8 གི་བྱས་རེ་སྨྲ་ན་དོན་དེ་ཀྱ་ཁྱེད་ཀྱི་ནང་འོད་ན། དེ་ནས་འཕེལ་རེ་འགྲོ་ན། ཁྱེད་ཀྱ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཤེས་ཡོན་ལ་ཕན་མེད་ཀྱིན་དང་། འབྲས་བུ་མེད་ཀྱིན་འབྱུང་ཡས་ནས་དེ་ཀྱ་ཡིས་སྐྱོབ་ཀྱི་ལགས།
ཡང་ཚེར་མའི་ཁོག་ལ་འཐོར་ཐ་ས་ང་གོ་དཀོན་མཆོག་གི་བཀའ་གོ་མཉན་ཏེ། ཡིན་ནའང་འཇིག་རྟེན་གྱི་སྔུག་ང་དང་རྒྱུ་ནོར་གྱི་སླུ་བྲིད་ཀྱིས་བཀའ་དེ་ལ་བསྣེམས་ཏེ་འོ་དེ་འབྲས་བུ་མེད་ཆགས་ཀྱིན་མི་ཅོག་རེ་ལགས།
ཆུ་ཚོད་དགུ་བ་ཚོད་ལ་ཁོ་ཕི་ལ་འགྲོའི་གང་ལ། ཁོས་ལས་ཀ་མེད་ཀྱིན་མི་གཞན་མ་ཀྱ་ཁྲོམ་ས་རུ་བསྡད་ད་མཐོང་བ་ལགས།
དེ་ནས་ཆུ་ཚོད་ལྔ་བ་ཚོད་ལ་ཁོ་ཕི་ལ་ཐོན་ཏེ། ཡང་མི་གཞན་མ་ཀྱ་ལས་ཀ་མེད་ད་ལ་བསྡད་དེ་བཞག་གིན་གོ་མཐོང་བ་ལགས། དེ་ནས་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་ཉིན་གང་ལས་ཀ་མེད་ད་དུ་རུ་གི་བྱས་རེ་ལངས་རེ་བསྡད་ད།
ཡིན་ནའང་ཁོའི་བདག་པོ་ཡིས་སྨྲས་བ་ལགས། གཡོག་པོ་ངན་པ་དང་ཕན་མེད་ཐོག་གིན་ཁྱོད། ངས་མ་བཏབ་ཀྱིན་ས་ནས་ང་རྔ་ལགས། དེ་ནས་ངས་ས་ང་མ་གཏོར་གྱིན་ནས་བསྡུས་ལ་ལགས་སྨྲས་རེ་ཁྱོད་ལ་ཤེས་ཡས་འོད་ན།
ངའི་ནང་འོད་མཁན་ཡལ་ག་གི་རི་ནས་འབྲས་བུ་མེད་ཆགས་མཁན་ཡལ་ག་ཀྱ་ཁོང་པ་ཡིས་བཅད་མཛད་ད་ལགས། དེ་ནས་འབྲས་བུ་ཆགས་ཀྱིན་ཡལ་ག་གི་རི་དེ་ལས་ལྷག་འབྲས་བུ་ཆགས་ཡས་ལ་ཁོང་པ་ཡིས་འོ་དེ་གི་རི་འབྲེག་བཅོས་མཛད་ད་ལགས།
ད་མཐའ་མེད་པའི་ཚེ་སྲོག་སྨྲ་ན་ཁྱེད་རང་དཀོན་མཆོག་བདེན་པ་ལ་ངོ་ཤེས་ཡས་དང་། ཁྱེད་རང་གིས་མངགས་པའི་ཡེ་ཤུ་མཱ་ཤི་ཀ་ལ་ངོ་ཤེས་ཡས་གོ་ལགས།
ཡིན་ནའང་ཁྱེད་ཀྱ་ནང་དུ་དཀོན་མཆོག་གི་བྱམས་པ་མིན་འདུག་སྨྲས་རེ་ང་ལ་ཤེས་ཡས་འོད།
ལས་མེད་ལམ་གྱིན་བྱུང་རེ་མ་བསྡད། ཡིན་ནའང་ཁྱོད་རི་སེམས་གཏིང་ནས་གཙོ་བོ་ལ་ཞབས་ཕྱི་ཞུས།
འོ་བྱས་རེ་ངའི་གཅེས་བའི་སྤུན་ཀྱ་བོ། ཁྱེད་ཀྱ་བརྟན་པོ་དང་འགུལ་འགུལ་མི་བྱེད་ད་སྡོད། དེ་ནས་གཙོ་བོའི་ནང་ཁྱེད་ཀྱི་དཀའ་ལས་བརྒྱབ་ཀྱིན་གོ་དོན་མེད་ཀྱིན་མེད་ཡོང་ང་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ཀྱིན་བྱས་རེ། ཁྱེད་ཀྱ་གཙོ་བོའི་ཕྱག་ལས་དམི་ཅིག་གི་ཧུ་ར་བྱས་རེ་བྱེད་འདིག་སོང་།།
རང་གི་དད་པ་ལ་ཁྱེད་ཀྱ་གནས་འདུག་བའི། ཡང་ན་མི་འདུག་བའི་སྨྲས་རེ་རང་ལ་བརྟག་དཔྱད་བྱེད། རང་ལ་ཚོད་ལྟ་བྱེད། ཚོད་ལྟ་ལ་མེད་ཐར་ན་ཡེ་ཤུ་མཱ་ཤི་ཀ་ཁྱེད་ཀྱི་ནང་གནས་ཀྱིན་གོ་ཁྱེད་ཀྱ་ཡིས་ཤེས་གུ་མ་ལགས་སེ།
ཁོང་ཀྱ་སྡུང་ང་ཚབས་ཆེན་གྱི་ཚོད་ལྟ་ཡི་གུང་དུའང་དམི་ཅིག་གི་དབུལ་སྤྲེ་བྱས་རེའང་། དགའ་སྤྲོ་ཆེའི་སྒོ་ནས་ཁོང་ཀྱ་ཡིས་མེད་ཕངས་ང་ཞལ་འདེབས་ཕུལ་བ་ལགས།
ད་དད་པ་དང་། གཏམ་དང་། ཤེས་ཡོན་དང་། ལས་བཟང་བྱེད་ཡས་ཀྱི་འདོད་པ་དང་། ཁྱེད་ཀྱ་ཡི་ཆེད་དུ་འི་ཀི་བརྩེ་བ་དང་། དོན་གི་རི་ལ་ཁྱེད་ཀྱ་འཇོན་གྱིན་ཅོག་རེ། ཐུགས་རྗེའི་ལས་ཀ་དེ་ལ་ཁྱེད་ཀྱ་འཇོན་པོ་བྱེད།
དེ་ནས་དཀོན་མཆོག་གི་ཚད་མེད་ཀྱིན་ཐུགས་རྗེ་ཁྱེད་ཀྱ་ཁར་ལ་གནང་ན་བྱས་རེ། ཁོང་ཀྱ་ཁྱེད་ཀྱ་ལ་དམི་ཅིག་གི་དྲན་ཏེ་ཁྱེད་ཀྱི་ཆེད་དུ་སྨོན་ལམ་ཞུ་གི་ལགས།
ངས་སྨོན་ལམ་བརྒྱབ་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ཡི་བྱམས་པ་ནི་ཤེས་རབ་དང་། ཤེས་ཡོན་གི་རིའི་ཐོག་ནས་མང་དུ་མང་དུ་ཕེལ་རེ།
ཁྱེད་ཀྱ་ཡི་བསམ་བློ་གོའང་མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཅོག་རེ་འབྱུང་དགོས།
དེ་ཚོད་གཅིག་ཀ་མིན་ད། མཱ་ཤི་ཀ་ཡེ་ཤུ་ལ་ངའི་གཙོ་བོ་ཡིན་སྨྲས་རེ་ངོ་ཤེས་ཡས་ཀྱི་དེ་རེ་རྩ་ཆེ་ལབ་ཀྱི་གདོང་དུ། གཞན་མ་གི་རི་ང་གྱོང་རྩི་ལ་ཡིན། ཁོང་གི་ཆེད་དུ་ངས་གི་རི་བློས་བཏང་བའི། དེ་ནས་འོ་དེ་གི་རི་ངས་ཛོར་ར་བརྩིས་ལི་འོད། དེ་ནི་ང་མཱ་ཤི་ཀའི་འབྱུང་བར་ཤོག་སྨྲས་རེ་ལགས།
དེ་ནས་གཙོ་བོ་ལ་བཀུར་སྟི་འོང་གིན་མི་ཚེ་པུད་ཡས་དང་། ཁོང་པ་ལ་གི་རི་ནས་ཐུགས་དགྱེས་རུ་བཅུག་ཡས། དེ་ནས་ལས་བཟང་ང་གི་རི་ལ་འབྲས་བུ་སྐྱེས་ཡས་དང་། དཀོན་མཆོག་གི་ཤེས་ཡོན་ལ་ཁྱེད་ཀྱ་ཚར་ཏེ་འགྲོ་ཡས་ཀྱི་ཕྱིར་ལ། འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད།
དེ་ནས་ཁོང་གི་ནང་རྩ་བ་གཏིང་རིང་པོ་ཚུགས། དེ་ནས་ཁོང་གི་ཁར་ལ་ཁྱེད་རི་མི་ཚེའི་རྨང་གཞི་རྩིག། དེ་ནས་ཁྱེད་ཀྱ་ལ་བསླབས་ལ་ཅོག་རེ་ཁྱེད་རི་དད་པ་ཤུགས་ཆེ་རུ་གཏོང་། དེ་ནས་བཀའ་དྲིན་ཆེ་ཞུ་ཡས་ལ་མང་དུ་གཏོང་།
མཱ་ཤི་ཀའི་བཀའ་ཁྱེད་ཀྱ་ནང་མོད་ཆོ་ལི་གནས་དགོས། དེ་ནས་ཤེས་རབ་གི་རི་ནས་གཅིག་གིས་གཅིག་ལ་སློབས། དེ་ནས་བསླབ་བྱ་རྒྱོབ། དེ་ནས་དཀོན་མཆོག་ལ་རང་གི་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་རེ་གསུང་མགུར་དང་། བསྟོད་དབྱངས་དང་། མགུར་གླུ་ཀྱ་ལེན།
དེ་ནས་འི་ཀིས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་ཅོག་རེ། གཙོ་བོས་ཁྱེད་ཀྱ་ལ་གཅིག་གིས་གཅིག་ལ་བརྩེ་བ་དང་། མི་གི་རི་མུ་ལ་བརྩེ་བ་འཕེལ་རེ་མོད་ཆོ་ལི་མཛད་ད་ཤོག
སྤུན་ཟླ་ཀྱ་བོ། དཀོན་མཆོག་ལ་ཐུགས་མཉེས་བོ་མི་ཚེ་པུད་ཡས་ལ། འི་ཀིས་ཁྱེད་ཀྱ་ལ་བསླབ་བྱ་བརྒྱབ་པའི། དེ་ནས་ཁྱེད་ཀྱ་འོ་དེ་ཅོག་རེ་མི་ཚེ་བསྐྱལ་ལི། ད་དེ་ལ་ལྷག་བྱེད་རོགས་བྱེད་སྨྲས་རེ་གཙོ་བོ་ཡེ་ཤུ་ཡི་ཕྱོགས་ནས་འེ་ཀྱ་ཁྱེད་ཀྱ་ལ་ཞུ་བ་འབུལ་ལི་འོད།
སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ཡི་ཕྱིར་ལ་འེ་ཀྱ་ཙོག་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས་ལི། དེ་ནས་འདི་ཞུ་དགོས་ཡས་འདུག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དད་པ་དམི་ཅིག་གི་འཕེལ་འདུག དེ་ནས་ཕན་ཚུན་ཀྱ་ནང་དུའང་བརྩེ་བ་ཆེ་རུ་འགྲོའི།
འདི་ཚོད་གཅིག་ཀ་མིན་ད་ཁོང་ཀྱ་ལས་མེད་ལམ་གྱིན་བྱུང་རེ། ཁྱིམ་ནས་ཁྱིམ་དུ་འཁྱམས་ཏེ་ལས་མེད་ལམ་གྱིན་གཅིག་ཀ་མིན་ད་ཕྲ་མ་བརྒྱབ་མཁན་དང་། ཇུས་གཏོགས་བྱེད་མཁན་དང་། སྨྲ་ཡས་མེད་ཀྱིན་ལབ་ཀྱ་སྨྲ་མཁན་བྱུང་ང་ལགས།
ཧ་ཏག་པ་ལ་དགོས་མཁན་ཀྱ་ལ་རོགས་བ་བྱེད་ཐུབ་ཡས་ལ། འོ་རི་མི་ཀྱ་ལས་བཟང་ང་བྱེད་ཡས་ལ། རང་རང་གི་དུས་ཚོད་གོ་ལག་ལེན་བྱེད་དགོས་ཀྱི་ལགས། དེ་ནས་ཁོང་ཀྱ་ཕན་མེད་ཐོགས་ཀྱིན་འབྱུང་གི་མ་ལགས།
ད་མཱ་ཤི་ཀའི་ཆེད་དུ་དད་པ་གཅིག་པ་ཡིན་གྱིན་ཀྱ་མུ་ལ་ཁྱོའི་མཐུན་འབྲེལ་གི་ཐོག་ནས་འོ་རང་ལ་འོད་ཀྱིན་བཟང་ང་གི་རིའི་ཤེས་རབ་ལ་ཁྱོད་འཕེལ་ལ་ཤོག་སྨྲས་རེ་ང་སྨོན་ལམ་ཞུས་འོད།
དེ་ནས་ཁྱེད་ཀྱ་ལས་མེད་ལམ་གྱིན་མ་བྱུང་བ། ཡིན་ནའང་དད་པ་དང་བཟོད་པའི་སྒོ་ནས་དཀོན་མཆོག་གི་དམ་བཅའ་ཐོབ་ཐ་ཀྱ་ཅོག་རེ་བྱུང་གིན་གོ་འེ་ཀྱ་འདོད་འདིག་འོད།
དཀོན་མཆོག་དང་འོ་རི་གཙོ་བོ་ཡེ་ཤུའི་ཤེས་རབ་ཀྱི་ནང་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་མོད་ཆོ་ལི་འཐོབ་པར་ཤོག།
དཀོན་མཆོག་གིས་རང་གི་ནུས་མཐུ་ཡི་སྒོ་ནས་མི་ཚེ་དང་། ཆོས་སེམས་ཀྱི་ཕྱིར་ལ་དགོས་ཀྱིན་གི་རི་ཁོང་གིས་འོ་རང་ལ་གནང་འོད་ད་ལགས། དེ་ནི་ཁོང་པ་རང་གི་གཟི་བརྗིད་དང་ཐུགས་བཟང་པོ་ཡི་སྒོ་ནས། འོ་རང་ལ་འབོད་མཛད་མཁན་ཁོང་པ་ལ་འོ་རི་ངོ་ཤེས་ཤ་བྱས་རེ་དེ་གི་རི་ཐོབ་པ་ལགས།
འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་ལ་ངོ་ཤེས་རེ། འདི་འཇིག་རྟེན་གྱི་ངན་པ་ཀྱ་ནས་ཐར་ཚར་ཏེའང་། ཡང་ལྡབ་ལེ་འོ་དེའི་དབང་འོག་ཏུ་ཆུད་ན། འོ་རེ་མི་ཀྱ་ཡི་གནས་ཚུལ་གོ་ཨེན་མ་ལས་ཞུག་ལ་སྡུག་བ་འབྱུང་གི་ལགས།
ཡིན་ནའང་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་ལ་འཚར་ལོངས་བྱས་རེ་སོང་། ཁོང་ལ་རང་ད་ལྟ་དང་མཐའ་མའི་ཉིན་མ་ཐུག་པའི་གཟི་བརྗིད་འོང་བར་ཤོག། ཨ་མེན།།