Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 1:5 - གློ་བ།

5 འོ་རི་བསླབ་བྱ་ཡི་དམིགས་ཡུལ་ནི་སེམས་གཙང་མ་དང་། ཤེས་རབ་བཟང་པོ་དང་། བདེན་པའི་དད་པ་ནས་འབྱུང་གིན་བྱམས་པ་ལགས།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 1:5
43 Iomraidhean Croise  

མི་བཟང་ང་ཡིས་རང་གི་སེམས་ནང་དུ་འོད་ཀྱིན་བཟང་ང་ནས་བཟང་ང་བཏོན་ད་ལགས། དེ་ནས་མི་ངན་པ་ཡིས་སེམས་ནང་དུ་འོད་ཀྱིན་ངན་པ་ནས་ངན་པ་བཏོན་ད་ལགས།


སེམས་དག་པ་འོད་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་དཀོན་མཆོག་ལ་མཇལ་གྱི་ལགས།


དེ་ནས་ཁོང་ཀྱ་ཡི་དད་པ་ཡིས་བྱས་རེ་ཁོང་ཀྱ་ཡི་སྡིག་པ་གོའང་དཀོན་མཆོག་གིས་གཙང་མ་བཟོས་མཛད་པ་ལགས། ཁོང་པ་ཡིས་ཁོང་ཀྱ་དང་འོ་རང་ལ་གཅིག་ཅོག་རེ་བརྩིས་བཏང་མཛད་ད་ལགས།


པའུ་ལུ་ཡིས་ཚོགས་འདུ་ཕྱོགས་ལ་ཤ་རེ་བལྟས་རེ་སྨྲས་བ་ལགས། སྤུན་ཀྱ་བོ། ད་ལྟ་ཐུག་པའི་དཀོན་མཆོག་གི་གདོང་དུ་ངས་ཤེས་བཟང་གཙང་མའི་སྒོ་ནས་མི་ཚེ་པུད་འོད།


འོ་བྱས་རེ་ང་དཀོན་མཆོག་དང་མི་ཀྱ་གདོང་དུ་ནོར་འཁྲུལ་མི་བྱེད་ད། སེམས་བཟང་པོ་བྱས་རེ་བསྡད་ཡས་ཀྱི་ཤུགས་བྱེད་འདིག་འོད།


གི་བྱས་རེ་སྨྲ་ན་དད་པ་བྱེད་མཁན་གི་རི་དཀོན་མཆོག་གི་དྲུང་དུ་དྲང་པོ་རྩི་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཡིས་ཆོས་ཁྲིམས་ཀྱི་དོན་དག་གོ་བསྒྲུབས་པར་མཛད་པ་ལགས།


བྱམས་པ་གོ་དྲང་པོ་འོང་དགོས། ངན་པ་གོ་ལ་སྡང་ང་བྱེད། དེ་ནས་བཟང་ང་གོ་ལ་གནས་ཏེ་སྡོད།


ད་ཁྱོས་གི་ཟ་གིན་གྱིས་ཁྱོའི་སྤུན་གྱི་སེམས་འཁྲུགས་དུ་བཙུགས་ན། ཁྱོས་དེ་བྱམས་པའི་ཐོག་ནས་མི་བྱེད་ད་ལགས། སྤུན་འདིའི་ཆེད་དུ་མཱ་ཤི་ཀ་གྲོངས་གྲ་བྱས་རེ་ཁྱེད་ཀྱ་ཡིས་ཟ་གིན་གྱིས་ཁོ་ལ་མེད་ད་ལ་འགྲོ་རུ་མ་ཆུག།


མཱ་ཤི་ཀའི་ནང་ང་བདེན་པ་སྨྲིས་འོད། ང་ཟོག་སྨྲ་མིན། ངའི་ཤེས་བཟང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ང་ལ་བདེན་དཔང་བྱེད་འདིག།


ངས་མི་ཀྱ་དང་ནམ་མཁའི་བང་ཆེན་ཀྱ་ཡི་སྐད་རིགས་ལ་ལབ་བཏང་ནའང་། ཡིན་ནའང་ངའི་ནང་བྱམས་པ་མེད་ན། ང་སྒྲ་སྐད་བརྒྱབ་ཀྱིན་རྔ་ཡང་ན་ཏིང་སྒྲ་སྟོན་གྱིན་རོལ་མོ་གཅིག་ཅོག་རེ་ལགས།


འི་ཀིས་ངོམ་གསོ་བྱེད་ཡས་ཀྱི་དོན་ནི། འདི་འཇིག་རྟེན་གྱི་མི་ཀྱ་མུ་ལ་འི་ཀི་སྤྱོད་པ་དང་དམིགས་བསལ་དུ་ཁྱེད་ཀྱ་མུ་ལ་འི་ཀི་འབྲེལ་བ་ནི། དཀོན་མཆོག་ནས་འབྱུང་གིན་སེམས་དྲང་པོ་དང་གཙང་མ་ཐོག་ནས་ཡིན་གྱིན་གོ་འི་ཀི་ཤེས་ཡོན་གྱིས་རང་དཔང་པོ་བྱེད་ད་ལགས། དེ་ནི་འཇིག་རྟེན་གྱི་ཤེས་རབ་ཀྱི་ཐོག་ནས་མིན་ད། དཀོན་མཆོག་གི་ཐུགས་རྗེ་ཐོག་ནས་བྱུང་བ་ལགས།


ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཀྱ་བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། བཟོད་པ་དང་། སྙིང་རྗེ་དང་། བཟང་པོ་དང་། བློ་བཀལ་ཐུབ་ཀྱིན་དང་།


གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ་ལྤགས་བོ་བཅད་ཀྱིན་སྲོལ་བརྩིས་མཁན་ཡིན་ན་ལགས། མི་བརྩིས་མཁན་ཡིན་ན་གིའང་ཕན་མེད་ད་ལགས། ཡིན་ནའང་བྱམས་པ་ཡི་ཐོག་ནས་ལས་ཀ་བྱེད་ཀྱིན་དད་པ་གཅིག་ཀ་ཕན་ཐོགས་བ་ལགས།


ངའི་བི་ཛ་ཏི་མོ་ཐེའུ། ཁྱོའི་སྐོར་ལ་ཨེན་མ་མངོན་ཤེས་ཀྱིན་ཚིག་ཀྱ་ལ་བལྟས་རེ། ང་ཁྱོད་ལ་བཀའ་འདི་བློ་བཀལ་རེ་སྐུལ་ལ་ཡིན། འོ་དེ་ཚིག་ཀྱ་ལ་ཁ་ལ་མཉན་ཏེ་དང་། རང་གི་དད་པ་དང་། ཤེས་རབ་བཟང་པོ་ལ་རྟེན་ཏེ་དམག་བཟང་པོ་ཐྲོབ།


རིང་འགའ་ཡིས་རང་གི་ཤེས་རབ་བཟང་པོ་ལ་མེད་ཉན་ད་རང་གི་དད་པ་རང་མེད་ད་ལ་བཏང་བ་ལགས།


ཁོང་ཀྱ་དད་པ་ཡི་གསང་བ་གོ་ལ་ཤེས་རབ་བཟང་པོའི་ཐོག་ནས་སྲུང་དགོས་གུ་ལགས།


ངས་ཉིན་མཚན་གྱི་སྨོན་ལམ་ལ་ཁྱོད་ལ་ཙོག་བའི་དྲན་གསོ་བྱེད་འདིག་གང་ལ། ང་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་ལི་འོད། ངའི་དང་པོའི་ཕ་མ་ཅོག་རེ་ཁོང་པ་ལ་ང་ཤེས་རབ་བཟང་པོའི་ཐོག་ནས་ཞབས་ཕྱི་ཞུ་ལི་འོད།


ཁྱོའི་དད་པ་དྲང་པོའི་དྲན་གསོ་ང་ལ་བྱུང་སོང་། དད་པ་འདི་ཨེན་མ་ཁྱོའི་ཨི་བི་ལོ་ཨིས། དེ་ནས་ཁྱོའི་ཨ་མ་ཨིའུ་ནི་ཀེའི་ནང་དུ་འོད་ཀྱིན་གོ་ཁྱོའི་ནང་དུའང་འདུག་སྨྲས་རེ་ང་ལ་ཡིད་ཆེས་བརྟན་པོ་འོད།


འོ་བྱས་རེ་གཞོན་ནུའི་འདོད་ཆགས་ཀྱ་སྤོངས། དེ་ནས་སེམས་གཙང་མ་ཡི་ཐོག་ནས་གཙོ་བོའི་མཚན་བརྗོད་མཁན་ཀྱ་མུ་ལ། དྲང་བདེན་གྱི་མི་ཚེ་དང་། དད་པ་དང་། བྱམས་པ་དང་། ཞི་བདེའི་དམིགས་ཡུལ་འཚོལ།


སེམས་གཙང་མ་འོད་ཀྱིན་གྱི་ཆེད་དུ་གི་རི་གཙང་མ་འོང་ང་ལགས། ཡིན་ནའང་སེམས་མེད་གཙང་ང་འོད་ཀྱིན་དང་། དད་པ་མི་བྱེད་མཁན་ཀྱ་ཡི་ཆེད་དུ་གིན་ད་གཙང་ང་མེད་ཡོང་ང་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་བསམ་བློ་དང་སེམས་རང་མེད་དྲང་ང་འོང་ང་ལགས།


འོ་རི་སེམས་ནང་གི་བསམ་བློ་ངན་པ་ཀྱ་མཱ་ཤི་ཀའི་སྐུ་ཁྲག་གཏོར་ཏེ་དག་ད་དང་། འོ་རི་ལུས་ཆུ་གཙང་མ་ཡིས་ཁྲུས་རེ། འོ་རང་སེམས་དྲང་པོ་དང་ཡིད་ཆེས་བརྟན་པོ་ཡིས་ཁངས་རེ། འོ་རང་དཀོན་མཆོག་གིས་དྲུང་དུ་འགྲོའོ།


འི་ཀི་ཆེད་དུ་སྨོན་ལམ་རྒྱོབ། དེ་ནས་འེ་ཀྱའི་ཤེས་བཟང་གསལ་བོ་དང་། དོན་གི་རི་ལ་འི་ཀིས་དྲང་པོ་བྱེད་ཡས་ཀྱི་འདོད་པ་འོད་ཀྱིན་གོ་འེ་ཀྱ་ལ་ཏེན་ཏེན་ཤེས་ཡས་འོད།


འོ་རང་གསོན་པོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་ཐུབ་ཡས་ཀྱི་ཆེད་དུ། མཱ་ཤི་ཀའི་སྐུ་ཁྲག་གིས་འོ་རི་ཤེས་བཟང་ལ་སྡིག་པའི་ལས་ཀྱ་ནས་དེ་ལས་ལྷག་གཙང་མ་བཟོ་ཐུབ་ཀྱི་མ་ལེ། གི་བྱས་སྨྲ་ན་མཐའ་མེད་པའི་ཐུགས་ཉིད་ཀྱི་ནུས་མཐུའི་སྒོ་ནས་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ། མཱ་ཤི་ཀའི་རང་ལ་ཡང་དག་པའི་དམར་མཆོད་ཅོག་རེ་དཀོན་མཆོག་ལ་ཕུལ་པ་ལགས།


ཁྱེད་ཀྱ་དཀོན་མཆོག་གི་ཉེ་ལ་ཤོག། དེ་ནས་ཁོང་པ་ཁྱེད་ཀྱི་ཉེ་རུ་ཕེབས་ཀྱི་ལགས། སྡིག་ཅན་ཀྱ་བོ། རང་གི་ལག་པ་གཙང་མ་བཟོས། བསམ་བློ་གཉིས་བཏང་མཁན་ཀྱ་བོ། རང་གི་སེམས་གཙང་མ་བཟོས།


དཀོན་མཆོག་གི་བདེན་པའི་བཀའ་ལ་རྩི་གིན་གྱི་སྒོ་ནས། ཁྱེད་ཀྱ་ཡིས་རང་གི་སེམས་གཙང་མ་བཟོས་འོད་ད་ལགས། འོ་བྱས་རེ་སྤུན་ཀྱ་ལ་ནམ་པ་དག་པོ་བརྩེ་བ་བྱེད། དེ་ནས་གཅིག་གིས་གཅིག་ལ་སེམས་གཏིང་ནས་རང་བརྩེ་བ་བྱེད།


བསམ་བློ་རྣམ་པ་དག་པའི་སྒོ་ནས་བྱེད་དགོས། དེ་རེ་བྱེད་ན་མཱ་ཤི་ཀ་ནང་འོད་ཀྱིན་ཁྱེད་ཀྱི་སྤྱོད་པ་བཟང་ང་ལ་སྨད་སྤྲ་པབ་མཁན་ཀྱ། རང་གི་སྨད་སྤྲ་ཡིས་རང་ངོ་ཚ་རུ་བཅུག་གི་ལགས།


ཆུ་འདི་ནི་ཁྱེད་ཀྱ་ལ་ད་ལྟ་སྐྱོབ་ཀྱིན་ཁྲུས་གསོལ་གྱི་རྟགས་ལགས། འདི་ནི་ལུས་ཀྱི་དྲི་མ་འཁྲུད་ཀྱིན་ཅོག་རེ་མ་ལགས། ཡིན་ནའང་བསམ་བློ་ནམ་པ་དག་པ་ཡི་ཕྱིར་ལ་དཀོན་མཆོག་གི་དྲུང་དུ་དམ་བཅའ་གཅིག་ལགས། ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོ་འགྱུར་གྱིན་གྱི་ཐོག་ནས་ཁྲུས་གསོལ་གྱིས་ཁྱེད་ཀྱ་ལ་སྐྱོབ་ཀྱི་ལགས།


དེ་གི་རི་ནས་གལ་ཆེ་ཤོས་གོ་ཁྱེད་ཀྱ་གཅིག་གིས་གཅིག་ལ་སེམས་གཏིང་ནས་བྱམས་པ་བྱེད། གི་བྱས་རེ་སྨྲ་ན་བྱམས་པ་ཡིས་སྡིག་པ་མང་ང་ལ་བཀབ་ཐུབ་བ་ལགས།


དེ་ནས་ཆོས་སེམས་ལ་སྤུན་ཀྱ་ལ་བྱེད་ཀྱིན་བྱམས་པ། དེ་ནས་སྤུན་ཀྱ་ལ་བྱེད་ཀྱིན་བྱམས་པ་ཁར་ལ་གི་རི་ལ་བྱེད་ཀྱིན་བྱམས་པ་གོ་སྣོན་ག་རྒྱོབ།


དྲང་པོ་ཡིན་གྱིན་གོ་མི་བྱེད་ཀྱིན་དང་རང་གི་སྤུན་ཀྱ་ལ་བྱམས་པ་མི་བྱེད་ཀྱིན་སུའང་དཀོན་མཆོག་གི་སྲས་དང་སྲས་མོ་མ་ལགས། འདིའི་སྒོ་ནས་རང་དཀོན་མཆོག་གི་སྲས་དང་སྲས་མོ་སུ་ཡིན་མཁན་དང་། བདུད་ཀྱི་ཕྲུ་བ་སུ་ཡིན་མཁན་གོ་འོ་རིས་ངོ་ཤེས་ལ་ལགས།


དེ་ནས་དཀོན་མཆོག་གི་བཀའ་ནི་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་འོ་རིས་དད་པ་བྱེད་དགོས་ཡས་དང་། ཁོང་གིས་འོ་རང་ལ་གནང་ན་བཀའ་ཁྲིམས་ཅོག་རེ། འོ་རང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་ཡས་ལགས།


དེ་ནས་ཁོང་པ་གཙང་མ་འོད་ཀྱིན་ཅོག་རེ་ཁོང་གི་ཁར་ལ་དེ་རེ་རེ་བ་བཞག་གིན་གི་རི་ཡིས་རང་ལ་གཙང་མ་བཞག་བ་ལགས།


Lean sinn:

Sanasan


Sanasan