྱེད་མཁན་ཁྱེད་ཀྱ་ལ་དཀོན་མཆོག་ནས་རང་། དམ་བཅའ་མཛད་ཛ་དམ་པའི་ཐུགས་ཉིད་ཀྱིས་ཐེལ་ཙེ་བརྒྱབ་འོད་ད་ལགས།


ཡིན་ནའང་གཏམ་བཟང་འདི་འི་ཀི་ཁར་ལ་བློ་བཀལ་ཡས་ལ། དཀོན་མཆོག་གིས་འེ་ཀྱ་ལ་ཐག་གཅོད་མཛད་དེ་འེ་ཀྱ་མི་ཡི་དགའ་སྤྲོ་ཡི་ཕྱིར་ལ་མིན་ད། འོ་རི་སྙིང་གི་ཚོད་གཟིགས་མཁན་དཀོན་མཆོག་ལ་ཐུགས་མཉེས་པོ་འོང་ཡས་ལ་བཤད་ད་ཡིན།


སྤུན་ཀྱ་བོ། ལས་མེད་ལམ་མཁན་ཀྱ་ལ་བསླབ་བྱ་སྟེར། སྙིང་ཆུང་བ་ཀྱ་ལ་སེམས་གསོ་སྤོར། སྐྱོ་བ་ཀྱ་ལ་རོགས་བ་བྱེད། དེ་ནས་གི་རི་མུ་ལ་བཟོད་པ་སྒོམ་སྨྲས་རེ་ཁྱེད་ཀྱ་ལ་སྐུལ་ལ་ཡིན།


བསླབ་བྱ་དེ་ཀྱ་ཁྱོས་ཁྱེད་རི་སྤུན་ཀྱ་ཡི་གདོང་དུ་སྟོན་ན། ཁྱོད་དད་པ་ཡི་བཀའ་སྦྱངས་རེ་འོངས་བ་དང་། ལྟ་བ་བཟང་པོ་ལ་བརྩིས་རེ་འོངས་བ། མཱ་ཤི་ཀ་ཡེ་ཤུ་ཡི་ཞབས་ཏོག་པ་བཟང་པོ་གཅིག་འབྱུང་གི་ལགས།


འོ་བྱས་རེ་ཁོང་ཀྱ་ཡིས་དཀོན་མཆོག་གི་བཀའ་ལ་མ་ཉན་པ་ནོར་གྱིན་ཅོག་རེ་སུས་འང་མ་ནོར་བ་ཤོག་སྨྲས་རེ། འོ་རང་འོ་དེ་ངལ་གསོ་ནང་འཛུལ་ཡས་ལ་ཐབས་ཤེས་འོད་ལེ་བྱེད་དགོས།


སྡུག་པོ་མྱངས་བའི་གང་ལ་བཟོད་པ་བྱེད་མཁན་མི་བྱིན་རླབས་ཆེ་ལགས། གི་བྱས་རེ་སྨྲ་ན་ཚོད་ལྟ་ནས་ཁོ་ཐར་ཚར་ཏེ་དཀོན་མཆོག་གིས་རང་ལ་བརྩེ་བ་བྱེད་མཁན་ཀྱ་ལ་དམ་བཅའ་མཛད་ཛ་མི་ཚེའི་ཅོད་པན་གོ་ཁོ་ལ་འཐོབ་ཀྱི་ལགས།


ཁོང་པ་ཡིས་བཀོད་པ་གི་རི་ནས་ལོ་ཏོག་ཕུད་གོ་འོ་རང་འབྱུང་བར་ཤོག་སྨྲས་རེ། ཁོང་པ་རང་གི་ཐུགས་དགོངས་ཀྱི་བདེན་པའི་བཀའ་ཐོག་ནས་འོ་རང་ལ་སྐྱེ་བ་གསར་པ་གནང་ང་མཛད་པ་ལགས།


འོ་བྱས་རེ་སྤུན་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་པ་དང་བདམས་ད་གོ་ལ། དངོས་གནས་ཡིན་གྱིན་གོ་སྟོན་ཡས་ཆེད་དུ་དོ་རང་འང་བརྩོན་འགྲུས་བྱེད། གི་བྱས་རེ་སྨྲ་ན་དེ་རེ་བྱེད་ན། ཁྱེད་ཀྱ་ཁྱེད་རི་དད་པ་ནས་ལྷིམ་གྱི་མ་ལགས།


དེ་ནས་ང་ཤི་ཚར་ཏེའང་ཁྱེད་ཀྱ་ཡིས་དེ་དོན་ཀྱ་ནམ་ཡིན་ན་དྲན་གསོ་བྱེད་ཐུབ་བར་ཤོག་སྨྲས་རེ་ང་གི་ཐུབ་ཐུབ་དཀའ་ལས་བརྒྱབ་ཡས་ཡིན།


འོ་བྱས་རེ་གཅེས་བའི་ཀྱ་བོ། ཁྱེད་ཀྱ་དོན་དེ་ཀྱ་ལ་སྒུག་སྟེ་བསྡད་ཀྱིན་བྱས་རེ། དཀོན་མཆོག་གི་དྲུང་དུ་དྲི་མ་མེད་ཀྱིན་དང་། སྐྱོན་མེད་ཀྱིན་དང་། ཞི་བདེ་ལ་ཐུག་ཡས་ཀྱི་ཆེད་དུ་གི་ཐུབ་ཐུབ་ཐབས་ཤེས་བྱེད།


Lean sinn:

Sanasan


Sanasan