Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 3:16 - གློ་བ།

16 ཆོས་སེམས་ཀྱི་གསང་བ་དམི་ཅིག་གི་ཧ་ལས་བ་འདུག་སྨྲས་རེ་འེ་ཀྱ་ཁས་ལེན་ད་ཡིན། ཁོང་པ་ནི་ལུས་ལ་མངོན། ཐུགས་ཉིད་ཀྱིས་རྣམ་དག་པ་སྟོན། ནམ་མཁའི་བང་ཆེན་ཀྱ་ཡིས་ཁོང་པ་ལ་མཇལ། མི་རིགས་ནང་ལ་ཁོང་ནི་བསྒྲགས། འཇིག་རྟེན་དུ་ཁོང་པ་ལ་དད་པ་བྱས། གཟི་བརྗིད་ཀྱི་ཐོག་ནས་ནམ་མཁའི་ཞིང་ཁམས་ལ་འཕགས།།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 3:16
81 Iomraidhean Croise  

ལྟོས་དང་། ན་ཆུང་གཙང་མ་གཅིག་ལ་ཕྲུ་ཆགས་ཏེ། མོ་ནས་སྲས་གཅིག་འཁྲུང་གི་ལགས། དེ་ནས་ཁོང་པ་ཡི་མཚན་ཨིམ་མ་ནུ་ཨེལ་སྨྲས་རེ་འབོད་ཀྱི་ལགས། (འདིའི་དོན་གོ་དཀོན་མཆོག་འོ་རང་མུ་ལ།)


ཁོང་པ་ཡིས་གསུངས་བ་ལགས། ནམ་མཁའི་རྒྱལ་སྲིད་ཀྱི་གསང་བ་ཀྱ་ཤེས་ཡས་ལ་ཁྱེད་ཀྱ་ལ་གནང་འོད་ད་ལགས། ཡིན་ནའང་ཁོང་ཀྱ་ལ་མ་གནང་འོད་ད་ལགས།


དེ་ནས་ལམ་སང་གཙོ་བོའི་བང་ཆེན་གཅིག་ནམ་མཁའི་ཞིང་ཁམས་ནས་འོ་དུ་རུ་བབས་ཏེ་ས་ཡོམ་ཆེ་གཅིག་བརྒྱབ་པ་ལགས། དེ་ནས་ཁོང་པ་ཕེབས་ཏེ་དུར་ཁྲོད་ཀྱི་ཕོང་གིན་གོ་ཧ་ལ་རིལ་རེ། འོ་དེའི་ཐོག་ལ་བཞུགས་པ་ལགས།


ཡེ་ཤུ་ཁྲུས་གསོལ་བཞེས་ཚར་ཏེ་ལམ་སང་ཁོང་པ་ཆུ་ནས་ཡར་ལ་བཞེངས་བའི་གང་ལ། ནམ་མཁའ་བས་རེ་དཀོན་མཆོག་གི་ཐུགས་ཉིད་ཕུག་རོན་གྱི་གཤིས་ཀ་ལ་བབ་ཀྱིན་དང་། ཁོང་པ་ཐོག་ལ་བཞུགས་ཀྱིན་གོ་གཟིགས་པ་ལགས།


དེ་ནས་བདུད་གོ་ཁོང་པ་ཡི་དྲུང་ནས་སོང་བ་ལགས། དེ་ནས་གཙོ་བོའི་བང་ཆེན་ཀྱ་ཕེབས་ཏེ་ཁོང་པ་ཡི་ཞབས་ཕྱི་ཞུས་བ་ལགས།


དེ་ནས་ཁོང་པ་འོ་དུ་རུ་ཞག་མོ་བཞི་བཅུ་ཐུག་པའི་བདུད་ཀྱི་ཚོད་ལྟ་ལ་དང་སེམས་ཅན་ཀྱ་མུ་ལ་བཞུགས་པ་ལགས། དེ་ནས་དཀོན་མཆོག་གི་བང་ཆེན་ཀྱ་ཡིས་ཁོང་པ་ལ་ཞབས་ཕྱི་ཞུས་བ་ལགས།


གཙོ་བོ་ཡེ་ཤུ་ཁོང་ཀྱ་མུ་ལ་བཀའ་མོལ་གནང་ཚར་ཏེ་ཁོང་པ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཁྲིད་མཛད་པ་ལགས། དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་མཛད་པ་ལགས།


དུར་ཁྲོད་ནང་དུ་འཛུལ་ལི་གང་ལ། ཁོང་ཀྱ་ཡིས་གོས་ལག་དཀར་བོ་གོན་ག་མི་ཁྱོག་ཐོང་གཅིག་གཡས་ཕྱོགས་དུ་བསྡད་ད་མཐོང་རེ་ཁོང་ཀྱ་འཇིགས་པ་ལགས།


ཁོང་ནི་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཕྱིར་ལ་ཁྱེད་རང་གི་ཐུགས་དགོངས་མངོན་ཡས་དང་། ཁྱེད་རང་གི་མི་རིགས་ཡིས་ར་ཨེལ་པ་ཀྱ་ཡི་ཆེད་དུ་གཟི་བརྗིད་འབྱུང་ཡས་འོད་གོ་ལགས།


ད་དཱ་བིད་ཀྱི་མཱ་ཤི་ཀ་ལ་གཙོ་བོ་སྨྲས་རེ་ཞུས་ན། མཱ་ཤི་ཀ་ཁོའི་སྲས་གང་གི་བྱས་རེ་བྱུང་བ་ལེ།


དེ་ནས་ནམ་མཁའི་ཞིང་ཁམས་ནས་ནམ་མཁའི་བང་ཆེན་གཅིག་ཕེབས་ཏེ་ཁོང་པ་ལ་ཤུགས་གནང་བ་ལགས།


དེ་ནས་འོ་དེ་ལ་ཁོང་ཀྱ་མགོ་འཐོམས་ཏེ་བསྡད་དེ་གང་ལ་འོད་བརྒྱབ་ཀྱིན་གོས་གོན་ག་མི་གཉིས་ཁོང་ཀྱ་རྩ་རུ་མཇལ་བ་ལགས།


ཁོང་པ་ཡིས་ཁོང་ཀྱ་ལ་བྱིན་རླབས་གནང་བའི་གང་ལ་ཁོང་པ་ཁོང་ཀྱ་ནས་ཁ་བྲལ་རེ་ནམ་མཁའ་ཕྱོགས་ལ་ཁྲིད་བ་མཛད་པ་ལགས།


དེ་ནས་བཀའ་གོ་ལུས་ལ་གྱུར། དེ་ནས་འོ་རང་མུ་ལ་བཞུགས། ཁོང་ནི་ཐུགས་རྗེ་དང་བདེན་པ་ཡིས་ཁངས་འོད་ད་ལགས། ཁང་གི་གཟི་བརྗིད་ཡབ་དཀོན་མཆོག་ནས་ཡིན་གྱིན་སྲས་གཅིག་པོའི་གཟི་བརྗིད་འོ་རི་མཇལ་བ་ལགས།


ཡེ་ཤུ་ཡིས་ཡབ་ཀྱིས་དོན་གི་རི་ཁོང་གི་ལག་ལ་གནང་འོད་ཀྱིན་དང་དཀོན་མཆོག་ནས་འོངས་བ་དང་དཀོན་མཆོག་གི་དྲུང་དུ་ལོག་རྒྱུ་ཡིན་གྱིན་གོ་མཁྱེན་པ་ལགས།


ཡིན་ནའང་ཡབ་ཀྱི་དྲུང་ནས་ཕེབས་མཁན་བདེན་པའི་ཐུགས་ཉིད་རོགས་བ་མཛད་མཁན་གོ་ཕེབས་ཀྱི་ལགས། དེ་ནས་ཡབ་ཀྱི་དྲུང་ནས་ངས་མངགས་མཁན་འདིས་ངའི་དཔང་པོ་མཛད་ཀྱི་ལགས།


ང་ཡབ་ནས་བྱུང་རེ་འཇིག་རྟེན་དུ་འོངས་བ་ཡིན། ད་ང་འཇིག་རྟེན་ནས་བྲལ་རེ་ཡབ་ཀྱི་དྲུང་དུ་ལོག་བ་ཡིན།


ད་ཀྱེ་ཡབ། འཇིག་རྟེན་མ་བཀོད་ཨེན་ལ་ང་ཁྱེད་རང་མུ་ལ་འོད་དེ་གང་ལ་འོད་ཀྱིན་གཟི་བརྗིད་རང་། ད་ལྟ་ཁྱེད་རང་གི་དྲུང་དུ་ང་ལ་མངོན་ད་མཛད།


དེ་ནས་མོའི་གོས་དཀར་བོ་གོན་ག་ནམ་མཁའི་བང་ཆེན་གཉིས། གཅིག་ཡེ་ཤུའི་སྐུ་ཕུང་བཞག་ས་ཡི་དབུ་ཕྱོགས་ལ། དེ་ནས་གཅིག་གོ་ཞབས་ཕྱོགས་ལ་བཞུགས་ཞ་གོ་མཐོང་བ་ལགས།


དེ་རེ་ཡིན་ན་ཁྱེད་ཀྱ་ཡིས་མིའི་བུ་ཨེན་མ་ཁོ་རང་བཞུགས་ས་རུ་ཕེབས་བ་མཛད་ཀྱིན་གོ་མཐོང་ན་གི་བྱེད་ཡས།


ཡེ་རུ་ཤ་ལེམ་གྱི་མི་གི་རི་ཡིས་དེ་ལབ་གོ་ཧ་གོ་པ་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་ཞིང་གི་མིང་ཁོ་རི་སྐད་ལ་ཨ་ཀེལ་ད་མཱ་བཏགས་པ་ལགས། འོ་དེའི་དོན་གོ་ཁྲག་གི་ཞིང་ལགས། པེ་ཏྲོ་ཡིས་ལྡབ་ལེ་སྨྲས་བ་ལགས།


དེ་ནས་པེ་ཏྲོ་ཡིས་འགོ་བཙུགས་པ་ལགས། དཀོན་མཆོག་གིས་སུ་ལའང་དབྱེ་བ་མེད་མཛད་ད་ལགས་སྨྲས་རེ་ད་ངས་དངོས་གནས་ཧ་གོ་སོང་།


ཨན་ཏི་ཡོག་ཏུ་ལོག་སྟེ་འོངས་ཚར་ཏེ་པའུ་ལུ་དང་བར་ན་བཱ་དད་པ་བྱེད་ཀྱིན་ཆོས་ཚོགས་ཀྱི་མི་གི་རི་ལ་སྐད་བཏང་བ་ལགས། དཀོན་མཆོག་གིས་ཁོང་ཀྱ་ཐོག་ནས་ལས་ཀ་ག་རེ་ག་རེ་མཛད་སོང་། དེ་ནས་ག་རེ་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ལ། དད་པ་བྱེད་ཡས་ཀྱི་ལམ་སྟོན་མཛད་སོང་སྨྲས་རེ་ཁོང་ཀྱ་ཡིས་འོ་དེ་ཀྱ་ལ་སྨྲས་བ་ལགས།


ད་ཁྱེད་རང་ཀྱ་རང་སྤྱང་རྫེ་བྱས་རེ་སྡོད། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་རྩིས་བརྒྱབ་སྟེ་བཞག་ཞ་ལུག་ཀྱ་ལ་ག་མོ་མ་སྲུངས། དཀོན་མཆོག་གི་ཆོས་ཚོགས་ཀྱི་ལུག་རྫི་བཟང་པོ་གཅིག་འབྱུང་རེ་སྡོད། གི་བྱས་རེ་སྨྲ་ན་འོ་དེ་མི་ཀྱ་གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་གིས་བླུས་རེ་ཉོས་མཛད་པ་ལགས།


གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ནང་དབྱེ་བ་མེད་ད་ལགས། གི་རིའི་གཙོ་བོ་ནི་གཅིག་རང་ལགས། དེ་ནས་ཁོང་གི་མཚན་འབོད་མཁན་གི་རི་ལ་བྱིན་རླབས་མོད་ཆོ་ལི་གནང་ང་ལགས།


ཡིན་ནའང་ང་འདྲི་ལ་ཡིན། ཁོང་ཀྱ་ཡིས་མ་གོ་པ་ལགས་སེ། དངོས་གནས་རང་གོ་འོད་ད་ལགས། གི་བྱས་རེ་སྨྲ་ན། ཁོང་ཀྱ་ཡི་སྐད་ས་གཞི་འོད་ལེ་རུ་ཁྱབ་འདུག དེ་ནས་ཁོང་ཀྱ་ཡི་བཀའ་འཛམ་གླིང་གི་མཐའ་ཐུག་པའི་ཁྱབ་འདུག


ད་དཀོན་མཆོག་གི་གཟི་བརྗིད་འོང་བར་ཤོག། དེ་ནས་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ངས་བཤད་ཀྱིན་གཏམ་བཟང་གི་ཐོག་ནས་དང་། དུས་ཐོག་མ་ནས་གསང་རེ་བཞག་ཞ་གསང་བ་མངོན་གྱིན་གྱི་ཐོག་ནས། ཁོང་པ་ཡིས་ཁྱེད་ཀྱ་ལ་ཤུགས་ཆེ་མཛད་ཐུབ་བ་ལགས།


ཡིན་ནའང་མངོན་ཤེས་མཁན་ཀྱ་ཡིས་ཨེན་མ་མངོན་གསུངས་རེ་བྲིས་བྲ་དང་། མཐའ་མེད་པའི་དཀོན་མཆོག་གི་བཀའ་ཡི་ཐོག་ནས་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་གི་རི་ལ་མངོན་འོད་ད་ལགས། དེ་ནི་གི་རི་ཡིས་དད་པ་བྱས་རེ་ཁོང་པ་ཡི་བཀའ་ལ་རྩི་ལ་ཤོག་སྨྲས་རེ་ལགས།


འོ་རེ་ཕུ་ཀི་བྱུང་གུ་མ་ལགས། མི་གི་རི་ཟོག་པོ་འོད་ན། དཀོན་མཆོག་བདེན་པ་འོང་དགོས། འདིའི་སྐོར་ལ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ཁྱེད་རང་བཀའ་མོལ་གསུངས་ང་རང་བདེན་པ་མངོན་ད་ཤོག། དེ་ནས་ཁྱེད་རང་ལ་ཁྲིམས་བཅད་ད་རང་རྒྱལ་ལ་ཤོག


འོ་རི་ལུས་ཀྱིས་སྐྱོ་བ་བཟོས་ཟ་ཆོས་ཁྲིམས་ཀྱི་བྱེད་མ་ཐུབ་ཀྱིན་གོ། དཀོན་མཆོག་གིས་རང་གི་སྲས་སྡིག་པའི་རང་གཤིས་ཀྱི་ལུས་ལ་སྡིག་པའི་དམར་མཆོད་འབྱུང་ཡས་ལ་བརྫངས་ང་མཛད་དེ་འོ་དེ་མཛད་པ་ལགས། དེ་ནས་དེ་རེ་བྱས་རེ་ཁོང་གིས་སྡིག་པ་ལ་ལུས་ལ་རང་ཆད་པ་བསྐལ་མཛད་པ་ལགས།


ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ནི་ཁོང་ཀྱ་ཡི་དང་པའི་ཕ་མ་ཀྱ་ལགས། དེ་ནས་ལུས་ལ་ཆ་བཞག་ན། མཱ་ཤི་ཀའང་ཁོང་ཀྱ་ཡི་མི་རིགས་ནས་ལགས། དེ་ནས་ཁོང་ནི་དུས་རྒྱུན་དུ་བསྟོད་པ་འོད་ཀྱིན་བླ་ན་མེད་པའི་དཀོན་མཆོག་ལགས། ཨ་མེན།


དང་པོ་མི་གོ་ཐལ་ལ་ཡིས་བཀོད་ཀ་ས་གཞི་ནས་ལགས། དེ་ནས་གཉིས་བ་གོ་ནམ་མཁའི་ཞིང་ཁམས་ནས་ལགས།


ཡིན་ནའང་གསང་བ་དུ་སྦས་རེ་བཞག་ཞ་དཀོན་མཆོག་གི་ཤེས་རབ་དེ་འེ་ཀྱ་བཤད་ད་ཡིན། ཤེས་རབ་དེ་ནི་འཇིག་རྟེན་མ་བཀོད་ཨེན་ལ་ནས་རང་། འི་ཀི་གཟི་བརྗིད་ཀྱི་ཕྱིར་ལ་དཀོན་མཆོག་གིས་བཀོད་བ་ལགས།


གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཁོག་ཏུ་ང་སིལ་ཝ་ནུ་དང་། ཏི་མོ་ཐེའུ་ཡི་གཏམ་བཟང་བཤད་ཤ་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ནི་ལགས་དང་མ་ལགས་སྨྲས་རེ་མ་ལགས། ཡིན་ནའང་ཁོང་གི་ནང་ཙོག་བའི་ལགས་གཅིག་ཀ་འོང་ང་ལགས།


གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་ཀྱ་ཡི་ཁོག་ཏུ་སྐུ་ཚབ་ཀྱི་ཕྱག་ལས་པེ་ཏྲོ་ནས་མཛད་མཁན་དཀོན་མཆོག་གིས་རང་། ང་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ཁོག་ཏུ་སྐུ་ཚབ་ཀྱི་ཕྱག་ལས་མཛད་གནང་སོང་།


ཡིན་ནའང་དུས་ཚོད་ཏག་ཏག་གོ་འོངས་ཚར་ཏེ། དཀོན་མཆོག་གིས་རང་གི་སྲས་བཏང་ང་མཛད་པ་ལགས། དེ་ནས་ཆོས་ཁྲིམས་ཀྱི་འོག་ཏུ་འོད་མཁན་འོ་རང་ཀྱ་ལ་ཐར་པ་མཛད་ཡས་དང་། འོ་རང་ཁོང་གི་སྲས་དང་སྲས་མོ་འབྱུང་ཡས་ལ། ཁོང་པ་བུ་མོ་གཅིག་ནས་ཆོས་ཁྲིམས་ཀྱི་འོག་ཏུ་འཁྲུངས་བ་ལགས།


མཱ་ཤི་ཀ་ཁར་ལ་གནས་ན་ཁོང་པ་ཡི་འཆར་གཞི་ལ་བརྟེན་ཏེ། རང་གི་ཐུགས་དགོངས་ཀྱི་གསང་བ་དེ་འོ་རང་ལ་མངོན་དུ་མཛད་པ་ལགས།


དེ་ནས་གཏམ་བཟང་གི་གསང་བ་གོ་སྙིང་ཆེ་བྱས་རེ་གསལ་བསྒྲགས་བྱེེད་ཐུབ་ཡས་ལ། ངའི་ཁ་པེ་ལི་གང་ལ་བཀའ་ཀྱ་གནང་བར་ཤོག་སྨྲས་རེ་ངའི་ཕྱིར་ལ་སྨོན་ལམ་ཞུས།


འོ་བྱས་རེ་ཁྱེད་ཀྱ་ཡིས་གོ་གིན་གཏམ་བཟང་ནས་ཐོབ་ཐ་རེ་བ་གོ་མེད་སྤོང་ང་མུ་མཐུད་ནས་དད་པ་ལ་བརྟན་པོ་གནས་དགོས། གཏམ་བཟང་དེ་ནམ་མཁའི་ཞིང་ཁམས་ཀྱི་འོག་ཏུ་འཇིག་རྟེན་དུ་འོད་མཁན་གི་རི་ལ་བཤད་འོད་ད་ལགས། དེ་ནས་ང་པའུ་ལུ་དེའི་ཞབས་ཏོག་པ་གཅིག་ཡིན།


དཀོན་མཆོག་གི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གསང་བ་དེ། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་ཕྱིར་ལ་དམི་ཅིག་གི་རྩ་ཆེ་ཡིན་གྱིན་གོ། རང་གི་དམ་པའི་མི་ཀྱ་ལ་མངོན་དུ་མཛད་ཡས་གོ། དཀོན་མཆོག་གི་ཐུགས་དགྱེས་བ་ལགས། གསང་བ་དེ་ནི་མཱ་ཤི་ཀ་ཁྱེད་ཀྱ་ཡི་ནང་འོད་ད་ལགས། དེ་ནས་ཁོང་ནི་གཟི་བརྗིད་ཀྱི་རེ་བ་གོ་ལགས།


གཏམ་བཟང་དེ་ཁྱེད་ཀྱི་གུང་དུ་སླེབས་ས་ལགས། དེ་ནས་འཇིག་རྟེན་གི་རི་རུ་འབྲས་བུ་སྐྱེས་རེ་འཕེལ་ལི། འོ་བྱས་རེ་རང་ཁྱེད་ཀྱི་གུང་དུའང་ཁྱེད་ཀྱ་ཡི་གཏམ་བཟང་གོ་གིན་དང་། དཀོན་མཆོག་གི་ཐུགས་རྗེའི་སྐོར་ལ་དངོས་གནས་ཧ་གོ་གིན་ཉིན་མ་ནས་རང་དེ་འཕེལ་རེ་འགྲོའི།


ངས་དེ་རེ་བྱས་ཀྱིན་གྱི་དོན་ནི་ཁྱེད་ཀྱ་ལ་སེམས་ཤུགས་ཐོབ་སྟེ། བྱམས་པའི་སྒོ་ནས་ཁྱེད་ཀྱ་ནང་མཐུན་འབྲེལ་འོང་ཡས་ཀྱི་ཆེད་དུ་ལགས། དེ་ནས་ཁྱེད་ཀྱ་ལ་ཤེས་ཡོན་ཚང་པོའི་གཏེར་གི་རི་འཐོབ་པར་ཤོག།དེ་ནས་དཀོན་མཆོག་གི་གསང་བ་ནི་མཱ་ཤི་ཀ་ཡིན་མཁན་གོ་ཤེས་ལ་ཤོག་སྨྲས་རེ་ལགས།


འདི་ནི་གཙོ་བོ་ཕེབས་ཀྱིན་ཉིན་མ་ལ་འབྱུང་གི་ལགས། འོ་དེ་ཉིན་མོ་ཁོང་པ་ལ་རང་གི་དམ་པའི་མི་ཀྱ་ནས་གཟི་བརྗིད་འཐོབ་ཀྱི་ལགས། དེ་ནས་དད་པ་བྱེད་མཁན་གི་རི་ནས་བསྟོད་པ་རག་གི་ལགས། མི་འདི་ཀྱ་ནང་ཁྱེད་ཀྱ་ཆུད་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་འི་ཀིས་སྟེར་ཏ་དཔང་པོ་ཀྱ་ལ་དད་པ་བྱས་བ་ལགས།


ཁྲིམས་ནས་འབྲལ་མཁན་གྱིས་གསང་བའི་དབང་དེ་ལས་ཀ་ལ་འགོ་བཙུགས་ཚར་འདུག དེ་ནས་བཀག་སྟེ་བཞག་མཁན་གོ་ལ་མ་བཏང་གིན་ཐུག་པའི། ད་ལྟ་ཁོས་འོ་དེ་ལ་བཀག་སྟེ་རང་བསྡད་ཀྱི་ལགས།


ཁོང་ཀྱ་དད་པ་ཡི་གསང་བ་གོ་ལ་ཤེས་རབ་བཟང་པོའི་ཐོག་ནས་སྲུང་དགོས་གུ་ལགས།


ཁོང་གིས་དཀོན་མཆོག་གི་གཟི་བརྗིད་མངོན་མཛད་ད་ལགས། དེ་ནས་ཁོང་ནི་དཀོན་མཆོག་གི་གཤིས་ཀ་དངོས་མ་གོ་ལགས། དེ་ནས་ཁོང་གིས་བཀའ་དབང་ཆེའི་ཐོག་ནས་འཇིག་རྟེན་ཁམས་གི་རི་སྐྱོང་ང་མཛད་ད་ལགས། དེ་ནས་ཁོང་པ་ཡིས་སྡིག་པ་གི་རི་དག་མཛད་དེ། ཁོང་པ་ནམ་མཁའི་ཞིང་ཁམས་དུ་གཟི་བརྗིད་ཅན་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་བ་མཛད་ད་ལགས།


འོ་རི་དད་པའི་འགོ་འཛུགས་མཛད་ཀྱིན་དང་མཐའ་འཁྱོལ་ལ་མཛད་ཀྱིན་ཡེ་ཤུ་ལ་འོ་རང་ལྟ་དགོས། ཁོང་པ་ཡིས་རང་གི་གདོང་དུ་བཞག་ཞ་དགའ་སྤྲོ་ཀྱི་ཆེད་དུ། རྒྱང་ཤིང་གི་སྡུག་པོ་གོ་བཟོད་པ་བྱས་རེ་ཁུར་ར་མཛད་པ་ལགས། དེ་ནས་འཕྱ་ལས་ལ་མཐོང་ཆུང་མཛད་པ་ལགས། དེ་ནས་ཁོང་དཀོན་མཆོག་གི་བཞུགས་ཁྲིའི་གཡས་ཕྱོགས་ལ་བཞུགས་འོད་ད་ལགས།


ཆུང་ང་ལ་ཆེ་ནས་བྱིན་རླབས་ཐོབ་ཀྱིན་ལ་འཐབ་དགོས་ཡས་གིའང་མེད་ད་ལགས།


ད་འི་ཀིས་སྨྲས་ན་ལབ་ཀྱི་དོན་གཙོ་གོ་དེ་ལགས། ནམ་མཁའི་ཞིང་ཁམས་དུ་བླ་ན་མེད་པའི་དཀོན་མཆོག་གི་བཞུགས་ཁྲིའི་གཡས་ཕྱོགས་ལ་བཞུགས་ཞ་ཁོང་པ་གོ་འོ་རི་གཙོ་མཆོད་དཔོན་ལགས།


དེ་ནས་རང་ལ་མིན་ད་ཁྱེད་ཀྱ་ཡིས་ཞབས་ཕྱི་ཞུ་གིན་གོ་མངོན་ཤེས་མཁན་ཀྱ་ལ་མངོན་པ་ལགས། དེ་ནས་ད་ལྟ་ནམ་མཁའི་ཞིང་ཁམས་ནས་མངགས་ང་དམ་པའི་ཐུགས་ཉིད་ཀྱི་དབང་གི་སྒོ་ནས། ཆོས་གསུངས་ཀྱིན་ཀྱ་ཡིས་ཁྱེད་ཀྱ་ལ་གཏམ་བཟང་དེ་བཤད་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་ཡིས་འང་དོན་དེ་ཀྱ་བཤད་ཉིད་འདོད་ད་ལགས།


འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀ་ལ་བདམས་མ་མཛད་པ་ལགས། ཡིན་ནའང་ཁྱེད་ཀྱ་ཡི་ཆེད་དུ་མཐའ་མའི་དུས་ལ་ཁོང་པ་མངོན་ད་མཛད་པ་ལགས།


དེ་ནས་ཁྱེད་ཀྱ་ཁོང་པ་ཡི་སྒོ་ནས་རང་དཀོན་མཆོག་ལ་དད་པ་སྐྱེས་བ་ལགས། དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་གསོན་པོ་མཛད་དེ་ཁོང་ལ་གཟི་བརྗིད་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་ལ་དད་པ་བྱས་རེ་རེ་བ་བྱེད་ད་ལགས།


གི་བྱས་རེ་སྨྲ་ན་འོ་རང་ལ་དཀོན་མཆོག་དྲུང་དུ་འཁྲིད་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀའང་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ་གྲོངས་བ་ལགས། དྲང་བདེན་གོ་མེད་དྲང་ང་ཡི་ཆེད་དུ་གྲོངས་པ་ལགས། ཁོང་པ་ལུས་ལ་བསད་པ་ལགས། ཡིན་ནའང་ཐུགས་ཉིད་ཀྱི་ཐོག་ནས་ཁོང་སྐུ་གསོན་པོ་མཛད་པ་ལགས།


ཁོང་པ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཏེ་དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་དང་། དབང་དང་། ནུས་མཐུ་འོད་མཁན་སེམས་ཉིད་ཀྱ་ཁོང་པ་ཡི་འོག་ལ་འོད་ད་ལགས།།


དེ་ནས་དེ་ཚེ་སྲོག་གོ་མངོན་པ་ལགས། འི་ཀིས་འོ་དེ་མཇལ་བའི། དེ་ནས་འོ་དེའི་དཔང་པོ་བྱེད་ད་ཡིན། དེ་ནས་ཡབ་ཀྱི་མུ་ལ་འོད་ཀྱིན་དང་། གཤམ་ལ་འི་ཀི་རྩ་རུ་མངོན་གྱིན་མཐའ་མེད་པའི་ཚེ་སྲོག་གི་སྐོར་ལ། འེ་ཁྱེད་ཀྱ་ལ་གསལ་བསྒྲགས་བྱེད་ད་ཡིན།


ཡིན་ནའང་འོ་རི་སྡིག་པ་ཀྱ་སེལ་ཡས་ཀྱི་ཕྱིར་ལ། ཁོང་པ་མངོན་མཛད་པ་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། དེ་ནས་ཁོང་པ་ཡི་ནང་སྡིག་པ་མེད་ད་ལགས།


སྡིག་པ་བྱས་རེ་བསྡད་མཁན་ནི་བདུད་ཀྱི་ལགས། གི་བྱས་རེ་སྨྲ་ན་བདུད་ཀྱིས་ཐོག་མ་ནས་རང་སྡིག་པ་བྱས་རེ་འོང་འོད་ད་ལགས། དེ་ནས་བདུད་ཀྱི་ལས་ཀ་ཀྱ་མེད་ད་ལ་བཏང་ཡས་ཀྱི་ཆེད་དུ་རང་། དཀོན་མཆོག་གི་སྲས་མངོན་ད་མཛད་པ་ལགས།


དེ་ནས་མོའི་དཔྲལ་ལེ་ཁར་ལ་དེ་རེ་གསང་བ་ཡི་དོན་དག་འོད་ཀྱིན་དེ་རེ་མིང་བྲིས་འོད་ད་ལགས། རྒྱལ་ས་ཆེ་བཱ་བི་ལོན། ས་གཞིའི་གཞང་འཚོང་མ་ཀྱ། དང་ཨམ་ལོག་བ་དོན་ཀྱ་ཡི་ཨ་མ།


དེ་ནས་འོ་དེ་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། ཁྱོད་གི་བྱས་རེ་ཧང་སངས་ང་ལེ། འོ་དེ་བུ་མོ་དང་མོ་ལ་འཁུར་གྱིན་མགོ་བ་བདུན་དང་རྭ་ཀྱོག་བཅུ་འོད་ཀྱིན་འོ་དེ་སེམས་ཅན་གྱི་གསང་བ་གོ་ངས་ཁྱོད་ལ་བཤད་དོ།


འོ་དེ་གཤམ་ནས་སུས་འང་གྲངས་ཀ་བརྒྱབ་མི་ཐུབ་ཀྱིན་མི་རིགས་འོད་ལེ་དང་། རྒྱུད་པ་འོད་ལེ་དང་། མི་མང་འོད་ལེ་དང་། སྐད་རིགས་འོད་ལེའི་མི་ཚོགས་ཆེ་གཅིག་བཞུགས་ཁྲི་དང་། ལུག་ཕྲུག་གི་གདོང་དུ་ལངས་རེ་བསྡད་ཀྱིན་གོ་ངས་མཐོང་སོང་། དེ་ནས་ཁོང་ཀྱ་གོས་དཀར་བོ་གོན་ཏེ་ལག་པ་རུ་ཤིང་ཏ་ལའི་ཡལ་ག་ཀྱ་འཁྱེར་ཏེ་བསྡད་འདུག།


Lean sinn:

Sanasan


Sanasan