Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 3:11 - གློ་བ།

11 ཁོང་ཀྱ་ཡི་སྐྱེས་དམན་ཀྱ་འོ་བྱས་རེ་རང་ཡ་རབས་དང་། ཕྲ་མ་མི་བྱེད་ཀྱིན་དང་། བསམ་བློ་མཐོང་ང་དང་། གི་རི་ལ་དྲང་པོ་འོང་དགོས་ཀྱི་ལགས།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 3:11
23 Iomraidhean Croise  

ད་བདུད་ཀྱིས་ཡེ་ཤུ་ལ་ཚོད་ལྟ་ལེན་ཡས་ཀྱི་ཕྱིར་ལ་དམ་པའི་ཐུགས་ཉིད་ཀྱིས་ཡེ་ཤུ་ལ་རི་སྟོང་དུ་ཁྲིད་མཛད་པ་ལགས།


ཡེ་ཤུ་ཡིས་ཁོང་ཀྱ་ལ་བཀའ་ལན་དུ་གསུངས་བ་ལགས། ཁྱེད་བཅུ་གཉིས་གི་རི་ལ་ངས་བདམས་པ་མ་ལེ། ཡིན་ནའང་ཁྱེད་ཀྱ་ནས་གཅིག་བདུད་ལགས།


ཁོང་ཀྱ་ནི་སྤྱོད་པ་སྡུག་ཅག་དང་། ངན་པ་དང་། སེར་སྣ་དང་། ངན་སེམས་སྣ་ཚོགས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲག་དོག་དང་། མི་སྲོག་བཅད་ཡས་དང་། འཁྲུག་པ་བརྒྱབ་ཡས་དང་། མགོ་སྐོར་ཡས་དང་། སྡང་སེམས་ཀྱིས་ཁངས་འོད་ད་ལགས། དེ་ནས་ཁོང་ཀྱ་ཕྲ་མ་བརྒྱབ་ཡས།


ང་ལ་ཤུགས་གནང་གིན་འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ལ་ང་ཐུགས་རྗེ་ཆེ་འབུལ་ལ་ཡིན། གི་བྱས་རེ་སྨྲ་ན་ཨེན་མ་ང་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གཅིག་དང་། སྡུག་སྦྱོང་བཏང་གིན་དང་། མི་རྩུབ་པོ་གཅིག་བྱེས་རེའང་ཁོང་པ་ཡི་ཞབས་ཕྱི་ལ་ང་ལ་བསྐོས་མཛད་དེ། ཁོང་པ་ཡིས་ང་ལ་བློ་གཏད་མཛད་སོང་།


འོ་བྱས་རེ་ཆོས་ཚོགས་ཀྱི་ལྟ་རྟོག་པ་གོ་སྐྱོན་འཛུགས་གིའང་མེད་ཀྱིན་དང་། སྐྱེས་དམན་གཅིག་གི་ཁྱོ་ག། བསམ་བློ་མཐོང་ང་། ཚོད་ཟིམ་གྱིན་དང་། ཡ་རབས་བཟང་ང་དང་། མགྲོན་པོ་བསུ་ཡས་ལ་དགའ་གིན། དེ་ནས་སློབ་དཔོན་བྱེད་ཡས་ལ་མཁས་བ་འོད་ཀྱིན།


བདག་པོ་ཀྱ་དད་པ་བྱེད་མཁན་ཡིན་ན། དད་པ་ལ་སྤུན་ཡིན་བསམས་ཏེ་མཐོང་ཆུང་བྱེད་ཡས་མེད་ད་ལགས། ཡིན་ནའང་ཁོང་ཀྱ་ཡི་ཞབས་ཕྱི་ཡི་ཕན་ཐོགས་གོ་དད་པ་བྱེད་མཁན་ཀྱ་དང་། རང་གི་གཅེས་བའི་ཀྱ་ལ་འབྱུང་གི་ལགས་བསམས་ཏེ། ཁོང་ཀྱ་ཡིས་ཡོལ་ལེ་ལྷག་ཞབས་ཕྱི་ཞུ་དགོས་གུ་ལགས། འོ་རེ་བྱེད་ཡས་ལ་རང་བསླབ་བྱ་རྒྱོབ། དེ་ནས་སྐུལ།


དེ་ནས་བརྩེ་སེམས་མེད་མཁན་དང་སྡང་སེམས་ཅན། ཕྲ་མ་བརྒྱབ་མཁན་དང་ཚོད་མི་ཟིམ་མཁན། གདུག་རྩུབ་ཅན་དང་དགེ་བ་ལ་མེད་དགའ་མཁན།


ཁྱོད་རང་ཙོག་བའི་བརྟན་པོ་སྡོད། སྡུག་པོ་ཀྱ་བཟོད་པ་བྱེད། དེ་ནས་གཏམ་བཟང་ཤོད། དེ་ནས་ཁྱོད་རི་ཞབས་ཏོག་སྒྲུབ་ཏུ་ཆུག


འོ་དེ་ཅོག་རེ་རྒན་མོ་ཀྱ་ལ་དམ་པའི་མི་ཚེ་པུད། དེ་ནས་ཕྲ་མ་མ་བཤད། དེ་ནས་ཆང་འདོད་མ་མ་འབྱུང་། དེ་ནས་མི་གཞན་མ་ཀྱ་ལ་བསླབ་བྱ་བཟང་པོ་སྟེར་སྨྲས་རེ་ཤོད།


སུའི་སྐོར་ལ་ལབ་ངན་པ་མ་བཤད། དེ་ནས་སྡུག་ག་མ་བཏང་། དེ་ནས་འཇམ་པོ་དང་སྤྱོད་བཟང་ང་བདེན་པ་སྟོན་སྨྲས་རེ་ཁོང་ཀྱ་ལ་ཤོད།


ཁྱེད་ཀྱ་རང་ཚོད་ཟིམ་ཏེ་སྤྱང་རྫེ་བྱེད། ཁྱེད་ཀྱ་ཡི་དགྲ་ཡིན་གྱིན་བདུད་ནི་ངར་སྐད་སྟོན་གྱིན་སེང་གེ་ཅོག་རེ། སུ་ལ་རྙེད་དེ་ཟ་གུ་ནུང་སྨྲས་རེ་བཙལ་རེ་རྒྱུག་བ་ལགས།


Lean sinn:

Sanasan


Sanasan