Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 1:9 - གློ་བ།

9 དེ་ཤེས་རེ་ཆོས་ཁྲིམས་དེ་མི་དྲང་པོའི་ཕྱིར་ལ་མིན་ད་ཁྲིམས་གཏོར་མཁན་དང་། ཁ་ལ་མེད་ཉིན་མཁན། དེ་ནས་ཆོས་མི་རྩི་མཁན་ཀྱ་དང་། སྡིག་ཅན་ཀྱ། དེ་ནས་དམ་པ་མེད་མཁན་དང་། ཆོས་ལ་དོ་སྣང་མི་བྱེད་མཁན་ཀྱ། དེ་ནས་ཕ་མ་བསད་མཁན་ཀྱ་དང་། མི་བསད་མཁན་ཀྱ།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 1:9
45 Iomraidhean Croise  

སྤུན་གཅིག་གིས་རང་གི་སྤུན་གཞན་མ་ལ་བསད་དུ་བཅུག་གི་ལགས། དེ་ནས་ཨ་རྒས་ཀྱིས་རང་གི་ཕྲུ་ལ། དེ་ནས་ཕྲུ་བ་ཀྱ་ཕ་མའི་རྒྱབ་ལ་ལངས་ཀྱི་ལགས། དེ་ནས་ཁོང་ཀྱ་ལ་བསད་དུ་བཅུག་གི་ལགས།


དང་སྨད་སྤྲ་པབ་ཀྱིན་དང་། དཀོན་མཆོག་ལ་སྡང་ང་བྱེད་ཀྱིན་དང་། མི་ལ་བརྙས་བཅོས་བཤད་ཀྱིན་དང་། ང་རྒྱལ་ཅན་དང་། རང་བསྟོད་བྱེད་ཀྱིན་འོད་ད་ལགས། ཁོང་ཀྱ་ངན་པ་བྱེད་ཡས་ཀྱི་ཐབས་ཤེས་བཙལ་གྱིན་དང་། རང་གི་ཕ་མ་ལ་མི་རྩི་གིན།


ཨབ་ར་ཧམ་ནི་འཇིག་རྟེན་གྱི་རྒྱུད་འཛིན་འབྱུང་གི་ལགས་གསུངས་རེ། དཀོན་མཆོག་གིས་ཨབ་ར་ཧམ་དང་ཁོང་གི་བུ་རྒྱུད་ཀྱ་ལ་དམ་བཅའ་མཛད་ཛ་གོ། ཆོས་ཁྲིམས་སྲུང་གིན་གྱི་ཐོག་ནས་མ་ལགས། ཡིན་ནའང་དད་པ་ནས་འབྱུང་གིན་དྲང་བདེན་ནས་ལགས།


སྡིག་པ་འཕེལ་རུ་བཅུག་ཡས་ཀྱི་ཆེད་དུ་ཆོས་ཁྲིམས་གནང་བ་ལགས། ཡིན་ནའང་སྡིག་པ་འཕེལ་ས་རུ་དཀོན་མཆོག་གི་ཐུགས་རྗེ་ཡོལ་ལེ་མང་ང་འཕེལ་བ་ལགས།


ད་སྡིག་པས་ཁྱེད་ཀྱ་ལ་དབང་བྱེད་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཆོས་ཁྲིམས་ཀྱི་དབང་འོག་ཏུ་མིན་ད། ཐུགས་རྗེའི་དབང་འོག་ཏུ་འོད་ད་ལགས།


ད་ཧ་ན་ཆོས་ཁྲིམས་གནང་གིན་གྱི་དོན་གོ་གི་ལེ། དམ་བཅའ་གནང་ན་སྲས་འདི་མ་ཕེབས་ཀྱིན་ཐུག་པའི། ཉེས་སྐྱོན་ཀྱ་སྟོན་ཡས་ཕྱིར་ལ་དཀོན་མཆོག་གི་བང་ཆེན་ཀྱ་ཡིས་བར་མི་གཅིག་གི་ཐོག་ནས་ཆོས་ཁྲིམས་གནང་ང་མཛད་པ་ལགས།


ཡིན་ནའང་ཁྱེད་ཀྱ་དམ་པའི་ཐུགས་ཉིད་ཐོག་ནས་འཁྲིད་བ་མཛད་ན། ཁྱེད་ཀྱ་ཆོས་ཁྲིམས་ཀྱི་དབང་གི་འོག་ཏུ་མེད་ད་ལགས།


སྙིང་ནག་དང་། ར་བཟི་གིན་དང་། སྤྱོད་པ་མེད་ཀྱིན་བཞུགས་གྲལ་དང་། དེ་རེ་ཅོག་རེ་ལས་ཀ་ཀྱ་ལགས། དེ་རེ་བྱེད་མཁན་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་རྒྱུད་འཛིན་ཐུབ་ཀྱི་མ་ལགས་སྨྲས་རེ་ངས་ཨེན་ལ་ཁྱེད་ཀྱ་ལ་སྨྲས་བའི། དེ་ནས་ད་ལྟའང་སྨྲ་ཡིན།


ཉམ་ཆུང་དང་། རང་ཚོད་ཟིམ་གྱིན་ལགས། དེ་ཀྱ་ལ་མི་མཐུན་གྱིན་ཆོས་ཁྲིམས་མེད་ད་ལགས།


དེ་ནས་ཁྲིམས་ནས་འབྲལ་མཁན་མི་འདི་སྟོན་གྱི་ལགས། དེ་ནས་གཙོ་བོ་ཡེ་ཤུ་ཡིས་རང་གི་ཞལ་གྱི་དབུགས་ཀྱིས་ཁོ་ལ་བསད་ཀྱི་ལགས། དེ་ནས་ཁོང་པ་ཕེབས་ཀྱིན་གྱི་དབང་གིས་ཁོ་ལ་མེད་ད་ལ་བཏང་གི་ལགས།


ཆོས་མེད་ཀྱིན་དང་ཁུངས་ལུང་མེད་ཀྱིན་གཏམ་ཀྱ་ནས་འཛེམ་ཏེ་སྡོད། ཡིན་ནའང་ཆོས་བྱེད་ཡས་ལ་སྦྱོངས།


ཏི་མོ་ཐེའུ་བོ། ཁྱོད་ལ་བཅོལ་གྱིན་གོ་སྲུངས་ཤིག། དེ་ནས་མི་ཀྱ་ཡིས་ཟོག་པོ་སྨྲས་རེ་ཤེས་རབ་བསམས་ཀྱིན་ཆོས་ལ་མི་མཐུན་གྱིན་ལབ་དང་ཆོ་མེད་ཀྱིན་རྩོད་པ་ཀྱ་ནས་འཛེམ།


ཆོས་ལ་མི་མཐུན་གྱིན་ལབ་ཀྱ་ནས་འཛེམ། གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ཡིས་མི་ཀྱ་ལ་དཀོན་མཆོག་ནས་ཐག་རིང་ང་འཁྲིད་ཀྱི་ལགས།


གི་བྱས་རེ་སྨྲ་ན་མི་ཀྱ་རང་ལ་ཆགས་ཀྱིན་དང་དངུལ་ལ་ཆགས་ཀྱིན། སྤོབས་པ་ཆེ་དང་ང་རྒྱལ་ཅན། ཚིག་རྩུབ་བ་སྨྲ་མཁན་དང་ཕ་མ་ལ་མི་བརྩིས་མཁན། དྲིན་མི་དྲན་མཁན་དང་ཆོས་ལ་མི་བརྩིས་མཁན།


མི་མང་ཆེ་གཞན་མ་ཡི་འོག་ལ་མེད་བསྡད་ཀྱིན་དང་། དོན་དོག་མེད་ཀྱིན་ལབ་བཏང་གིན་དང་། མགོ་སྐོར་གྱིན་འོང་ང་ལགས། འོ་དེ་ཀྱ་ཡི་ཁོག་ནས་མང་ཆེ་ལྤགས་བོ་བཅད་ཀྱིན་སྲོལ་བྱེད་དགོས་ཀྱི་ལགས་སྨྲ་གིན་མི་ཀྱ་ལགས།


མི་འོ་དེ་རེ་ཀྱ་དཀོན་མཆོག་ལ་ངོ་ཤེས་ཡས་འོད་སྨྲ་ལགས། ཡིན་ནའང་ཁོང་ཀྱ་ཡི་ལས་ཀ་ཀྱ་ཡིས་དཀོན་མཆོག་ལ་མཁས་ལེན་གྱིན་གོ་མེད་སྟོན་ད་ལགས། ཁོང་ཀྱ་དམི་ཅིག་གི་ཨམ་ལོག་བ་དང་། ཁ་ལ་མེད་ཉན་གྱིན་དང་། ལས་ཀ་བཟང་པོ་གི་རི་ལ་ཕན་མེད་ཐོགས་ཀྱིན་འོང་ང་ལགས།།


འགོ་ཁྲིད་གོ་སྐྱོན་མེད་ཀྱིན་དང་། སྐྱེས་དམན་གཅིག་འོད་ཀྱིན་ཁྱོ་ག་འོང་དགོས་ཀྱི་ལགས། དེ་ནས་ཁོའི་ཕྲུ་བ་ཀྱ་དད་པ་བྱེད་ཀྱིན་དང་། སྤྱོད་པ་དགའ། དེ་ནས་ཁ་ལ་ཉན་གྱིན་འོང་དགོས་ཀྱི་ལགས།


ཐེངས་གཅིག་ལ་འོ་རང་ཀྱའང་བླུན་པོ་དང་། ཁ་ལ་མེད་ཉན་གྱིན་དང་། མགོ་འཁོར་ཏེ་བསྡད་ད་དང་། འདོད་པ་དང་འདོད་ངན་སྣ་ཚོགས་ཀྱི་དབང་དུ་ཤོར་ཤ་དང་། དམི་ཅིག་གི་ངན་པ་དང་ཕྲག་དོག་གིས་ཁངས་ཁ་འོད་ད་ལགས། མི་གི་རི་ཡིས་འོ་རང་ལ་སྡང་ང་བྱས་བ་ལགས། དེ་ནས་འོ་རང་ནང་དུ་གཅིག་གིས་གཅིག་ལ་སྡང་ང་བྱས་བ་ལགས།


དད་པའི་སྒོ་ནས་གཞང་འཚོང་མ་ར་ཧབ་ཀྱིས་མི་སོ་བ་ཀྱ་ལ་ག་མོ་མ་བྱས་རེ་ཕེབས་བསུ་ཞུས་ཞ་བྱས་རེ། བཀའ་ལ་མེད་ཉན་མཁན་ཀྱ་མུ་ལ་མོ་མ་ཤི་བ་ལགས།


དེ་ནས་སུའང་ཚག་གཅིག་གི་ཟ་མའི་ཆེད་དུ་རང་བི་ཛ་ཆེ་ཡིན་གྱིན་གྱི་ཐོབ་ཐང་གོ་བཙོང་གིན་ཨེ་སའུ་ཅོག་རེ། ལོག་གཡེམ་པ་དང་ཆོས་མེད་ཀྱིན་མ་འབྱུང་བར་ཤོག།


འོ་བྱས་རེ་ཁྱེད་དད་པ་བྱེད་མཁན་ཀྱ་ཡི་ཆེད་དུ་ཁོང་རྩ་ཆེ་ལགས། ཡིན་ནའང་དད་པ་མི་བྱེད་མཁན་ཀྱ་ཡི་ཆེད་དུ། རྩིག་དཔོན་ཀྱ་ཡིས་སྤངས་པ་རྡོ་གོ། ཟུར་རྡོ་བྱུང་འདུག


ཁོང་ཀྱ་ནི་ནོ་ཨ་ཡིས་གྲུ་གཟིངས་བཟོ་གིན་དུས་ལ་དཀོན་མཆོག་གིས་བཟོད་པ་བྱས་རེ་སྒུག་མཛད་ཀྱིན་གང་ལ། བཀའ་ལ་མེད་ཉན་གྱིན་མི་ཀྱ་ལགས། འོ་དེ་གྲུ་གཟིངས་ནང་ལ་ཆུ་ལོག་ནས་མི་བརྒྱད་མ་ན་མ་ཐར་པ་ལགས།


དེ་ནས་གསུང་རབ་ལ་དེ་རེ་གསུངས་འོད་ད་ལགས། དྲང་བདེན་ཀྱ་ཡི་ཐར་པ་ལ་གག་བ་འོད་ན། མེད་དྲང་ང་དང་སྡིག་ཅན་ཀྱ་ལ་གི་འབྱུང་བའི་འོད་གྲོ་བའི།


དེ་ནས་གི་རི་ལ་ཁྲིམས་གཅོད་མཛད་ཡས་དང་། ཆོས་མེད་ཀྱིན་མི་གི་རི་ཡིས་བྱས་བྱ་ཆོས་ལ་མི་མཐུན་གྱིན་ལས་ཀ་གི་རི་དང་། ཆོས་མེད་ཀྱིན་མི་ཀྱ་ཡིས་ཁོང་པ་ཡི་སྐོར་ལ་ཚིག་རྩུབ་བ་སྨྲ་གིན་གི་རིའི་ཕྱིར་ལ་ཆད་པ་མཛད་ཡས་ལ་ཁོང་པ་ཕེབས་ཀྱི་ལགས།


ཡིན་ནའང་སྙིང་ཆུང་ང་ཀྱ་དང་། དད་པ་མེད་ཀྱིན་ཀྱ་དང་། ཨམ་ལོག་བ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། ངན་སྔགས་བརྒྱབ་མཁན་ཀྱ་དང་། ལྷ་སྐུ་འདྲ་མཆོད་མཁན་ཀྱ་དང་། ཟོག་བཤད་མཁན་ཀྱ་གི་རིའི་སྐལ་ད་གོ་མེ་དང་མུ་ཟི་འབར་གྱིན་མཚོ་ལགས། དེ་ནི་འཆི་བ་གཉིས་བ་གོ་ལགས།


རྒྱལ་སའི་ཕི་ལ་ཁྱི་ཀྱ་དང་། ངན་སྔགས་བྱེད་མཁན་ཀྱ་དང་། ལོག་གཡེམ་པ་ཀྱ་དང་། སྲོག་བཅད་མཁན་ཀྱ་དང་། ལྷ་སྐུ་འདྲ་ཀྱ་མཆོད་མཁན་ཀྱ་དང་། ཟོག་བཤད་ཡས་ལ་འཐད་མཁན་ཀྱ་དང་། འོ་དེ་ཅོག་རེ་བྱེད་མཁན་ཀྱ་འོད་ད་ལགས།


Lean sinn:

Sanasan


Sanasan