Biblia Todo Logo
Bìoball air-loidhne

- Sanasan -




༢ པེ་ཏྲོ། 1:21 - གློ་བ།

21 གི་བྱས་རེ་སྨྲ་ན་མིའི་འདོད་པ་ལ་གཏན་ཏེ་མངོན་ཤེས་གཅིག་འང་མ་འོངས་བ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཐོག་ནས་དཀོན་མཆོག་གི་ཐོག་ནས་མིའི་གསུང་དེ་བཤད་པ་ལགས།།

Faic an caibideil Dèan lethbhreac




༢ པེ་ཏྲོ། 1:21
29 Iomraidhean Croise  

དཱ་བིད་ཁོ་རང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་དེ་རེ་སྨྲས་བ་ལགས། གཙོ་བོ་དཀོན་མཆོག་གིས་ངའི་གཙོ་བོ་ལ་གསུངས་སོང་། ཁྱོའི་དགྲ་ཀྱ་ལ་ཁྱོའི་རྐང་པ་འོག་ལ་ངས་མ་བཞག་གིན་ཐུག་པའི། ཁྱོད་ངའི་ཕྱག་གཡས་ཕྱོགས་ལ་སྡོད།


དེ་ནི་ཁོང་པ་ཡིས་ཨེན་མ་ནས་རང་རང་གི་དམ་པའི་མངོན་ཤེས་མཁན་ཀྱ་ཡི་ཐོག་ནས་གསུངས་བ་ལགས།


སྤུན་ཀྱ་བོ། ཆོས་ཁྲིམས་ལ་དམ་པའི་ཐུགས་ཉིད་ཀྱི་རྒྱལ་བོ་དཱ་བིད་ཀྱི་ཐོག་ནས་ཡུ་དཱ་ཡི་སྐོར་ལ་བཀའ་མོལ་མཛད་ཛ་གི་རི་འགྲུབ་དགོས་ཀྱི་ལགས། དེ་ནས་འོ་དེ་གྲུབ་པ་ལགས། ཡེ་ཤུ་ལ་ཟིམ་མཁན་མི་ཀྱ་ལ་འགོ་ཁྲིད་བྱས་མཁན་ཡུ་དཱ་གོ།


ཁོང་ཀྱ་ཁ་མ་འཆམས་པ་འགྲོ་ཡས་བྱེད་འདིག་གང་ལ་པའུ་ལུ་ཡིས་མཐའ་མ་ལ་འདི་སྨྲས་བ་ལགས། ཡེ་ཤ་ཡཱ་མངོན་ཤེས་མཁན་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ཡི་དང་པོའི་ཕ་མ་ཀྱ་ལ་གསུངས་ཀྱིན་ལབ་དེ་བདེན་པ་འདུག


ཡིན་ནའང་མཱ་ཤི་ཀ་ཡིས་སྡུག་པོ་འཁུར་དགོས་བ་ལགས་གསུངས་རེ་དཀོན་མཆོག་གིས་ཨེན་མ་ནས་ཧ་ལ། མངོན་ཤེས་མཁན་གི་རི་ཡིས་ཐོག་ནས་གསུངས་ཀྱིན་གོ་དེ་རེ་བྱས་རེ་གྲུབ་མཛད་པ་ལགས།


འདི་སྐོར་ལ་དམ་པའི་ཐུགས་ཉིད་ཀྱིས་འང་འོ་རང་ཀྱ་ལ་དཔང་པོ་མཛད་ད་ལགས། དང་པོ་ཁོང་པ་ཡིས་གསུངས་ང་ལགས།


འོ་བྱས་རེ་དམ་པའི་ཐུགས་ཉིད་ཀྱིས་གསུངས་ང་ལགས། དི་རིང་ཁྱེད་ཀྱ་ཡིས་དཀོན་མཆོག་གི་གསུང་སྐད་གོ་ན།


དེ་གི་རིའི་ཐོག་ནས་ཁྱིམ་དང་པོ་གོ་འོད་ཀྱིན་ཐུག་པའི། དམ་པའི་དམ་པ་གནས་ས་ནང་དུ་འཛུལ་ས་མེད་ད་ལགས་སྨྲས་རེ་དམ་པའི་ཐུགས་ཉིད་ཀྱིས་སྟོན་མཛད་ད་ལགས།


ཁོང་ཀྱ་ཡི་སེམས་ནང་དུ་བཞུགས་མཁན་མཱ་ཤི་ཀའི་ཐུགས་ཉིད་ཀྱིས། མཱ་ཤི་ཀའི་སྡུག་པོ་ཀྱ་དང་འདིའི་གཤམ་ལ་འབྱུང་གིན་གཟི་བརྗིད་ཀྱི་སྐོར་ལ་མངོན་ཤེས་མཛད་དེ་གང་ལ། འོ་དེའི་དུས་དང་གནས་ཚུལ་ཀྱ་ཡི་སྐོར་ལ་ཁོང་ཀྱ་ཡིས་རྩད་གཅོད་བྱས་བ་ལགས།


དེ་ནས་ཁོང་པ་ལ་ཕྱག་མཆོད་པ་འབུལ་ཡས་ལ་ངས་ཁོང་པ་ཡི་ཞབས་ལ་ཕྱག་འཚལ་བའི། ཡིན་ནའང་ཁོང་པ་ཡིས་ང་ལ་གསུངས་སོང་། དེ་རེ་མ་བྱེད། ང་ནི་ཁྱོད་དང་ཁྱོའི་སྤུན་ཀྱ་ཅོག་རེ་ཡེ་ཤུའི་བདེན་དཔང་བྱེད་ཀྱིན་ལས་རོགས་གཅིག་ཀ་ཡིན། དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ། གི་བྱས་རེ་སྨྲ་ན་ཡེ་ཤུ་ལ་བདེན་དཔང་བྱེད་ཀྱིན་ནི་མངོན་ཤེས་ཀྱི་སེམས་ཉིད་ལགས།


Lean sinn:

Sanasan


Sanasan