Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 6:20 - གློ་བ།

20 ཏི་མོ་ཐེའུ་བོ། ཁྱོད་ལ་བཅོལ་གྱིན་གོ་སྲུངས་ཤིག། དེ་ནས་མི་ཀྱ་ཡིས་ཟོག་པོ་སྨྲས་རེ་ཤེས་རབ་བསམས་ཀྱིན་ཆོས་ལ་མི་མཐུན་གྱིན་ལབ་དང་ཆོ་མེད་ཀྱིན་རྩོད་པ་ཀྱ་ནས་འཛེམ།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 6:20
30 Iomraidhean Croise  

པའུ་ལུ་དེར་བེ་དང་ལུས་ཏྲ་རུ་ཕེབས་ཏེ་འོ་དུ་རུ་ཏི་མོ་ཐེའུ་སྨྲ་མཁན་ཉེ་གནས་གཅིག་འོད་ད་ལགས། ཁོའི་ཨ་མ་གོ་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་ཡ་ཧུ་དཱ་པ་ལགས། དེ་ནས་ཨ་རྒས་གོ་གྷི་རིག་ལགས།


ཨེ་པི་ཀུར་དང་སི་ཏོ་ཡཱི་ཀོས་ཀྱི་མི་མཁས་བ་ཀྱ་ནས་རིང་འགའ་ཡིས་འང་པའུ་ལུ་མུ་ལ་རྩོད་གླེང་བྱས་བ་ལགས། འོ་དེ་ཀྱ་ནས་རིང་འགའ་ཡིས་འདི་ཁ་དིག་གིན་མི་དེ་གི་སྨྲ་ལེ་སྨྲས་རེ་སྨྲས་བ་ལགས། དེ་ནས་རིང་འགའ་ཡིས་འདི་མི་དེ་ནི་ཕྱི་རྒྱལ་གྱི་ལྷ་ཀྱ་ཡི་སྐོར་ལ་བཤད་འདིག་སྨྲས་རེ་སྨྲས་བ་ལགས། གི་བྱས་རེ་སྨྲ་ན་པའུ་ལུ་ཡིས་ཡེ་ཤུ་དང་། ཁོང་པ་འཆི་བ་ནས་ཡང་གསོན་པོ་བྱུང་གིན་གྱི་སྐོར་ལ་གཏམ་བཟང་བཤད་པ་ལགས།


ཨ་ཐེ་ནེའི་མི་ཀྱ་གི་རི་དང་འོ་དུ་རུ་བསྡད་མཁན་ཕྱི་རྒྱལ་གྱི་མི་ཀྱ་ལས་ཀ་གིན་ད་མི་བྱེད་ད་ལབ་གསར་པ་ཀྱ་ཉན་ཡས་དང་བཏང་ཡས་གཅིག་ཀ་བྱེད་ད་ལགས།


དེ་ནས་ཁོང་ཀྱ་རང་ལ་མཁས་བ་ཡིན་སྨྲ་ལགས། ཡིན་ནའང་ཡོལ་ལེ་གླེན་ད་བྱུང་བ་ལགས།


ཕྱོགས་གི་རི་ནས་ཕན་ཐོགས་ཆེ་འོད་ད་ལགས། དང་པོ་གོ་ལ་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་ཀྱ་ལ་བཅོལ་བ་ལགས།


ད་དད་པ་བརྟན་པོ་འོད་མཁན་ཀྱ་ཡི་གུང་དུ་འེ་ཀྱ་ཤེས་རབ་ཀྱི་གཏམ་ཀྱ་བཤད་ད་ཡིན། ཡིན་ནའང་ཤེས་རབ་དེ་ནི་འདི་དུས་རབས། ཡང་ན་མེད་ད་ལ་འགྲོ་ཡས་ཡིན་གྱིན་འདི་དུས་རབས་ཀྱི་དབང་བྱེད་མཁན་ཀྱ་ཡི་ཤེས་རབ་མ་ལགས།


གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་ཤེས་རབ་ནི་དཀོན་མཆོག་གི་དམིགས་བ་དུ་གླེན་ད་ལགས། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མི་མཁས་བ་ཀྱ་ལ་ཁོ་རི་སྤྱང་གྱུ་ནང་ལ་རང་ཁོང་པ་ཡིས་ཟིམ་གྱི་ལགས།


དེ་ནས་མི་སུས་འང་ཁྱེད་ཀྱ་ལ་ཉམ་ཆུང་འབྱུང་ཡས་དང་། ནམ་མཁའི་བང་ཆེན་ལ་ཕྱག་མཆོད་པ་འབུལ་ཡས་ལ་ཨུ་ཚུགས་བརྒྱབ་སྟེ། ཁྱེད་ཀྱི་བྱ་དགའ་འཕྲོག་ཏུ་མ་ཆུག། དེ་རེ་མི་ཀྱ་རང་གི་མཐོང་སྣང་གི་སྐོར་ལ་ལབ་སྣ་མང་ང་བཏང་ང་ལགས། དེ་ནས་རང་གི་འཇིག་རྟེན་གྱི་བསམ་བློ་བཏང་སྟངས་ལ་ཁོང་ཀྱ་དོན་མེད་དུ་ང་རྒྱལ་གྱིས་ཁངས་ང་ལགས།


མི་སུའི་གཅིག་གིས་འང་ཁྱེད་ཀྱ་ལ་ཁུངས་མེད་ཀྱིན་དང་། སླུ་གིན་བསླབ་བྱ་ཀྱ་ཡི་ཐོག་ནས་དབང་དུ་སྡུད་རུ་མ་ཆུག།དེ་ཀྱ་ནི་མཱ་ཤི་ཀའི་ཐོག་ནས་མིན་ད། མིའི་ལུགས་སྲོལ་དང་འཇིག་རྟེན་གྱི་ལྟ་བ་ཀྱ་ལ་རྟེན་ད་ལགས།


ཁྱེད་ཀྱི་སྡུག་བསྔལ་ཀྱ་དང་མྱངས་ངན་ཀྱ་ཁོག་ལ་བཟོད་པ་བྱས་རེ་དད་པ་ལ་བརྟན་པོ་བྱེད་རེ། འེ་ཀྱ་ཙོག་བའི་དཀོན་མཆོག་གི་ཆོས་ཚོགས་ཀྱ་ཡི་ཁོག་ཏུ་ངོམ་མའི་འོད།


འོ་བྱས་རེ་སྤུན་ཟླ་ཀྱ་བོ། བརྟན་པོ་བྱས་རེ་སྡོད། དེ་ནས་འི་ཀི་ཁ་ནས་སྨྲས་ན་གཏམ་ཀྱ། ཡང་མེད་ན་བྲིས་བྲ་ཡིག་ཀྱ་ནས་ཁྱེད་ཀྱ་ལ་སྟེར་ད་བསླབ་བྱ་ཀྱ་བརྟན་པོ་བྱས་རེ་སྲུངས།


དད་པ་ལ་ངའི་བདེན་པའི་བུ་ཏི་མོ་ཐེའུ་ལ། ཡབ་དཀོན་མཆོག་དང་འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ནས་ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་བབ་པར་ཤོག།


དེ་ནས་ཁུངས་ལུང་མེད་ཀྱིན་གཏམ་ཀྱ་དང་། རྫོགས་ཡས་མེད་ཀྱིན་རིགས་རྒྱུད་ཀྱ་ཡི་གཤམ་ལ་ཁོང་ཀྱ་ལ་འབྲང་དུ་མ་ཆུག། དེ་རེ་ཀྱ་ཡི་དད་པ་ནས་རག་ལུས་ཀྱིན་དཀོན་མཆོག་གི་ཕྱག་ལས་ཀྱ་སྒྲུབ་ཏུ་མི་བཅུག་བ་ལགས།


མི་རིང་འགའ་དེ་ཀྱ་སྤངས་རེ་དོན་དག་མེད་ཀྱིན་བགྲོ་གླེང་ལ་མགོ་འཁོར་སྟེ་བསྡད་འདུག།


དེ་ཤེས་རེ་ཆོས་ཁྲིམས་དེ་མི་དྲང་པོའི་ཕྱིར་ལ་མིན་ད་ཁྲིམས་གཏོར་མཁན་དང་། ཁ་ལ་མེད་ཉིན་མཁན། དེ་ནས་ཆོས་མི་རྩི་མཁན་ཀྱ་དང་། སྡིག་ཅན་ཀྱ། དེ་ནས་དམ་པ་མེད་མཁན་དང་། ཆོས་ལ་དོ་སྣང་མི་བྱེད་མཁན་ཀྱ། དེ་ནས་ཕ་མ་བསད་མཁན་ཀྱ་དང་། མི་བསད་མཁན་ཀྱ།


ཆོས་མེད་ཀྱིན་དང་ཁུངས་ལུང་མེད་ཀྱིན་གཏམ་ཀྱ་ནས་འཛེམ་ཏེ་སྡོད། ཡིན་ནའང་ཆོས་བྱེད་ཡས་ལ་སྦྱོངས།


ཡིན་ནའང་དཀོན་མཆོག་གི་སྐྱེས་བུ་ཁྱོད། དེ་གི་རི་ནས་འཛེམ་ཏེ། དྲང་བདེན་དང་། ཆོས་སེམས་དང་། དད་པ་དང་། བྱམས་པ་དང་། བཟོད་སྒོམ་དང་། འཇམ་པོ་འབྱུང་ཡས་ལ་འཚོལ།


ང་ཁྱོད་ལ་བཀའ་སྟེར་ར་ཡིན། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་མ་མཇལ་གྱིན་ཐུག་པའི། བཀའ་འདི་དམེ་བ་མེད་ཀྱིན་དང་སྐྱོན་མེད་ཀྱིན་བྱས་རེ་སྲུང་ཞིག།


ངའི་བུ་ཁྱོད། མཱ་ཤི་ཀ་ཡེ་ཤུ་ཡི་ཐུགས་རྗེ་ནང་དུ་སྙིང་ཆེ་འབྱུང་ཞིག།


ཆོས་ལ་མི་མཐུན་གྱིན་ལབ་ཀྱ་ནས་འཛེམ། གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ཡིས་མི་ཀྱ་ལ་དཀོན་མཆོག་ནས་ཐག་རིང་ང་འཁྲིད་ཀྱི་ལགས།


ཡ་ཧུ་དཱ་པ་ཀྱ་ཡིས་སྲུང་ཀྱ་དང་། ལབ་བདེན་པ་ལ་ཁ་ལོག་ལ་མི་ཀྱ་ཡིས་བཟོས་ས་ཁྲིམས་ཀྱ་ལ་ཡ་བྱེད་ཀྱི་མ་ལགས།


ངའི་མུ་ལ་དད་པ་གཅིག་པ་འོད་མཁན་ངའི་དངོས་གནས་ཀྱིས་བི་ཛ་ཏི་ཏོས་ལ། འདི་ཡིག་བྲིས་བ་ཡིན། ཡབ་དཀོན་མཆོག་དང་འོ་རང་ལ་ཐར་པ་གནང་མཁན་ཡེ་ཤུ་མཱ་ཤི་ཀ་ཡིས་ཁྱོད་ལ་ཐུགས་རྗེ་དང་ཞི་བདེ་གནང་བར་ཤོག


མི་གཞན་མ་ཀྱ་ལ་ལྟ་བ་དངོས་གནས་ལ་སློབ་སྦྱོང་བརྒྱབ་ཡས་དང་། རྒྱབ་འགལ་བྱེད་མཁན་ཀྱ་ལ་བསླབ་བྱ་སྟེར་ཡས་ལ། ཁོ་རང་ལ་བསླབས་ལ་བཀའ་བདེན་པ་གོ་ལ་ཁོ་བརྟན་པོ་བསྡད་དགོས་ཀྱི་ལགས།


ཆོ་མེད་ཀྱིན་རྙོག་གྲ་ཀྱ་ནས་དང་པོའི་མིའི་མི་རབས་ཀྱ་དང་། ཆོས་ཁྲིམས་ཀྱི་ཕྱིར་ལ་ཁ་ཐབ་མཁན་དང་། སྡུག་ག་བཏང་མཁན་ཀྱ་ལ་ཇུས་གཏོགས་མ་བྱེད། གི་བྱས་རེ་སྨྲ་ན་དེ་ཀྱ་ཕན་མེད་ཐོགས་ཀྱིན་དང་ཆོ་མེད་ཀྱིན་ལགས།


འོ་བྱས་རེ་ཁྱོད་ལ་གི་ཐོབ་ཐ་དང་ཁྱོས་གི་གོ་ག་གོ་ལ་བརྟན་པོ་མ་སྲུངས། དེ་ནས་རང་གི་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་། དེ་ནས་ཁྱོད་གཉིད་ནས་མེད་སད་ན། ང་ཁྱོད་རྩ་རུ་རྐུན་མ་ཅོག་རེ་འོང་ཡས་ཡིན། དེ་ནས་ང་འོང་གིན་གྱི་དུས་ཚོད་གོ་ཁྱོས་མེད་ཤེས་ཀྱི་ལགས།


Lean sinn:

Sanasan


Sanasan