7 དེ་ནས་ཁྱེད་སྡུག་པོ་མྱངས་མཁན་ཀྱ་ལ། འི་ཀི་མུ་ལ་ཁོང་པ་ཡིས་ངལ་གསོ་གནང་གི་ལགས། གཙོ་བོ་ཡེ་ཤུ་རང་གི་སྟོབས་ཤུགས་ཅན་གྱི་བང་ཆེན་ཀྱ་མུ་ལ། ནམ་མཁའི་ཞིང་ཁམས་ནས་མེ་ལྕེ་འབར་གྱིན་ནང་ནས་མཇལ་ལི་གང་ལ་དེ་འབྱུང་གི་ལགས།
གི་བྱས་རེ་སྨྲ་ན་མིའི་བུ་ནི་རང་གི་བང་ཆེན་ཀྱ་མུ་ལ་རང་གི་ཡབ་ཀྱི་གཟི་བརྗིད་ལ་ཕེབས་ཀྱི་ལགས། དེ་ནས་མི་རེ་རེ་ལ་རང་གི་བྱ་བ་ལ་མཐུན་གྱིན་ལན་གནང་གི་ལགས།
ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དུ་རུ་ལངས་རེ་བསྡད་ད་མི་རིང་འགའ་ཡིས། མིའི་བུ་རང་གི་རྒྱལ་སྲིད་དབང་བསྒྱུར་ལ་ཕེབས་ཀྱིན་གོ་མ་མཐོང་གིན་ཐུག་པའི་འཆི་བ་མྱངས་དགོས་གུ་མ་ལགས།།
མིའི་བུ་རང་གི་བང་ཆེན་ཀྱ་མུ་ལ་རང་གི་གཟི་བརྗིད་ལ་ཕེབས་བའི་གང་ལ། རང་གི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ལ་བཞུགས་ཀྱི་ལགས།
དེ་ནས་རྒྱལ་བོ་ཡིས་ཁོ་རི་གཡོན་ཕྱོགས་ཀྱི་མི་ཀྱ་ལ་དེ་རེ་གསུངས་ཀྱི་ལགས། དམོད་མོ་ཕོག་པ་ཁྱེད་ཀྱ། བདུད་དང་ཁོའི་བང་ཆེན་ཀྱ་ཡི་ཕྱིར་ལ་བཤམས་ཏེ་བཞག་ཞ་མཐའ་མེད་ཀྱིན་མེ་ལ་ང་ནས་འབྲལ་རེ་སོང་།
ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱེད་རང་གིས་རང་གསུངས་སོང་། ཡིན་ནའང་ང་ཁྱེད་རང་ལ་སྨྲ་ཡིན། དེ་ནས་ཧ་ལ་ཁྱེད་རང་གིས་མིའི་བུ་ཀུན་དབང་གི་ཕྱག་གཡས་ལ་བཞུགས་ཀྱིན་དང་གནམ་གྱི་སྲིང་གི་ཁར་ལ་ཕེབས་ཀྱིན་གོ་མཐོང་གི་ལགས།
ཡེ་ཤུ་ཡིས་གསུངས་བ་ལགས། ང་ཡིན། དེ་ནས་ཁྱེད་ཀྱ་ཡིས་མིའི་བུ་ཀུན་དབང་གི་ཕྱག་གཡས་རུ་བཞུགས་ཞ་དང་ནམ་མཁའ་ནས་སྲིང་ཀྱ་མུ་ལ་བབ་ཀྱིན་གོ་མཐོང་གི་ལགས།
དེ་ལོག་གཡེམ་དང་སྡིག་ཅན་གྱི་མི་རབས་གདོང་ལ་སུས་ང་དང་ངའི་བཀའ་ལ་ངོ་ཚ་བྱེད་འདིག། འོ་དེ་ཀྱ་ལ་མིའི་བུ་རང་གི་ཡབ་ཀྱི་གཟི་བརྗིད་ཀྱི་ནང་ནས། དམ་པའི་བང་ཆེན་ཀྱ་མུ་ལ་ཕེབས་བའི་གང་ལ་ཁོས་འང་ངོ་ཚ་བྱེད་ཀྱི་ལགས།།
ཡིན་ནའང་ཨབ་ར་ཧམ་གྱིས་གསུངས་བ་ལགས། བི་ཛ་བོ། ཁྱོད་གསོན་པོ་འོད་དེ་གང་ལ་བཟང་ང་ཐོབ་ཀྱིན་དང་ལཱ་ཟར་ལ་སྡུག་པོ་ཐོབ་ཀྱིན་གོ་དྲན་གསོ་བྱེད། ཡིན་ནའང་ད་ལྟ་ཁོ་ལ་དུ་རུ་སྐྱིད་པོ་འདུག། དེ་ནས་ཁྱོད་ལ་སྡུག་པོ་འདུག།
ད་མིའི་བུ་མངོན་དུ་མཛད་ཀྱིན་ཉིན་མ་གོ་ལ་དེ་རེ་རང་འབྱུང་གི་ལགས།
གི་རི་ཁོང་གི་ཐོག་ནས་བྱུང་བ་ལགས། དེ་ནས་བྱུང་བྱ་གི་རི་ཁོང་གི་ཐོག་ནས་མ་ན་མ་བྱུང་བ་ལགས།
དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ང་ཁྱོད་ལ་བདེན་པ་སྨྲ་ཡིན། ནམ་མཁའི་ཞིང་ཁམས་བས་རེ་དཀོན་མཆོག་གི་བང་ཆེན་ཀྱ་མིའི་བུ་ལ་རྟེན་ཏེ་ཡར་ཕེབས་ཀྱིན་དང་མ་ཕེབས་ཀྱིན་གོ་ཁྱོས་མཐོང་གི་ལགས།།
འོ་དེ་མི་གཉིས་བོ་ཡིས་སྨྲས་བ་ལགས། ཁྱེད་ག་ལིལ་གི་མི་ཀྱ་བོ། ཁྱེད་ཀྱ་གི་བྱས་རེ་ལངས་རེ་གནམ་ཕྱོགས་ལ་བལྟས་རེ་བསྡད་ད་ལེ། ཁྱེད་ཀྱ་ཡི་ཁོག་ནས་ཁྲིད་བ་མཛད་ཛ་ཡེ་ཤུ་ནི་ད་ལྟ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཀྱིན་གོ་ཁྱེད་ཀྱ་ཡིས་མཐོང་ཐ་ཅོག་རེ། ཡང་ཁོང་པ་ཁྱེད་ཀྱ་རྩ་རུ་དེ་རེ་རང་བྱས་རེ་ཕེབས་ཀྱི་ལགས།
འོ་བྱས་རེ་ད་ཁྱེད་རང་ཀྱ་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་དཀོན་མཆོག་རྩ་རུ་ལོག་སྟེ་ཤོག དེ་ནས་ཁོང་པ་ཡིས་ཁྱེད་རང་ཀྱ་ཡི་སྡིག་པ་གི་རི་གཙང་མ་མཛད་ཀྱི་ལགས། དེ་རེ་བྱས་རེ་ཁྱེད་རང་ཀྱ་ལ་དཀོན་མཆོག་ནས་སེམས་ནང་དུ་སྐྱེད་ད་དང་ཤུགས་འབྱོར་གྱི་ལགས།
དེ་ནས་འོ་རང་སྲས་དང་སྲས་མོ་ཡིན་ན། འོ་རང་བརྒྱུད་འཛིན་གོའང་ལགས། འོ་རང་དཀོན་མཆོག་གི་བརྒྱུད་འཛིན་དང་། མཱ་ཤི་ཀ་མུ་ལ་བརྒྱུད་འཛིན་གྱི་རོགས་བ་ལགས། དེ་ནས་འོ་རང་མཱ་ཤི་ཀ་མུ་ལ་སྡུག་པོ་མྱངས་ན། ཁོང་གི་གཟི་བརྗིད་གོའང་མུ་ལ་བགོ་ཡས་རག་གི་ལགས།
ཁོང་ཀྱ་རེ་རེའི་ལས་ཀ་གོ་གསལ་བོ་མཐོང་གི་ལགས། གི་བྱས་རེ་སྨྲ་ན་ཁྲིམས་གཅོད་ཀྱི་ཉིན་མ་ཡིས་འོ་དེ་མངོན་གྱི་ལགས། འོ་དེ་ནི་མིའི་སྒོ་ནས་མངོན་གྱི་ལགས། དེ་ནས་མི་རེ་རེའི་ལས་ཀ་ག་རེ་འོད་ཀྱིན་གོ་མེ་ཡིས་རང་བརྟག་དཔྱད་བྱེད་ཀྱི་ལགས།
གི་བྱས་རེ་སྨྲ་ན་ཡུན་ཐུང་ང་ཡི་སྡུག་པོ་ཡང་ང་འདིའི། འེ་ཀྱ་ཡི་ཆེད་དུ་སྡུར་ཡས་མེད་ཀྱིན་མཐའ་མེད་པའི་གཟི་བརྗིད་གོ་གྲ་སྒྲིག་བྱེད་འདིག་འོད་ད་ལགས།
འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་འཐོབ་པར་ཤོག།
གི་བྱས་རེ་སྨྲ་ན་ཁོང་པ་ཡི་སྒོ་ནས་རང་གི་རི་བཀོད་བ་ལགས། ནམ་མཁའི་ཞིང་ཁམས་དང་ས་གཞི་དུ་འོད་མཁན་མིག་གིས་མཐོང་ཐུབ་ཀྱིན་དང་མཐོང་མི་ཐུབ་ཀྱིན་རྒྱལ་སྲིད་ཀྱ། ཡང་ན་ནུས་མཐུ་ཀྱ། ཡང་ན་དཔོན་པོ་ཀྱ། ཡང་ན་དབང་བསྒྱུར་བྱེད་མཁན་ཀྱ། གི་རི་ཁོང་པ་ཡི་ཐོག་ནས་དང་ཁོང་གི་ཕྱིར་ལ་བཀོད་བ་ལགས།
འོ་རེ་བྱས་རེ་གཙོ་བོ་ཡེ་ཤུ་ཁོང་པ་ཡི་དམ་པའི་མི་ཀྱ་མུ་ལ་ཕེབས་བའི་གང་ལ། འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱེད་ཀྱ་ཡི་སེམས་བརྟན་པོ་དང་། དམ་པ་དང་། སྐྱོན་མེད་ཀྱིན་མཛད་ད་ཤོག །།
འོ་རང་བརྟན་པོ་གནས་རེ་བསྡད་ན། ཁོང་པ་མུ་ལ་རང་རྒྱལ་སྲིད་ཀྱི་དབང་བྱེད་ཀྱི་ལགས། འོ་རི་ཁོང་པ་ལ་རྒྱབ་ལོག་ན། ཁོང་པ་ཡིས་འང་འོ་རང་ལ་རྒྱབ་ལོག་བ་མཛད་ཀྱི་ལགས།
དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།
ཡིན་ནའང་དཀོན་མཆོག་གི་ཁྲིམས་གཅོད་ཕོག་ཡས་ལ་སྒུག་སྟེ་བསྡད་ཡས་ཀྱི་འཇིགས་སྐྲག་དང་། ཁོང་གི་དགྲ་ཀྱ་ལ་མེད་ད་ལ་མཛད་ཡས་ཡིན་གྱིན་ཐུགས་ཁྲོའི་མེའི་ཉེན་ཁ་གཅིག་ཀ་འོད་ད་ལགས།
གི་བྱས་རེ་སྨྲ་ན་འོ་རི་དཀོན་མཆོག་ནི་རྩ་མེད་དུ་བཏང་གིན་མེ་ལགས།།
འོ་བྱས་རེ་དཀོན་མཆོག་གི་ངལ་གསོ་ནང་འཛུལ་ཡས་ཀྱི་དམ་བཅའ་གོ་འོད་དེ་འོད་དེའང་། ཁྱེད་ཀྱ་ནས་སུའང་འོ་དེ་ངལ་གསོ་ནང་འཛུལ་མི་ཐུབ་ཀྱིན་མི་འབྱུང་ཡས་ལ། འོ་རང་ཀྱ་གཟབ་གཟབ་བྱེད་དགོས།
འོ་བྱས་རེ་ཁོང་ཀྱ་ཡིས་དཀོན་མཆོག་གི་བཀའ་ལ་མ་ཉན་པ་ནོར་གྱིན་ཅོག་རེ་སུས་འང་མ་ནོར་བ་ཤོག་སྨྲས་རེ། འོ་རང་འོ་དེ་ངལ་གསོ་ནང་འཛུལ་ཡས་ལ་ཐབས་ཤེས་འོད་ལེ་བྱེད་དགོས།
འོ་བྱས་རེ་དཀོན་མཆོག་གིས་མི་ཀྱ་ཡི་དོན་ལ་ངལ་གསོ་གིན་ཉི་མ་གཅིག་བཞག་འོད་ད་ལགས།
མཱ་ཤི་ཀ་མི་མང་ང་ཡི་སྡིག་པ་འཁུར་ཡས་ལ་ཐེངས་གཅིག་ལ་རང་དམར་མཆོད་བྱུང་བ་ལགས། དེ་ནས་སྡིག་པ་འཁུར་ཡས་ཀྱི་ཆེད་དུ་མིན་ད། ཡིན་ནའང་ཁོང་པ་ལ་སྒུག་སྟེ་བསྡད་ད་ཀྱ་ལ་སྐྱོབ་ཡས་ཀྱི་ཆེད་དུ། ཁོང་པ་ཡང་ཐེངས་གཉིས་བ་མངོན་མཛད་ཀྱི་ལགས།།
ཁོང་པ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཏེ་དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་དང་། དབང་དང་། ནུས་མཐུ་འོད་མཁན་སེམས་ཉིད་ཀྱ་ཁོང་པ་ཡི་འོག་ལ་འོད་ད་ལགས།།
ཡིན་ནའང་དཀོན་མཆོག་གིས་འོ་དེ་བཀའི་ཐོག་ནས་རང་ད་ལྟ་ཡི་གནམ་ས་གཉིས་ལ་མེ་ཡིས་བསྲགས་ཡས་ཀྱི་ཆེད་དུ་བཞག་འོད་ད་ལགས། དེ་ནས་ཁྲིམས་གཅོད་ཀྱི་ཉིན་མ་དང་དཀོན་མཆོག་གི་བཀའ་ལ་མེད་ཉན་མཁན་ཀྱ་ལ། རྩ་མེད་དུ་བཏང་ཡས་ཀྱི་དུས་ཐུག་པའི་ཡི་ཆེད་དུ་བཞག་འོད་ད་ལགས།
དེ་རེ་བྱས་རེ་རང་སཱ་དོམ་དང་གཱོ་མོ་རཱ་དང་མཐའ་འཁོར་གྱི་གྲོང་ཁྱེར་གྱི་མི་ཀྱ་ལོག་གཡེམ་དང་ལུས་ཀྱི་འདོད་ཆགས་ལ་ཆུད་པ་ལགས། དེ་ནས་ཁོང་ཀྱ་ལ་མཐའ་མེད་ཀྱིན་མེའི་ཆད་པ་ཕོག་སྟེ་དཔེ་གཅིག་བྱུང་འོད་ད་ལགས།
ལྟོས་དང་། ཁོང་པ་སྲིང་པ་ཀྱ་ཡི་ཁོག་ནས་ཕེབས་བའི། དེ་ནས་མིག་གི་རི་ཡིས་ཁོང་ལ་མཇལ་གྱི་ལགས། དེ་ནས་ཁོང་པ་ལ་མདུང་བཙུགས་མཁན་ཀྱ་ཡིས་འང་མཇལ་གྱི་ལགས། དེ་ནས་འཇིག་རྟེན་གྱི་མི་གི་རི་ཁོང་པ་ཡི་དོན་དུ་ངུ་བརྡ་བརྒྱབ་ཀྱི་ལགས། གཏམ་དེ་བདེན་པ་འབྱུང་བར་ཤོག། ཨ་མེན།
འོ་དེ་མི་ཡིས་འང་དཀོན་མཆོག་གི་ཐུགས་ཁྲོའི་མཆོད་ཞལ་ནང་དུ་གིའང་མ་བསྲེས་བ་བླུགས་ལ། དཀོན་མཆོག་གི་ཐུགས་ཁྲོའི་རྒུན་ཆང་གོ་འཐུང་གི་ལགས། དེ་ནས་དམ་པའི་ནམ་མཁའི་བང་ཆེན་ཀྱ་དང་ལུག་ཕྲུག་གི་དྲུང་དུ་ཁོ་ལ་མེ་དང་མུ་ཟི་ཡིས་སྡུག་པོ་བཏང་གི་ལགས།
དེ་ནས་ནམ་མཁའི་ཞིང་ཁམས་ནས་དེ་རེ་གསུང་སྐད་གཅིག་ངས་གོ་སོང་། དེ་རེ་བྲིས། ད་དེ་ནས་ཧ་ལ་གཙོ་བོ་ལ་དད་པ་བྱས་རེ་གྲོངས་མཁན་ཀྱ་བྱིན་རླབས་ཆེ་ལགས། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། ལགས། ཁོང་ཀྱ་རང་གི་དཀའ་ལས་ནས་ངལ་གསོ་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་ལས་ཀའི་བྱ་དགའ་ཁོང་ཀྱ་ལ་གནང་གི་ལགས།
དེ་ནས་ངས་བཞུགས་ཁྲི་དཀར་བོ་ཆེ་གཅིག་དང་འོ་དེ་ཁར་ལ་བཞུགས་མཁན་ལ་མཐོང་སོང་། ཁོང་པ་ཡི་དྲུང་ནས་ས་གཞི་དང་གནམ་བྲོས་རེ་ལ་སོང་། དེ་ནས་འོ་དེ་གཉིས་བོའི་ཆེད་དུ་གནས་ས་མ་འབྱོར་པ་ལགས།
ཁོང་པ་ཡིས་ཁོང་ཀྱ་ཡི་མིག་ནས་མཆི་མ་གི་རི་ཕི་ལ་མཛད་ཀྱི་ལགས། དེ་ནས་འོ་དུ་རུ་འཆི་བ། ཡང་ན་སྡུང་ང་། ཡང་ན་ངུ་བརྡ་བརྒྱབ་ཡས། ཡང་ན་ཟུག་གིའང་འབྱུང་གི་མ་ལགས། གི་བྱས་རེ་སྨྲ་ན་ཨེན་མའི་དོན་ཀྱ་རྫོགས་ཚར་ར་ལགས།
ཆོས་ཚོགས་ཀྱ་ལ་དེ་དཔང་པོ་ཀྱ་བྱེད་ཡས་ལ་ང་ཡེ་ཤུའི་རང་གི་བང་ཆེན་ཁྱོད་རྩ་རུ་བརྫངས་འོད། ང་ནི་དཱ་བིད་ཀྱི་རྩ་བ་དང་བརྒྱུད་པ་ཡིན། དེ་ནས་ཐོ་རེངས་ཀྱི་སྐར་ཆེན་གོ་ང་ཡིན།
དེ་ནས་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། དེ་ལབ་ཀྱ་བློ་བཀལ་ཐུབ་ཀྱིན་དང་བདེན་པ་འདུག། ད་མགྱོགས་སེ་འབྱུང་ཡས་ཡིན་གྱིན་ལབ་ཀྱ་རང་གི་ཞབས་ཕྱི་ཀྱ་ལ་སྟོན་ཡས་ཀྱི་ཆེད་དུ། མངོན་ཤེས་མཁན་ཀྱ་ཡི་སེམས་ཉིད་ཀྱི་གཙོ་བོ་དཀོན་མཆོག་གིས་རང་གི་བང་ཆེན་ལ་བརྫངས་ང་མཛད་འདུག།
ཡིན་ནའང་ཁོང་པ་ཡིས་ང་ལ་དེ་གསུངས་སོང་། དེ་རེ་མ་བྱེད། ང་ནི་ཁྱོད་དང་ཁྱོའི་སྤུན་མངོན་ཤེས་མཁན་ཀྱ་དང་དེ་དེབ་ཀྱི་བཀའ་ཀྱ་སྲུང་མཁན་ཀྱ་མུ་ལ་ཞབས་ཕྱི་པ་གཅིག་པ་ལགས། དཀོན་མཆོག་ལ་གཅིག་ཀ་ཕྱག་མཆོད་པ་ཕུལ།
ཁོང་ཀྱ་གི་རི་ལ་གོས་དཀར་བོ་གནང་བ་ལགས། དེ་ནས་ཁོང་ཀྱ་ཡི་ལས་རོགས་དང་། སྤུན་ཀྱའང་ཁོང་ཀྱ་ལ་ཅོག་རེ་བསད་དེ་གྲངས་ཀ་མ་ཚང་གིན་ཐུག་པའི། དོ་རང་འང་ཅེ་གཅིག་ངལ་གསོས་རེ་སྡོད་སྨྲས་རེ་གསུངས་བ་ལགས།