Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 2:1 - གློ་བ།

1-2 དེ་ནས་དང་པོ་གོ་ངས་མི་གི་རི་དང་། རྒྱལ་བོ་ཀྱ་དང་། དཔོན་པོ་ཀྱ་ཡི་ཕྱིར་ལ་གསོལ་བ་དང་། སྨོན་ལམ་དང་། ཞུ་བ་དང་། བཀའ་དྲིན་ཆེ་ཞུས་སྨྲས་རེ་སྐུལ་ལ་ཡིན། དེ་རེ་བྱས་རེ་འོ་རང་ཕྱོགས་གི་རི་ནས་ཆོས་སེམས་ཅན་དང་། ཡ་རབས་ཅན་གྱི་ཐོག་ནས་བདེ་བ་དང་ཞི་འཇམ་གྱི་མི་ཚེ་པུད་ཐུབ་ཀྱི་ལགས།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 2:1
26 Iomraidhean Croise  

ཨེན་མ་ཨེན་མ་མི་ཀྱ་ཡིས་དཀོན་མཆོག་ལ་ངོ་མེད་ཤེས་ཀྱིན་དུས་ཚོད་གོ་དཀོན་མཆོག་གིས་ཡ་མ་བྱས་བ་ལགས། ཡིན་ནའང་ད་ལྟ་ཁོང་པ་ཡིས་མི་གི་རི་ལ་རང་རང་གི་སྡིག་པ་ལ་འགྱོད་པ་བྱས་རེ་ཁོང་པ་ཕྱོགས་ལ་ལོག་སྨྲས་རེ་བཀའ་གནང་བ་ལགས།


དང་པོ་གོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ངའི་དཀོན་མཆོག་ལ་ང་ཁྱེད་གི་རིའི་ཆེད་དུ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་འཇིག་རྟེན་གི་རི་རུ་ཁྱེད་ཀྱི་དད་པའི་སྐོར་ལ་ཁྱབ་འདུག།


ཡིན་ནའང་ང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཨེན་མ་ཐེངས་གཅིག་སྡིག་པའི་བྲན་གཡོག་བྱུང་འོད་ན། ད་ལྟ་ཁྱེད་ཀྱ་ལ་བསླབས་ལ་ཆོས་ལ་ཁྱེད་ཀྱ་སྙིང་གཏིང་ནས་ཁ་ལ་ཉན་གྱིན་བྱུང་འདུག།


གི་བྱས་རེ་སྨྲ་ན་ང་ལ་ཐོབ་ཐ་དང་པོ་གལ་ཆེ་ཤོས་གོ་འོ་དེ་རེ་རང་ལ་ངས་ཁྱེད་ཀྱ་ལ་བཤད་པའི། དེ་ནི་གསུང་རབ་ལ་བྲིས་བྲ་ཅོག་རེ་མཱ་ཤི་ཀ་འོ་རི་སྡིག་པའི་ཆེད་དུ་གྲོངས་ང་མཛད་པ་ལགས།


འོ་བྱས་རེ་ཏི་ཏོས་ཀྱིས་ཨེན་མ་ལས་ཀ་དེ་འགོ་བཙུགས་ཙ་བྱས་རེ། ད་ཁྱེད་ཀྱ་ཡི་ཁོག་ཏུ་ཐུགས་རྗེའི་ལས་ཀ་དེ་སྒྲུབ་དགོས་གུ་ལགས་སྨྲས་རེ། འེ་ཀྱ་ཡིས་ཁོ་ལ་ལྕག་བརྒྱབ་པའི།


ཁྱེད་ཀྱི་ཕྱིར་ལ་ངས་མྱངས་ཀྱིན་སྡུག་པོ་དེ་ཁྱེད་ཀྱ་ལ་ཕན་ཡས་ལ་ལགས། འོ་བྱས་རེ་ཁྱེད་ཀྱ་སེམས་ཤུགས་མ་ཆགས་སྨྲས་རེ་ང་ཞུ་བ་འབུལ་ལ་ཡིན།


དེ་ནས་ནམ་ཡིན་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ཐོག་ནས་གི་རིའི་ཕྱིར་ལ་ཡབ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས།


དེ་ནས་དམ་པའི་ཐུགས་ཉིད་ལ་བརྟེན་ཏེ་དུས་རྟག་ཏུ་སྨོན་ལམ་དང་རེ་འབོད་ཞུས། དོན་དེ་སེམས་ལ་ཟིམ་ཏེ། ཐང་མེད་ཆད་ད་གཟབ་གཟབ་བྱས་རེ་དམ་པ་མི་གི་རིའི་ཆེད་དུ་སྨོན་ལམ་ཞུས།


ཁྱེད་ཀྱ་ལ་དྲན་དེ་གང་ལ་ང་ནམ་ཡིན་ན་ངའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་འོད།


གིན་གྱི་ཐོག་ལ་སྡུག་ང་མ་བྱེད། ཡིན་ནའང་གནས་ཚུལ་གི་རི་ལ་བཀའ་དྲིན་ཆེ་ཞུས་རེ། སྨོན་ལམ་དང་ཞུ་བ་ཡི་ཐོག་ནས་ཁྱེད་ཀྱ་ལ་དགོས་ཀྱིན་གི་རི་དཀོན་མཆོག་ལ་ཞུས།


དེ་ནས་འི་ཀིས་ཁྱེད་ཀྱ་ལ་བརྩེ་བ་བྱེད་ཀྱིན་ཅོག་རེ། གཙོ་བོས་ཁྱེད་ཀྱ་ལ་གཅིག་གིས་གཅིག་ལ་བརྩེ་བ་དང་། མི་གི་རི་མུ་ལ་བརྩེ་བ་འཕེལ་རེ་མོད་ཆོ་ལི་མཛད་ད་ཤོག


སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ཡི་ཕྱིར་ལ་འེ་ཀྱ་ཙོག་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས་ལི། དེ་ནས་འདི་ཞུ་དགོས་ཡས་འདུག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དད་པ་དམི་ཅིག་གི་འཕེལ་འདུག དེ་ནས་ཕན་ཚུན་ཀྱ་ནང་དུའང་བརྩེ་བ་ཆེ་རུ་འགྲོའི།


ཁོང་པ་ཡིས་ཐུགས་དགོངས་གོ་མི་གི་རི་སྐྱོབ་ཡས་དང་བདེན་པ་ཡི་ཤེས་ཡོན་ལ་འོང་ཡས་ལགས།


ལྟ་རྟོག་བྱེད་མཁན་མེད་ཀྱིན་དངོས་གནས་ཡུག་ཟ་མ་དང་། མོ་རང་མ་གཅིག་ཀ་ལས་མཁན་གྱིས་དཀོན་མཆོག་ལ་རེ་བ་བཞག་བ་ལགས། དེ་ནས་ཉིན་མཚན་རེ་འབོད་ཞུ་ལ་ལགས། དེ་ནས་གསོལ་བ་བརྒྱབ་བ་ལགས།


དེ་ནས་གཙོ་བོའི་ཞབས་ཕྱི་བ་འཁྲུག་ཙ་ར་འོང་ཡས་མེད་ད་ལགས། ཡིན་ནའང་གི་རི་ལ་སྙིང་རྗེ་བྱེད་ཀྱིན་དང་། བསླབས་ཐུབ་ཀྱིན། དེ་ནས་བཟོད་པ་སྒོམ་ཐུབ་ཀྱིན།


དཀོན་མཆོག་གི་ཐུགས་རྗེ་མི་གི་རིའི་ཐར་པ་ཡི་དོན་ལ་བྱུང་བ་ལགས།


སུའི་སྐོར་ལ་ལབ་ངན་པ་མ་བཤད། དེ་ནས་སྡུག་ག་མ་བཏང་། དེ་ནས་འཇམ་པོ་དང་སྤྱོད་བཟང་ང་བདེན་པ་སྟོན་སྨྲས་རེ་ཁོང་ཀྱ་ལ་ཤོད།


ཁྱེད་ཀྱིས་རེ་བ་བྱས་བྱ་གོ་དངོས་གནས་སྒྲུབ་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་རེ་རེ་ཡིས་མཐའ་ཐུག་པའི་དེ་རེ་རང་བྱས་རེ་བརྩོན་འགྲུས་བྱེད་ད་ཤོག་སྨྲས་རེ་འེ་ཀྱ་འདོད་འདིག་འོད།


འོ་བྱས་རེ་དྲག་གསོ་ཐོབ་ཡས་ཀྱི་ཕྱིར་ལ་ཕན་ཚུན་གུང་དུ་རང་གི་སྡིག་པ་ཁས་ལེན་བྱེད། དེ་ནས་གཅིག་གིས་གཅིག་ལ་སྨོན་ལམ་རྒྱོབ། མི་དྲང་པོ་གཅིག་གིས་སྨོན་ལམ་ཤུགས་ཆེ་དང་ཕན་ཆེ་འོད་ད་ལགས།


Lean sinn:

Sanasan


Sanasan