5 ང་ཁྱེད་ཀྱ་མུ་ལ་འོད་དེ་གང་ལ། ཁྱེད་ཀྱ་ལ་དེ་གཏམ་གི་རིའི་སྐོར་ལ་བཤད་ཀྱིན་གོ་ཁྱེད་ཀྱ་ལ་དྲན་པ་མིན་འདུག་བའི།
ཁྱེད་ཀྱ་དོ་རང་འང་ཧ་མེད་གོ་ར་བའི། མི་ལྔ་སྟོང་གི་ཕྱིར་ལ་གྱང་ག་ལྔ་སྟེར་ཏེ། ཁྱེད་ཀྱ་ཡིས་ལྷག་མ་བག་ཏང་ག་ཚོད་བསྡུས་ད་གོ་ཁྱེད་ཀྱ་ཡིས་མེད་དྲན་དག་བའི།
ཁྱེད་ཀྱ་མིག་བྱེད་རེའང་མེད་མཐོང་ང་བའི། དེ་ནས་ཨམ་མཆོག་བྱེད་རེའང་མེད་གོ་ར་བའི། ཁྱེད་ཀྱ་ལ་དོ་རང་འང་དྲན་པ་མི་འདུག་བའི།
ཡིན་ནའང་འོ་དེ་དུས་ཤར་རི་གང་ལ། ངས་ཁྱེད་ཀྱ་ལ་བཤད་ཀྱིན་གོ་ཁྱེད་ཀྱ་ཡིས་དྲན་གསོ་བྱེད་ཡས་ཀྱི་ཕྱིར་ལ། ངས་དེ་ལབ་ཀྱ་ཁྱེད་ཀྱ་ལ་བཤད་པའི། ང་ཁྱེད་ཀྱི་མུ་ལ་བྱས་རེ་ངས་དེ་ལབ་ཀྱ་ཁྱེད་ཀྱ་ལ་ཨེན་ལ་མ་བཤད།
འོ་བྱས་རེ་སྤྱང་རྫེ་བྱས་རེ་སྡོད། དེ་ནས་ངས་ལོ་གསུམ་ཐུག་པའི་ཉིན་མཚན་མིག་ཆུ་བཏང་རེ་གཙོ་བོའི་ཉེ་གནས་རེ་རེས་ལ་བསླབས་ལ་བསླབ་བྱ་ཀྱ་ལ་མ་བརྗེད་ད་སྡོད།
སྙིང་ནག་དང་། ར་བཟི་གིན་དང་། སྤྱོད་པ་མེད་ཀྱིན་བཞུགས་གྲལ་དང་། དེ་རེ་ཅོག་རེ་ལས་ཀ་ཀྱ་ལགས། དེ་རེ་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་རྒྱུད་འཛིན་ཐུབ་ཀྱི་མ་ལགས་སྨྲས་རེ་ངས་ཨེན་ལ་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་ད་ལྟའང་སྨྲ་ཡིན།
ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ཨ་རྒས་གཅིག་གིས་རང་གི་ཕྲུ་བ་ཀྱ་ལ་ལྕག་བརྒྱབ་ཀྱིན་ཅོག་རེ། འི་ཀིས་ཁྱེད་ཀྱ་ལ་དཀོན་མཆོག་ལ་ཐུགས་མཉེས་པོ་འོང་ཡས་ཀྱི་མི་ཚེ་བསྐྱལ་ཡས་ལ། བསླབ་བྱ་སྟེར་ཏེ་སེམས་ཤུགས་སྤར་ཏེ་ཁྱེད་ཀྱ་ལ་ལྕག་བརྒྱབ་པའི། ཁོང་པ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་རང་གི་རྒྱལ་སྲིད་དང་གཟི་བརྗིད་ལ་འབོད་གནང་ང་ལགས།
གི་བྱས་རེ་སྨྲ་ན་འེ་ཀྱ་ཁྱེད་ཀྱ་ཡི་མུ་ལ་འོད་དེ་གང་ལ། འོ་རང་སྡུག་པོ་མྱངས་དགོས་ཀྱི་ལགས་སྨྲས་རེ་ཨེན་དུ་རུ་འི་ཀིས་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་འོ་དེ་རེ་རང་བྱུང་སོང་། ད་འོ་དེ་ཁྱེད་ཀྱ་ཤེས་ལ་ལགས།
དེ་ནས་ཁོ་རི་དུས་ཚོད་ཏག་ཏག་གོ་ལ་སྟོན་ཡས་ཀྱི་ཕྱིར་ལ། ད་ལྟ་གིན་གྱིས་བཀག་སྟེ་བཞག་འོད་ད་ལགས། འོ་དེ་ཁྱེད་ཀྱ་ཤེས་ལ་ལགས།
ཁྱེད་ཀྱ་མུ་ལ་འོད་དེ་གང་ལ་འི་ཀིས་ཁྱེད་ཀྱ་ལ་དེ་རེ་བསྐུལ་བའི། ལས་ཀ་བྱེད་ཉིད་མེད་འདོད་མཁན་མི་ཡིས་ཟ་མ་མ་ཟ་བར་ཤོག
དེ་ནས་ང་ཤི་ཚར་ཏེའང་ཁྱེད་ཀྱ་ཡིས་དེ་དོན་ཀྱ་ནམ་ཡིན་ན་དྲན་གསོ་བྱེད་ཐུབ་བར་ཤོག་སྨྲས་རེ་ང་གི་ཐུབ་ཐུབ་དཀའ་ལས་བརྒྱབ་ཡས་ཡིན།