Biblia Todo Logo
Bìoball air-loidhne

- Sanasan -




༢ པེ་ཏྲོ། 3:11 - གློ་བ།

11-12 ད་དེ་གི་རི་དེ་རེ་བྱས་རེ་མེད་ད་ལ་འགྲོ་ཡས་ཡིན་གྱིན་བྱས་རེ། ཁྱེད་ཀྱ་མི་ག་རེ་གཅིག་འབྱུང་དགོས་གུ་ལེ། ཁྱེད་ཀྱ་དཀོན་མཆོག་གི་ཉིན་མ་ལ་སྒུག་སྟེ་བསྡད་ད་རང་། དེ་ནས་འོ་དེ་མགྱོགས་སེ་འོང་དུ་བཅུག་ཡས་བྱེད་ད་རང་། ཁྱེད་ཀྱ་དམ་པ་དང་ཆོས་སེམས་ཀྱི་མི་ཚེ་སྐྱོལ་དགོས། འོ་དེ་ཉིན་མ་ལ་ནམ་མཁའ་ནི་མེ་ཡིས་མེད་ད་ལ་འགྲོ་གི་ལགས། དེ་ནས་འབྱུང་བ་བཞི་ནི་མེ་ཡིས་བསྲགས་ཏེ་ཞུ་རེ་འགྲོ་གི་ལགས།

Faic an caibideil Dèan lethbhreac




༢ པེ་ཏྲོ། 3:11
27 Iomraidhean Croise  

ཁོང་ཀྱ་གི་རི་དམི་ཅིག་གི་ཧང་སངས་རེ་སྨྲས་བ་ལགས། འདི་མི་དེ་ག་རེ་གཅིག་ཡིན་ན། རླུང་དང་རྦ་རླབས་ཀྱིས་འང་ཁོང་གི་ཁ་ལ་མཉན་འདིག།


དེ་ཀྱ་མ་ན་ད་ལྟའི་དུས་དེ་ག་རེ་འོད་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ད་གཉིད་སད་ཡས་ཀྱི་དུས་ཚོད་གོ་སླེབས་ཚར་འདུག། གི་བྱས་རེ་སྨྲ་ན་འོ་རི་འགོ་མ་དད་པ་བྱས་བྱ་ནས་འང་ད་ལྟ་འོ་རི་ཐར་པ་གོ་དོ་རང་འང་ཉེ་རུ་སླེབས་འདུག།


ད་མཚན་རྫོགས་སྤྲོ་འདུག། དེ་ནས་ཉིན་གོ་སླེབས་ཚར་འདུག། འོ་བྱས་རེ་མུན་ནག་པ་ཡི་ལས་ཀ་བོར་ཏེ་འོ་རང་འོད་ཀྱི་གོ་ཁྲབ་ཀྱ་གོན་དགོས།


འི་ཀིས་ངོམ་གསོ་བྱེད་ཡས་ཀྱི་དོན་ནི། འདི་འཇིག་རྟེན་གྱི་མི་ཀྱ་མུ་ལ་འི་ཀི་སྤྱོད་པ་དང་དམིགས་བསལ་དུ་ཁྱེད་ཀྱ་མུ་ལ་འི་ཀི་འབྲེལ་བ་ནི། དཀོན་མཆོག་ནས་འབྱུང་གིན་སེམས་དྲང་པོ་དང་གཙང་མ་ཐོག་ནས་ཡིན་གྱིན་གོ་འི་ཀི་ཤེས་ཡོན་གྱིས་རང་དཔང་པོ་བྱེད་ད་ལགས། དེ་ནི་འཇིག་རྟེན་གྱི་ཤེས་རབ་ཀྱི་ཐོག་ནས་མིན་ད། དཀོན་མཆོག་གི་ཐུགས་རྗེ་ཐོག་ནས་བྱུང་བ་ལགས།


ཁྱེད་ཀྱ་ཡི་མི་ཚེའི་སྤྱོད་ལམ་གོ་མཱ་ཤི་ཀའི་གཏམ་བཟང་ལ་མཐུན་གྱིན་འོང་དགོས། དེ་ནས་ང་འོང་རེ་ཁྱེད་ཀྱ་ལ་ཐུག་ན་ཡང་ན་ང་མེད་ན། ཁྱེད་ཀྱ་ཐུགས་ཉིད་གཅིག་ལ་བརྟན་པོ་གནས་ཀྱིན་དང་། དེ་ནས་གཏམ་བཟང་གི་དད་པའི་ཕྱིར་ལ། ཁྱེད་ཀྱ་སེམས་ཉིད་གཅིག་འབྱུང་རེ་དཀའ་ལས་བརྒྱབ་ཀྱིན་དང་།


ཡིན་ནའང་འོ་རི་ཕ་ཡུལ་ནི་ནམ་མཁའི་ཞིང་ཁམས་ལགས། དེ་ནས་འོ་དེ་ནས་ཕེབས་ཡས་ཡིན་གྱིན་སྐྱབས་མགོན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་འོ་རང་གུག་སྟེ་བསྡད་ད་ལགས།


གི་བྱས་རེ་སྨྲ་ན་འི་ཀི་གཏམ་བཟང་གོ་ཁྱེད་ཀྱ་ཡི་རྩ་རུ་ཚིག་ལ་གཅིག་ཀ་མིན་ད། དབང་དང་། དམ་པའི་ཐུགས་ཉིད་དང་། དངོས་གནས་དྲངས་གནས་བདེན་པའི་ཐོག་ནས་འོངས་བ་ལགས། ཁྱེད་ཀྱ་ཡི་གུང་དུ་ཁྱེད་ཀྱི་ཕྱིར་ལ་འི་ཀི་སྤྱོད་པ་ག་རེ་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས།


ཆོས་སེམས་ཀྱི་གསང་བ་དམི་ཅིག་གི་ཧ་ལས་བ་འདུག་སྨྲས་རེ་འེ་ཀྱ་ཁས་ལེན་ད་ཡིན། ཁོང་པ་ནི་ལུས་ལ་མངོན། ཐུགས་ཉིད་ཀྱིས་རྣམ་དག་པ་སྟོན། ནམ་མཁའི་བང་ཆེན་ཀྱ་ཡིས་ཁོང་པ་ལ་མཇལ། མི་རིགས་ནང་ལ་ཁོང་ནི་བསྒྲགས། འཇིག་རྟེན་དུ་ཁོང་པ་ལ་དད་པ་བྱས། གཟི་བརྗིད་ཀྱི་ཐོག་ནས་ནམ་མཁའི་ཞིང་ཁམས་ལ་འཕགས།།


ཁྱོད་གཞོན་པ་བྱས་རེ་སུས་འང་ཁྱོད་ལ་མཐོང་ཆུང་བྱེད་དུ་མ་ཆུག། ཡིན་ནའང་དད་པ་བྱེད་མཁན་ཀྱ་ཡི་གདོང་དུ་ཁྱོའི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་དང་། གཙང་མའི་སྒོ་ནས་རང་ལ་དཔང་པོ་གཅིག་སྟོན།


ཡིན་ནའང་དཀོན་མཆོག་གི་སྐྱེས་བུ་ཁྱོད། དེ་གི་རི་ནས་འཛེམ་ཏེ། དྲང་བདེན་དང་། ཆོས་སེམས་དང་། དད་པ་དང་། བྱམས་པ་དང་། བཟོད་སྒོམ་དང་། འཇམ་པོ་འབྱུང་ཡས་ལ་འཚོལ།


འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐྱོན་མེད་ཀྱིན་གསུང་དང་། ཆོས་སེམས་ལ་མཐུན་གྱིན་བསླབ་བྱ་ཀྱ་ལ་ཁས་མེད་ལེན་ད་ལྟ་བ་གཞན་མ་ཀྱ་བསླབས་ན།


ཡིན་ནའང་ཆོས་སེམས་དང་མུ་ལ་འདོད་པ་ཁངས་ན། འོ་དེ་རང་ཕན་ཆེ་ལགས།


ཁྱེད་ཀྱ་དངུལ་ལ་སེམས་པ་མ་ཆགས། དེ་ནས་རང་ལ་གི་འོད་ཀྱིན་གོ་ལ་འདོད་པ་ཁངས་ང་བྱེད། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་གསུངས་འོད་ད་ལགས། ང་ཁྱེད་ཀྱ་ལ་ནམ་མའང་མེད་འབོར། དེ་ནས་ང་ཁྱེད་ཀྱ་ལ་ནམ་མའང་མེད་སྤང་།


གི་བྱས་རེ་སྨྲ་ན་ཁོས་རང་ལ་ལྟ་གི་ལགས། དེ་ནས་སོང་རེ་ཁོ་ག་རེ་མཐོང་གིན་གོ་ལམ་སང་བརྗེད་དེ་འགྲོ་བ་ལགས།


ཁྱེད་ཀྱ་ནས་མཁས་བ་དང་བསམ་བློ་མཐོང་ང་གོ་སུ་འོད་དོ། མི་དེས་རང་གི་སྤྱོད་ལམ་བཟང་པོ་དང་ཤེས་རབ་ནས་འབྱུང་གིན་ཉམས་ཆུང་གི་སྒོ་ནས་རང་གི་ལས་ཀ་གི་རི་སྟོན་དགོས།


ཡིན་ནའང་ཁྱེད་ཀྱ་ལ་བོས་གནང་མཁན་གོ་དམ་པ་ཡིན་གྱིན་ཅོག་རེ། ཁྱེད་ཀྱ་རང་གི་སྤྱོད་ལམ་གི་རི་ལ་དམ་པ་འབྱུང་།


དེ་ནས་དད་པ་མི་བྱེད་མཁན་ཀྱ་ཡི་ཁོག་ཏུ་སྤྱོད་པ་བཟང་པོ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ངན་པ་བྱེད་ཀྱིན་སྨྲས་རེ་སྐྱོན་བཅུག་བའི་གང་ལ། ཁོང་ཀྱ་ཡིས་ཁྱེད་ཀྱི་ལས་བཟང་ང་ཀྱ་མཐོང་བར་ཤོག། དེ་ནས་དཀོན་མཆོག་ཕེབས་ཡས་ཉིན་མ་ལ་ཁོང་ཀྱ་ཡིས་ཁོང་པ་ལ་བསྟོད་པ་འབུལ་ལ་ཤོག།


དཀོན་མཆོག་གིས་རང་གི་ནུས་མཐུ་ཡི་སྒོ་ནས་མི་ཚེ་དང་། ཆོས་སེམས་ཀྱི་ཕྱིར་ལ་དགོས་ཀྱིན་གི་རི་ཁོང་གིས་འོ་རང་ལ་གནང་འོད་ད་ལགས། དེ་ནི་ཁོང་པ་རང་གི་གཟི་བརྗིད་དང་ཐུགས་བཟང་པོ་ཡི་སྒོ་ནས། འོ་རང་ལ་འབོད་མཛད་མཁན་ཁོང་པ་ལ་འོ་རི་ངོ་ཤེས་ཤ་བྱས་རེ་དེ་གི་རི་ཐོབ་པ་ལགས།


དེ་ནས་ཤེས་ཡོན་ལ་རང་ཚོད་ཟིམ་གྱིན། དེ་ནས་རང་ཚོད་ཟིམ་གྱིན་ལ་བཟོད་པ། དེ་ནས་བཟོད་པ་ལ་ཆོས་སེམས།


ཡིན་ནའང་གཙོ་བོ་ཕེབས་ཀྱིན་ཉིན་མ་གོ་རྐུན་མོ་འོང་གིན་ཅོག་རེ་འོང་གི་ལགས། འོ་དེ་ཉིན་མ་ལ་ནམ་མཁའ་ནི་ཧུར་སྒྲ་ཆེ་བརྒྱབ་སྟེ་ཡལ་རེ་འགྲོ་གི་ལགས། དེ་ནས་འབྱུང་བ་བཞི་ནི་མེ་ཡིས་གཏོར་བཤིག་བཏང་གི་ལགས། དེ་ནས་ས་གཞི་དང་འདིའི་ནང་འོད་ཀྱིན་གི་རི་དཀོན་མཆོག་གིས་མེད་ད་ལ་མཛད་དུ་བཅུག་གི་ལགས།


Lean sinn:

Sanasan


Sanasan