Biblia Todo Logo
Bìoball air-loidhne

- Sanasan -




༢ ཏི་མོ་ཐེའུ། 1:10 - གློ་བ།

10 དེ་ནས་འོ་རི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཕེབས་བསུ་ནས་ཐུགས་རྗེ་འདི་ད་ལྟ་མངོན་དུ་མཛད་པ་ལགས། དེ་ནས་ཁོང་པ་ཡི་འཆི་བ་ལ་རྩ་མེད་མཛད་དེ། གཏམ་བཟང་གི་སྒོ་ནས་མཐའ་མེད་པའི་ཚེ་སྲོག་དང་། འཆི་བ་མེད་པའི་ཚེ་གསལ་བོ་མཛད་པ་ལགས།

Faic an caibideil Dèan lethbhreac




༢ ཏི་མོ་ཐེའུ། 1:10
58 Iomraidhean Croise  

འོ་བྱས་རེ་ཁྱོའི་ལུས་གི་རི་མུན་ནག་པ་གཅིག་འང་མེད་ད་འོད་ཀྱིས་ཁངས་འོད་ན། ཀྱུང་གི་འོད་ཀྱིས་ཁྱོད་ལ་འོད་ཟེར་སྟེར་གྱིན་ཅོག་རེ་ཁྱོད་འང་ཕྲ་ཆག་བའི་འབྱུང་གི་ལགས།


དེ་ནས་ལྡུམ་ར་སྲུང་མཁན་གོ་ལ་ཁོས་སྨྲས་བ་ལགས། ད་ང་དེ་སེ་ཡབ་ཀྱི་སྡོང་པོ་ལ་འབྲས་བུ་བཙལ་རུ་འོངས་རེ་ལོ་གསུམ་བྱུང་སོང་། ཡིན་ནའང་གཅིག་འང་རྙེད་ཀྱི་མིན་འདུག། དེ་ལ་བཅད་དེ་གཡུགས་ཏེ་རྫོངས། གི་བྱས་རེ་འདི་ཡིས་ས་ཟིམ་དུ་བཅུག་ཡས།


དི་རིང་དཱ་བིད་རྒྱལ་བོའི་རྒྱལ་ས་ལ་ཁྱེད་རང་ཀྱ་ཡི་ཆེད་དུ་སྐྱབས་མགོན་གཅིག་འཁྲུངས་འདུག། ཁོང་པ་ནི་གཙོ་བོ་མཱ་ཤི་ཀ་གོ་ལགས།


མི་གི་རི་ལ་འོད་གནང་གིན་བདེན་པའི་འོད་གོ་འཇིག་རྟེན་དུ་ཕེབས་བའི་འོད་ད་ལགས།


ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ང་ནི་ལམ་དང་། བདེན་པ་དང་། ཚེ་ཡིན། ང་ནས་མ་ན་ཡབ་ཀྱི་དྲུང་དུ་སུའང་འགྲོ་མི་ཐུབ་ཀྱི་ལགས།


ཡིན་ནའང་ཡེ་ཤུ་མཱ་ཤི་ཀ་དང་དཀོན་མཆོག་གི་སྲས་གོ་ལགས། དེ་ནས་ཁོང་པ་ལ་དད་པ་བྱས་རེ་ཁོང་པ་ཡི་མཚན་ནས་ཁྱེད་ཀྱ་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས་སྨྲས་རེ་ཁྱེད་ཀྱིས་དད་པ་བྱེད་ཡས་ལ་ངས་དེ་ཀྱ་བྲིས་འོད།།


དེ་ནས་ཁོང་ཀྱ་ཡིས་འོ་དེ་སྐྱེས་དམན་གོ་ལ་སྨྲས་བ་ལགས། ད་ཁྱོས་སྨྲ་གིན་གོ་ལ་མིན་ད་འི་ཀིས་རང་གི་གོ་སྟེ་དད་པ་བྱེད་ད་ཡིན། དེ་ནས་དངོས་གནས་རང་ཁོང་པ་འཇིག་རྟེན་གྱི་སྐྱབས་མགོན་གོ་ལགས་སྨྲས་རེ་འེ་ཀྱ་ཡིས་ཤེས་སོང་།


ཡིན་ནའང་ཁྱེད་ཀྱ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡས་ལ་ངའི་རྩ་རུ་འོང་ཉིད་མེད་འདོད་ད་ལགས།


ཁོང་པ་ཡིས་མཛད་ཛ་དམ་བཅའ་གྲུབ་སྟེ་དཀོན་མཆོག་གིས་ཡིས་ར་ཨེལ་པ་ཀྱ་ཡི་ཕྱིར་ལ། རྒྱལ་བོ་དཱ་བིད་ཀྱི་བརྒྱུད་པ་ནས་རང་སྐྱབས་མགོན་གཅིག་བརྫངས་ང་མཛད་སོང་། ཁོང་པ་ནི་ཡེ་ཤུ་ལགས།


ཡིས་ར་ཨེལ་གྱི་མི་རིགས་ཀྱ་ཡིས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་བཏང་ཡས་དང་། ཁོང་ཀྱ་ཡི་སྡིག་པ་ཀྱ་ལ་དགོངས་ཡངས་གནང་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གིས་ཁོང་ལ་འགོ་ཁྲིད་དང་སྐྱབས་མགོན་བཀོད་བ་མཛད་དེ་རང་གི་ཕྱག་གཡས་ཕྱོགས་ལ་བཞག་མཛད་པ་ལགས།


ཡིན་ནའང་མངོན་ཤེས་མཁན་ཀྱ་ཡིས་ཨེན་མ་མངོན་གསུངས་རེ་བྲིས་བྲ་དང་། མཐའ་མེད་པའི་དཀོན་མཆོག་གི་བཀའ་ཡི་ཐོག་ནས་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་གི་རི་ལ་མངོན་འོད་ད་ལགས། དེ་ནི་གི་རི་ཡིས་དད་པ་བྱས་རེ་ཁོང་པ་ཡི་བཀའ་ལ་རྩི་ལ་ཤོག་སྨྲས་རེ་ལགས།


དེ་ནས་བཟོད་པའི་སྒོ་ནས་ལས་བཟང་ང་བྱས་རེ་གཟི་བརྗིད་དང་། བཀུར་སྟི་དང་། འཆི་བ་མེད་ཀྱིན་ཚེ་བཙལ་མཁན་མི་ཀྱ་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་གི་ལགས།


ད་འོ་རེ་ཡིན་ན་དད་པའི་ཐོག་ནས་ཆོས་ཁྲིམས་གོ་དོན་མེད་ཀྱིན་བྱུང་ང་ལགས་སེ། དེ་རེ་ཕུ་ཀི་མ་ལགས། ཡོལ་ལེ་འོ་རང་ཆོས་ཁྲིམས་བརྟན་པོ་བྱས་རེ་སྲུང་ང་ལགས།།


དེ་ནས་སྡིག་པའི་དབང་འོག་ཏུ་འོད་ཀྱིན་འོ་རི་ལུས་དེ་མེད་ད་ལ་བཏང་ཡས་དང་། འོ་རང་སྡིག་པའི་བྲན་གཡོག་མི་འབྱུང་ཡས་ཀྱི་ཆེད་དུ། འོ་རི་སྡིག་པའི་གཤིས་ཀ་གོ་ཁོང་མུ་ལ་རྒྱང་ཤིང་ལ་བརྐྱངས་པ་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས།


དེ་ནས་གི་རི་ནས་མཐའ་ལ་མེད་ད་ལ་མཛད་དགོས་ཡས་ཡིན་གྱིན་དགྲ་གོ་འཆི་བ་ལགས།


འོ་བྱས་རེ་བཀོད་ཀ་དུས་གོ་མ་བབས་ཀྱིན་ཨེན་ལ་མི་སུའི་འང་ཁྲིམས་མ་བཅད། དེ་ནས་གཙོ་བོ་ཕེབས་ཀྱིན་ཐུག་པའི་གུག་སྟེ་སྡོད། ཁོང་པ་ཡིས་མུན་ནག་གི་ནང་སྦས་རེ་བཞག་ཞ་ལབ་གི་རི་འོད་ལ་མངོན་མཛད་ཀྱི་ལགས། དེ་ནས་མིའི་སེམས་པའི་འཆར་གཞི་ཀྱ་མངོན་མཛད་ཀྱི་ལགས། དེ་ནས་འོ་དེ་གང་ལ་མི་རེ་རེའི་དཀོན་མཆོག་ནས་རང་གི་བསྟོད་པ་འཐོབ་ཀྱི་ལགས།


དེ་ནས་འོ་རང་འདི་གུར་ནང་དུ་འོད་ད་རང་སྡུང་ང་ཡིས་ཁངས་རེ་ཐང་ཆད་ད་ལགས། དེ་འོ་རང་དམར་ཧྲང་བསྡད་ཡས་ཀྱི་ཆེད་དུ་མིན་ད། དེ་ལས་ལྷག་ནམ་མཁའི་ཞིང་ཁམས་ཀྱི་གནས་ས་ཡི་གོས་གོན་ཡས་ཀྱི་ཆེད་དུ་ལགས། དེ་ནས་མེད་ད་ལ་འགྲོ་ཡས་ཡིན་གྱིན་གོ་ཚེ་སྲོག་གི་ནང་ཆུད་ད་ཤོག་སྨྲས་རེ་ལགས།


ཁྱེད་ཆོས་ཁྲིམས་ནས་དྲང་པོ་འགྱུར་ཡས་འདོད་མཁན་ཀྱ་མཱ་ཤི་ཀ་ནས་ཁ་འབྲལ་རེ་དཀོན་མཆོག་གི་ཐུགས་རྗེ་ནས་མ་ལ་ལྷིམ་འོད་ད་ལགས།


ཁྱེད་ཀྱ་ཡི་སེམས་ཉིད་ཀྱི་མིག་བས་ལ་ཤོག་སྨྲས་རེ་ང་སྨོན་ལམ་བརྒྱབ་བའི་འོད། འོ་བྱས་རེ་ཁྱེད་ཀྱ་རེ་བ་གིན་གྱི་ཕྱིར་ལ་བོས་པ་དང་། དེ་ནས་དམ་པའི་མི་ཀྱ་ལ་ཁོང་པ་ཡི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་རྒྱུན་འཛིན་གོ་གི་ཡིན་གྱིན་དང་།


མཱ་ཤི་ཀ་ཁར་ལ་གནས་ན་ཁོང་པ་ཡི་འཆར་གཞི་ལ་བརྟེན་ཏེ། རང་གི་ཐུགས་དགོངས་ཀྱི་གསང་བ་དེ་འོ་རང་ལ་མངོན་དུ་མཛད་པ་ལགས།


དེ་ནས་ཁྲིམས་ནས་འབྲལ་མཁན་མི་འདི་སྟོན་གྱི་ལགས། དེ་ནས་གཙོ་བོ་ཡེ་ཤུ་ཡིས་རང་གི་ཞལ་གྱི་དབུགས་ཀྱིས་ཁོ་ལ་བསད་ཀྱི་ལགས། དེ་ནས་ཁོང་པ་ཕེབས་ཀྱིན་གྱི་དབང་གིས་ཁོ་ལ་མེད་ད་ལ་བཏང་གི་ལགས།


མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཚེའི་དམ་བཅའ་ཅོག་རེ་དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུ་ཡི་སྐུ་ཚབ་ང་པའུ་ལུ་ནས།


འོ་བྱས་རེ་འོ་རི་གཙོ་བོའི་དཔང་པོ་སྟེར་ཡས་དང་། ཁོང་པ་ཡི་བཙོན་པ་ངའི་ཕྱིར་ལ་ངོ་ཚ་མ་བྱེད། ཡིན་ནའང་དཀོན་མཆོག་གི་ནུས་མཐུ་གི་ཐོག་ནས་གཏམ་བཟང་གི་ཕྱིར་ལ། ངའི་མུ་ལ་སྡུག་བསྔལ་གྱི་འགན་གོ་ཁུར།


དཀོན་མཆོག་གི་གདོང་དུ་དང་། གསོན་པོ་དང་གཤིན་པོ་གཉིས་ཀྱི་ཁྲིམས་གཅོད་མཛད་ཀྱིན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ། དེ་ནས་ཁོང་པ་ཡི་ལྡབ་ལེ་ཕེབས་བསུ་དང་རྒྱལ་སྲིད་ལ་རྟེན་ཏེ་ང་ཁྱོད་ལ་འདི་རེ་ལྕག་བརྒྱབ་བ་ཡིན།


ད་དེ་ནས་ཧ་ལ་ངའི་ཕྱིར་ལ་དྲང་བདེན་གྱི་དབུ་རྒྱན་བཞག་འོད་ད་ལགས། དེ་ནས་འོ་དེ་དྲང་བདེན་གྱི་ཁྲིམས་དཔོན་གཙོ་བོས་འོ་དེ་ཉིན་མོ་གོ་ལ་ང་ལ་གནང་གི་ལགས། དེ་ནས་ང་ལ་གཅིག་ཀ་མིན་ད་ཁོང་པ་ཡིས་ལྡབ་ལེ་ཕེབས་བསུ་ལ་དགའ་མཁན་གི་རི་ལ་གནང་གི་ལགས།


དཀོན་མཆོག་གི་ཐུགས་རྗེ་མི་གི་རིའི་ཐར་པ་ཡི་དོན་ལ་བྱུང་བ་ལགས།


དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།


ཡིན་ནའང་འོ་རི་སྐྱབས་མགོན་དཀོན་མཆོག་གིས་སྙིང་རྗེ་དང་མི་ཀྱ་ལ་བྱམས་པ་སྟོན་ཏེ་གང་ལ།


ཨེན་མའི་ཉིན་མ་ཀྱ་ལ་ཁྱེད་ཀྱ་དྲན་གསོ་བྱེད། དཀོན་མཆོག་གི་འོད་ཐོབ་ཚར་ཏེ་གཤམ་ནས་ཁྱེད་ཀྱ་ཡིས་སྡུག་པོ་མང་ང་མྱངས་བ་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་བཟོད་པ་བྱས་བ་ལགས།


ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་དང་སྐུ་ཚབ་སི་མོ་ཡོན་པེ་ཏྲོ་ནས། འོ་རི་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་དྲང་བདེན་ལ་འེ་ཀྱ་ལ་ཅོག་རེ་རྩ་ཆེ་དད་པ་ཐོབ་ཐ་ཀྱ་ལ།


དེ་ནས་འོ་བྱས་རེ་ཁྱེད་ཀྱ་ལ་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་སྲིད་ནང་དུ་བསུ་ཡང་ཁག་ཆེ་འཐོབ་ཀྱི་ལགས།


དཀོན་མཆོག་གིས་རང་གི་ནུས་མཐུ་ཡི་སྒོ་ནས་མི་ཚེ་དང་། ཆོས་སེམས་ཀྱི་ཕྱིར་ལ་དགོས་ཀྱིན་གི་རི་ཁོང་གིས་འོ་རང་ལ་གནང་འོད་ད་ལགས། དེ་ནི་ཁོང་པ་རང་གི་གཟི་བརྗིད་དང་ཐུགས་བཟང་པོ་ཡི་སྒོ་ནས། འོ་རང་ལ་འབོད་མཛད་མཁན་ཁོང་པ་ལ་འོ་རི་ངོ་ཤེས་ཤ་བྱས་རེ་དེ་གི་རི་ཐོབ་པ་ལགས།


འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་ལ་ངོ་ཤེས་རེ། འདི་འཇིག་རྟེན་གྱི་ངན་པ་ཀྱ་ནས་ཐར་ཚར་ཏེའང་། ཡང་ལྡབ་ལེ་འོ་དེའི་དབང་འོག་ཏུ་ཆུད་ན། འོ་རེ་མི་ཀྱ་ཡི་གནས་ཚུལ་གོ་ཨེན་མ་ལས་ཞུག་ལ་སྡུག་བ་འབྱུང་གི་ལགས།


ཡིན་ནའང་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་ལ་འཚར་ལོངས་བྱས་རེ་སོང་། ཁོང་ལ་རང་ད་ལྟ་དང་མཐའ་མའི་ཉིན་མ་ཐུག་པའི་གཟི་བརྗིད་འོང་བར་ཤོག། ཨ་མེན།།


དམ་པའི་མངོན་ཤེས་མཁན་ཀྱ་ཡིས་ཨེན་མ་གནང་ན་མངོན་ཤེས་ཀྱ་དང་། འོ་རི་གཙོ་བོ་དང་སྐྱབས་མགོན་གྱི་སྐུ་ཚབ་ཀྱ་ཡི་ཐོག་ནས་གནང་ན་བཀའ་ཀྱ་ཁྱེད་ཀྱ་ཡིས་དྲན་གསོ་བྱེད་ཀྱིན་གོ་ང་འདོད་འདིག་འོད།


དེ་ནས་དེ་ཚེ་སྲོག་གོ་མངོན་པ་ལགས། འི་ཀིས་འོ་དེ་མཇལ་བའི། དེ་ནས་འོ་དེའི་དཔང་པོ་བྱེད་ད་ཡིན། དེ་ནས་ཡབ་ཀྱི་མུ་ལ་འོད་ཀྱིན་དང་། གཤམ་ལ་འི་ཀི་རྩ་རུ་མངོན་གྱིན་མཐའ་མེད་པའི་ཚེ་སྲོག་གི་སྐོར་ལ། འེ་ཁྱེད་ཀྱ་ལ་གསལ་བསྒྲགས་བྱེད་ད་ཡིན།


དེ་ནས་ཡབ་ཀྱིས་རང་གི་སྲས་འཇིག་རྟེན་གྱི་སྐྱབས་མགོན་འབྱུང་ཡས་ཀྱི་ཆེད་དུ། མངགས་ཀྱིན་གོ་འི་ཀིས་མཐོང་བ་ལགས། དེ་ནས་དཔང་པོ་བྱེད་ད་ཡིན།


འོ་དེ་གཤམ་ནས་ནམ་མཁའི་ཞིང་ཁམས་ནས་དབང་ཆེ་འོད་ཀྱིན་ནམ་མཁའི་བང་ཆེན་གཞན་མ་གཅིག་མ་ལ་ཕེབས་ཀྱིན་གོ་ངས་མཐོང་སོང་། འོ་དེའི་གཟི་བརྗིད་ཀྱི་ས་གཞི་ལ་འོད་ཕྲ་ཆག་བའི་བྱུང་བ་ལགས།


ཨམ་མཆོག་འོད་མཁན་ཀྱ་ཡིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཀྱ་ལ་གི་གསུངས་ཀྱིན་གོ་ཉན་ད་ཤོག། དེ་ནས་སུ་རྒྱལ་ལི། འོ་དེ་གོ་ལ་ང་དཀོན་མཆོག་གི་ཞིང་ཁམས་དུ་འོད་ཀྱིན་ཚེ་སྲོག་གི་སྡོང་པོ་ནས་ཟ་ཡས་ཀྱི་དབང་ཆ་སྟེར་ཡས་ཡིན།


དེ་ནས་འཆི་བ་དང་གཤིན་པོ་ཀྱ་བསྡད་ས་ཀྱ་མེའི་མཚོ་ནང་དུ་གཡུགས་པ་ལགས། འོ་དེ་མེའི་མཚོ་གོ་འཆི་བ་གཉིས་བ་ལགས།


ཚེ་སྲོག་གི་སྡོང་པོའི་དབང་ཆ་འཐོབ་ཡས་དང་རྒྱལ་སའི་རྒྱལ་སྒོ་ཀྱ་ནང་ནས་འཛུལ་ཐུབ་ཡས་ཀྱི་ཆེད་དུ། རང་གི་གོས་འཁྲུད་མཁན་ཀྱ་བྱིན་རླབས་ཆེ་ལགས།


དམ་པའི་ཐུགས་ཉིད་དང་བག་མ་ཡིས་གསུངས་ང་ལགས། ཕེབས་ཤོག། དེ་ནས་གོ་མཁན་ཀྱ་ཡིས་དེ་རེ་སྨྲ་དགོས། ཕེབས་ཤོག། སྐོམ་གྱིན་གོ་འོང་བར་ཤོག། དེ་ནས་འདོད་པ་བྱེད་མཁན་ཀྱ་ཡིས་ཚེ་སྲོག་གི་ཆུ་ཤུས་དུས་ལ་འཐུང་བར་ཤོག།


Lean sinn:

Sanasan


Sanasan