Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 1:18 - གློ་བ།

18 གཙོ་བོ་ཡི་ཉིན་མ་གོ་ལ་ཁོང་པ་ཡིས་ཁོ་ལ་ཐུགས་རྗེ་གཟིགས་བར་ཤོག། དེ་ནས་ཨེ་ཕེ་སུ་རུ་ཁོས་ང་ལ་ཞུ་གིན་ཞབས་ཏོག་གི་རི་ཁྱོད་ལ་ག་མོ་མ་ཤེས་ཡས་འོད་ད་ལགས།།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 1:18
26 Iomraidhean Croise  

ཁོ་པ་ཡིས་འོ་རི་དང་པའི་མེ་མེ་ཀྱ་ལ་སྙིང་རྗེ་མཛད་ཡས། དང་རང་གི་དམ་པའི་དམ་བཅའ་གོ་དྲན་གསོ་མཛད་ཡས་ལ།


འོ་རི་དཀོན་མཆོག་གི་བྱམས་སྙིང་རྗེ་ཡིས་བྱས་རེ། ཁོང་པ་ཡི་ཐར་བའི་འོད་ནམ་མཁའི་ཞིང་ཁམས་ནས་བཏང་ང་མཛད་ཀྱི་ལགས།


དེ་ནས་ཧེ་རོ་དཱེའི་ཁྱིམ་ཚང་གི་གཉེར་པ་ཀུ་སཱའི་སྐྱེད་དམན་ཡོ་ཨ་ནཱ་དང་སུ་སན་ནཱ་དང་གཞན་མ་བུ་མོ་མང་ང་འོད་ད་ལགས། དེ་སྐྱེད་དམན་ཀྱ་ཡིས་རང་གི་རྒྱུ་ནོར་ནས་ཁོང་པ་ཀྱ་ལ་རོགས་བ་བྱེད་ད་ལགས།


དེ་ནས་ཨེ་ཕེ་སུ་རུ་སླེབས་ཏེ་པི་རིས་ཀིལ་ལ་དང་ཨ་ཀུ་ལ་འོ་དུ་རུ་རང་བསྡད་པ་ལགས། པའུ་ལུ་གོ་ཨེ་ཕེ་སུ་ཡི་ཚོགས་ཁང་དུ་སོང་རེ་ཡ་ཧུ་དཱ་པ་ཀྱ་མུ་ལ་རྩོད་གླེང་བྱས་བ་ལགས།


དེ་ནས་པའུ་ལུ་ཡིས་འགྲོའི་གང་ལ་དེ་རེ་སྨྲས་བ་ལགས། དཀོན་མཆོག་གི་ཐུགས་དགོངས་འོད་ན། ང་ཡང་ཁྱེད་ཀྱ་རྩ་རུ་ལོག་སྟེ་འོངས་ཡས་ཡིན། དེ་ནས་ཁོ་ཨེ་ཕེ་སུ་ནས་རྒྱ་མཚོའི་ལམ་ཁ་ནས་སོང་བ་ལགས།


ཨ་པོལ་ལོས་ཀོ་རིན་ཐུ་རུ་འོད་དེ་གང་ལ། པའུ་ལུ་ཨེ་ཞི་ཡཱ་ཡི་གུང་ནས་བྱུང་རེ་ཨེ་ཕེ་སུ་རྒྱལ་ས་ལ་སླེབས་པ་ལགས། འོ་དུ་རུ་ཁོས་དད་པ་བྱེད་མཁན་རིང་འགའ་ཐུག་པ་ལགས།


དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་ཡིན་གྱིན་ཉིན་མ་གོ་ལ། ཁྱེད་ཀྱ་སྐྱོན་མེད་ཀྱིན་འབྱུང་ཡས་ཀྱི་ཕྱིར་ལ། ཁོང་པ་ཡིས་ཁྱེད་ཀྱ་ལ་མཐའ་ཐུབ་པ་བརྟན་པོ་མཛད་ཀྱི་ལགས།


ཡིན་ནའང་ཉིན་མ་ལྔ་བཅུའི་དུས་ཆེན་ཐུག་པའི་ང་ཨེ་ཕེ་སུ་རུ་རང་བསྡད་ཡས་ཡིན།


ཁོང་ཀྱ་རེ་རེའི་ལས་ཀ་གོ་གསལ་བོ་མཐོང་གི་ལགས། གི་བྱས་རེ་སྨྲ་ན་ཁྲིམས་གཅོད་ཀྱི་ཉིན་མ་ཡིས་འོ་དེ་མངོན་གྱི་ལགས། འོ་དེ་ནི་མིའི་སྒོ་ནས་མངོན་གྱི་ལགས། དེ་ནས་མི་རེ་རེའི་ལས་ཀ་ག་རེ་འོད་ཀྱིན་གོ་མེ་ཡིས་རང་བརྟག་དཔྱད་བྱེད་ཀྱི་ལགས།


དམ་པའི་མི་ཀྱ་ཡི་ཆེད་དུ་ཁྱེད་ཀྱ་ཡི་ཞལ་འདེབས་འབུལ་གྱིན་གྱི་སྐོར་ལ། ངས་ཁྱེད་ཀྱ་ལ་འབྲི་དགོས་ཡས་མིན་འདུག།


ཡིན་ནའང་སྙིང་རྗེ་ལ་ཕུན་སུམ་ཚོགས་པ་འོད་ཀྱིན་དཀོན་མཆོག་གིས་རང་གི་བྱམས་པ་རྒྱ་ཆེའི་ཐོག་ནས་འོ་རང་ལ་བརྩེ་བ་མཛད་པ་ལགས།


གཙོ་བོ་ཡེ་ཤུ་ཕེབས་བའི་གང་ལ། ཁོང་པ་ཡི་དྲུང་དུ་འི་ཀི་རེ་བ་དང་། དགའ་སྤྲོ་དང་། དབུ་རྒྱན་གྱི་ངོམ་སོ་གོ་ཁྱེད་ཀྱ་རང་མ་ལགས་སེ།


ང་མ་ཀེ་དོན་ཡཱ་ཡུལ་དུ་འགྲོའི་གང་ལ། ངས་ཁྱོད་ལ་ཞུ་གིན་ཅོག་རེ་འོ་དུ་རུ་འོད་ཀྱིན་ལྟ་བ་ཟོག་པོའི་ཆོས་བསླབས་མཁན་ཀྱ་ལ་ཉེན་བརྡ་བཏང་ཡས་ལ། ཁྱོད་ཨེ་ཕེ་སུ་རྒྱལ་ས་རུ་རང་སྡོད།


འདིའི་བྱས་རེ་ང་འོ་རེ་སྡུག་པོ་མྱངས་ང་ཡིན། ཡིན་ནའང་ངས་སུའི་ཁར་ལ་དད་པ་བྱེད་ཀྱིན་གོ་ང་ལ་ཤེས་ཡས་བྱས་རེ་ང་ངོ་མེད་ཚ། ཡང་ང་ལ་བཅོལ་གྱིན་གོ་འོ་དེ་ཉིན་མ་ཐུག་པའི་ཁོང་པ་རང་གིས་སྲུང་གི་ལགས་སྨྲས་རེ་ང་ལ་སྡུག་ང་གིའང་མིན་འདུག།


གཙོ་བོ་ཡིས་ཨོ་ནེ་སི་ཕོ་རུའི་ནང་མི་ལ་ཐུགས་རྗེ་གཟིགས་བར་ཤོག གི་བྱས་རེ་སྨྲ་ན་ཁོས་ང་ལ་ཐེངས་མང་ཆེ་སེམས་ཤུགས་སྤར་སོང་། དེ་ནས་ང་བཙོན་པ་ཡིན་གྱིན་གོ་ལ་ངོ་ཚ་མ་བྱས་སོང་།


ཡིན་ནའང་ཁོ་རོམ་ལ་སླེབས་ཏེ། ང་མ་རྙེད་ཀྱིན་ཐུག་པའི་སྙིང་རུས་བྱས་རེ་ང་ལ་བཙལ་བ་ལགས།


ཏུ་ཁི་ཀོས་ལ་ངས་ཨེ་ཕེ་སུ་རྒྱལ་ས་རུ་བརྫངས་འོད།


ད་དེ་ནས་ཧ་ལ་ངའི་ཕྱིར་ལ་དྲང་བདེན་གྱི་དབུ་རྒྱན་བཞག་འོད་ད་ལགས། དེ་ནས་འོ་དེ་དྲང་བདེན་གྱི་ཁྲིམས་དཔོན་གཙོ་བོས་འོ་དེ་ཉིན་མོ་གོ་ལ་ང་ལ་གནང་གི་ལགས། དེ་ནས་ང་ལ་གཅིག་ཀ་མིན་ད་ཁོང་པ་ཡིས་ལྡབ་ལེ་ཕེབས་བསུ་ལ་དགའ་མཁན་གི་རི་ལ་གནང་གི་ལགས།


གི་བྱས་རེ་སྨྲ་ན་དཀོན་མཆོག་ནི་མེད་དྲང་ང་མེད་ད་ལགས། ཁྱེད་ཀྱ་ཡིས་བྱས་ཀྱིན་ལས་བཟང་ང་ཀྱ་དང་། ཁྱེད་ཀྱ་ཡིས་ཁོང་པ་ལ་བརྩེ་བ་བྱེད་ཀྱིན་བྱས་རེ་ཨེན་མ་དམ་པའི་མི་ཀྱ་ལ་ཞབས་ཏོག་ཕུལ་པ་དང་། དེ་ནས་ད་ལྟའང་བྱེད་ཀྱིན་དེ་ལ་དཀོན་མཆོག་གིས་བརྗེད་ད་མཛད་ཀྱི་མ་ལགས།


ཁྱེད་ཀྱ་ཡི་ཕྱིར་ལ་འབྱུང་ཡས་ཡིན་གྱིན་ཐུགས་རྗེའི་སྐོར་ལ་མངོན་ཤེས་མཛད་མཁན་མངོན་ཤེས་མཁན་ཀྱ་ཡིས། འདི་ཐར་པའི་སྐོར་ལ་དམི་ཅིག་གི་ཞིབ་ལྟ་བྱས་རེ་རྩད་གཅོད་བྱས་བ་ལགས།


ཨེ་ཕེ་སུའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། རང་གི་ཕྱག་གཡས་ལ་སྐར་མ་བདུན་ཟིམ་གྱིན་དང་གསེར་གྱི་ཀྱུང་བདུན་གྱི་གུང་ལ་ཞབས་འཆག་མཛད་མཁན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི།


Lean sinn:

Sanasan


Sanasan