Biblia Todo Logo
Bìoball air-loidhne

- Sanasan -




༡ ཏི་མོ་ཐེའུ། 1:15 - གློ་བ།

15 མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་ཀྱ་ལ་སྐྱོབ་ཡས་ལ་འཇིག་རྟེན་དུ་ཕེབས་པ་ལགས་སྨྲ་གིན་དེ། བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག། འོ་དེ་སྡིག་ཅན་ཀྱ་ནས་ང་གོ་གཙོ་ཡིན།

Faic an caibideil Dèan lethbhreac




༡ ཏི་མོ་ཐེའུ། 1:15
41 Iomraidhean Croise  

མོ་ནས་སྲས་གཅིག་འཁྲུང་གི་ལགས། དེ་ནས་ཁྱོས་ཁོང་པ་ཡི་མཚན་ལ་ཡེ་ཤུ་བཏགས་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་རང་གི་མི་ཀྱ་ལ་ཁོང་ཀྱ་ཡི་སྡིག་པ་ཀྱ་ནས་སྐྱོབ་ཀྱི་ལགས།


ཕྲུ་ཆུང་ང་དེ་ཀྱ་ནས་གཅིག་ལའང་མཐོང་ཆུང་མ་བྱེད། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། ནམ་མཁའི་ཞིང་ཁམས་དུ་ཁོང་ཀྱ་ཡི་བང་ཆེན་ཀྱ་ཡིས་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཞལ་ཙོག་བའི་མཇལ་ལ་ལགས།


[གི་བྱས་རེ་སྨྲ་ན་མིའི་བུ་སྟོར་ཏ་ཀྱ་ལ་སྐྱོབ་ཡས་ལ་ཕེབས་པ་ལགས།]


འོ་བྱས་རེ་མིའི་བུ་གོའང་ཞབས་ཕྱི་ལེན་དུ་འོངས་བ་མིན་ད། ཞབས་ཕྱི་ཞུ་རུ་འོང་བ་ལགས། དེ་ནས་མི་མང་ང་ཡི་ཐར་པ་ཡི་ཕྱིར་ལ་རང་གི་སྲོག་འབུལ་རུ་འོང་བ་ལགས།


སོང་། དེ་ནས་ང་མཆོད་པ་ལ་མིན་ད་སྙིང་རྗེ་དགའ་བའི་འོད་སྨྲ་གིན་གྱི་དོན་དག་གོ་ཧ་གོ་ར་བྱེད། གི་བྱས་རེ་སྨྲ་ན་ང་དྲང་བདེན་ཀྱ་ལ་མིན་ད་སྡིག་ཅན་ཀྱ་ལ་འབོད་རུ་འོངས་བ་ཡིན།


ཡེ་ཤུ་ཡིས་འདི་གསན་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། མི་ཐང་ང་ཀྱ་ལ་ཨེམ་རྗེ་མེད་དགོས་ཀྱི་ལགས། ཡིན་ནའང་ནད་པ་ཀྱ་ལ་དགོས་ཀྱི་ལགས། ང་མི་དྲང་བདེན་ཀྱ་ལ་མིན་ད་སྡིག་ཅན་ཀྱ་ལ་འབོད་རུ་འོངས་བ་ཡིན།


དེ་ནས་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཕག་སྡུང་དུང་རེ་སྨྲས་བ་ལགས། འདི་མི་དེ་སྡིག་ཅན་ཀྱ་ལ་བསུས་རེ་ཁོང་ཀྱ་མུ་ལ་ཟ་མ་ཟའི།


གི་བྱས་རེ་སྨྲ་ན་མིའི་བུ་ནི་སྟོར་ཏ་ཀྱ་ལ་ཡངས་ཡས་དང་སྐྱོབ་ཡས་ཀྱི་ཕྱིར་ལ་འོངས་བ་ལགས།


དེ་ནས་ང་དྲང་བདེན་ཀྱ་ལ་མིན་ད། སྡིག་ཅན་ཀྱ་ལ་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་ལ་འབོད་རུ་འོངས་བ་ཡིན།


ཡིན་ནའང་ཁོང་པ་ལ་ཁས་ལེན་ཏེ་ཁོང་པ་ཡི་མཚན་ལ་དད་པ་བྱས་མཁན་གི་རི་ལ་དཀོན་མཆོག་གི་སྲས་སྲས་མོ་འབྱུང་ཡས་ཀྱི་དབང་ཆ་གནང་བ་ལགས།


དེ་ནས་ཉིན་མ་གཤམ་མ་གོ་ཡོ་ཧ་ནན་གྱིས་ཡེ་ཤུ་ལ་རང་ཕྱོགས་ལ་ཕེབས་ཀྱིན་གོ་མཇལ་རེ་སྨྲས་བ་ལགས། ལྟོས་དང་། འཇིག་རྟེན་གྱི་སྡིག་པ་བསྣུམས་ཀྱིན་དཀོན་མཆོག་གི་ལུག་ཕྲུག་གོ་ཕེབས་འདུག།


ངའི་བཀའ་ཀྱ་མཉན་ཏེ་འོ་དེ་སྲུང་མཁན་ཀྱ་ལ་ང་ཁྲིམས་མེད་བཏང་། གི་བྱས་རེ་སྨྲ་ན་ང་འཇིག་རྟེན་དུ་སྐྱོན་འཛུགས་དུ་འོང་བ་མིན། ཡིན་ནའང་འཇིག་རྟེན་སྐྱོབ་ཡས་ཀྱི་ཕྱིར་ལ་འོང་བ་ཡིན།


སྲས་ལ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་བ་ལགས། སྲས་ལ་དད་པ་མི་བྱེད་མཁན་གྱིས་ཚེ་མེད་མཐོང་གི་ལགས། ཡིན་ནའང་དཀོན་མཆོག་གི་ཐུགས་ཁྲོ་ཁོའི་ཁར་ལ་གནས་ཏེ་བསྡད་ད་ལགས།།


དེ་ནས་སྐུ་ཚབ་ཀྱ་དང་ཡུ་དེ་ཡཱ་རུ་འོད་མཁན་ཀྱ་ཡིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་འང་། དཀོན་མཆོག་གི་བཀའ་ཁས་ལེན་བྱས་འདུག་སྨྲས་རེ་ཧ་གོ་པ་ལགས།


དེ་ནས་དེ་ཧ་གོ་སྟེ་ཁོང་ཀྱ་ཡིས་པེ་ཏྲོ་ལ་སྐྱོན་བཙུགས་ཡས་བོར་ཏེ་དཀོན་མཆོག་ལ་བསྟོད་པ་འདི་རེ་ཕུལ་བ་ལགས། ད་ཧ་ན་དཀོན་མཆོག་གིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལའང་ཁོ་རི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། མཐའ་མེད་པའི་ཚེ་སྲོག་འཐོབ་ཡས་ཀྱི་གོ་སྐབས་གནང་འདུག


ཁྱེད་ཀྱ་ལ་ཁྱེད་རི་བྱ་བ་ངན་པ་ནས་ལོག་སྟེ་འོ་དེ་བྱིན་རླབས་གནང་ཡས་ལ། དཀོན་མཆོག་གིས་རང་གིས་བདམས་ད་ཞབས་ཕྱི་བ་ཡེ་ཤུ་ལ་འགོ་མ་ཁྱེད་ཀྱ་རྩ་རུ་བརྫངས་བ་ལགས།།


དེ་རེ་བྱས་ཀྱིན་གྱི་ངའི་རེ་བ་ནི་ང་རང་གི་ཡ་ཧུ་དཱ་པ་མི་རིགས་ཀྱ་ལ་ཕྲག་དོག་ལངས་དུ་བཅུག་ཡས་དང་། ཁོང་ཀྱ་ནས་རིང་འགའ་ལ་སྐྱོབ་ཐུབ་ཡས་ལགས།


འོ་རང་ཐབས་སྐྱོ་བ་འོད་དེ་གང་ལ་རང་། མཱ་ཤི་ཀ་སྡིག་ཅན་ཀྱ་ཡི་ཆེད་དུ་དཀོན་མཆོག་གིས་བདམས་མ་མཛད་ཛ་དུས་ཏིག་ཏིག་གོ་ལ་གྲོངས་ང་མཛད་པ་ལགས།


གི་བྱས་རེ་སྨྲ་ན་སྐུ་ཚབ་ཀྱ་གི་རི་ནས་ང་དམའ་ཤོས་གོ་ཡིན། དེ་ནས་ང་སྐུ་ཚབ་སྨྲས་རེ་མིང་བཞེས་རིན་ཁ་ཡས་མེད། གི་བྱས་རེ་སྨྲ་ན་ངས་དཀོན་མཆོག་གི་ཆོས་ཚོགས་ལ་སྡུག་པོ་བཏང་བའི།


ང་དཀོན་མཆོག་གི་དམ་པ་མི་ཀྱ་ནས་དམའ་ཤོས་གོ་ཡིན་ནའང་། མཱ་ཤི་ཀའི་གྲངས་མེད་ཀྱི་གཟི་བརྗིད་ཀྱི་གཏམ་བཟང་གོ་ཡ་ཧུ་དཱ་པ་མིན་གྱིན་ཀྱ་ལ་བཤད་ཡས་དང་། དེ་ནས་གི་རི་བཀོད་གནང་མཁན་དཀོན་མཆོག་གིས་ཨེན་མ་དུས་རབས་ནས་སྦས་རེ་བཞག་མཛད་ཛ་གསང་བ་དེ། མི་གི་རི་ལ་མངོན་དུ་བཅུག་ཡས་ཀྱི་འདི་ཐུགས་རྗེ་དེ་ང་ལ་གནང་བ་ལགས།


དེ་ནས་ང་ལ་སྙིང་རྗེ་ཐོབ་བྱུང་། གི་བྱས་རེ་སྨྲ་ན་འོ་དེ་གི་རི་དད་པ་མེད་དེ་གང་ལ་ངས་མ་ཤེས་བ་བྱས་བ་ལགས།


རིང་འགའ་ཡིས་རང་གི་ཤེས་རབ་བཟང་པོ་ལ་མེད་ཉན་ད་རང་གི་དད་པ་རང་མེད་ད་ལ་བཏང་བ་ལགས།


ཆོས་ཚོགས་ཀྱི་ལྟ་རྟོག་པ་འབྱུང་ཉིད་འདོད་མཁན་གྱིས། ལས་བཟང་ང་གཅིག་འདོད་ད་ལགས་སྨྲ་གིན་ལབ་འདི་བློ་འཁེལ་ལ་འདུག།


འདི་གཏམ་དེ་བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག།


དངོས་པོ་གི་རི་ལ་ཚེ་གནང་གིན་དཀོན་མཆོག་དང་། པོན་ཏིའུ་པི་ལ་ཏུའི་གདོང་དུ་དཔང་པོ་བཟང་པོ་མཛད་ཛ་མཱ་ཤི་ཀ་ཡེ་ཤུའི་དྲུང་དུ།


འདི་གཏམ་དེ་བློ་འཁེལ་ལ་འདུག། འོ་རང་ཁོང་པ་མུ་ལ་ཤི་འོད་ན། ཁོང་པ་མུ་ལ་རང་གསོན་གྱི་ལགས།


འདི་ལབ་དེ་བདེན་པ་ལགས། དེ་ནས་དཀོན་མཆོག་ལ་དད་པ་བྱེད་མཁན་མི་ཀྱ་ལས་བཟང་ང་བྱེད་ཡས་ལ་འདོད་པ་འོང་བར་ཤོག་སྨྲས་རེ་དེ་བསླབ་བྱ་ཀྱ་ལ། ཁྱོད་ཤུགས་བརྒྱབ་ཡས་ལ་ངས་འདོད་པ་འོད། དེ་ཀྱ་མི་ཀྱ་ལ་བཟང་པོ་དང་ཕན་ཐོགས་བ་འདུག


འོ་བྱས་རེ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གི་དྲུང་དུ་འོང་གིན་ཀྱ་ལ་ཁོང་པ་ཡིས་དུས་གཏན་གྱི་ཆེད་དུ་ཐར་པ་མཛད་ཐུབ་བ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཁོང་ཀྱ་ཡི་དོན་དུ་ཞུ་བ་འབུལ་ཡས་ལ་ཙོག་བའི་གསོན་པོ་གནས་ལ་ལགས།


ཡིན་ནའང་འོ་རི་སྡིག་པ་ཀྱ་སེལ་ཡས་ཀྱི་ཕྱིར་ལ། ཁོང་པ་མངོན་མཛད་པ་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། དེ་ནས་ཁོང་པ་ཡི་ནང་སྡིག་པ་མེད་ད་ལགས།


སྡིག་པ་བྱས་རེ་བསྡད་མཁན་ནི་བདུད་ཀྱི་ལགས། གི་བྱས་རེ་སྨྲ་ན་བདུད་ཀྱིས་ཐོག་མ་ནས་རང་སྡིག་པ་བྱས་རེ་འོང་འོད་ད་ལགས། དེ་ནས་བདུད་ཀྱི་ལས་ཀ་ཀྱ་མེད་ད་ལ་བཏང་ཡས་ཀྱི་ཆེད་དུ་རང་། དཀོན་མཆོག་གི་སྲས་མངོན་ད་མཛད་པ་ལགས།


དེ་ནས་དཔང་པོ་གོ་ནི་དཀོན་མཆོག་གིས་འོ་རང་ལ་མཐའ་མེད་པའི་ཚེ་སྲོག་གནང་འོད་ད་ལགས། དེ་ནས་ཚེ་འདི་ཁོང་གི་སྲས་ནང་འོད་ད་ལགས།


བཞུགས་ཁྲི་རུ་བཞུགས་བ་མཛད་མཁན་གྱིས་ང་ལ་གསུངས་སོང་། ལྟོས་དང་། ངས་དོན་གི་རི་གསར་པ་བཟོའི་འོད། དེ་ནས་ཁོང་པ་ཡིས་དེ་གསུངས་སོང་། དེ་ལབ་ཀྱ་བྲིས། གི་བྱས་རེ་སྨྲ་ན་དེ་ལབ་ཀྱ་བློ་བཀལ་ཐུབ་བ་དང་བདེན་པ་འདུག།


དེ་ནས་ནམ་མཁའི་བང་ཆེན་གྱིས་ང་ལ་གསུངས་སོང་། དེ་ལབ་ཀྱ་བློ་བཀལ་ཐུབ་ཀྱིན་དང་བདེན་པ་འདུག། ད་མགྱོགས་སེ་འབྱུང་ཡས་ཡིན་གྱིན་ལབ་ཀྱ་རང་གི་ཞབས་ཕྱི་ཀྱ་ལ་སྟོན་ཡས་ཀྱི་ཆེད་དུ། མངོན་ཤེས་མཁན་ཀྱ་ཡི་སེམས་ཉིད་ཀྱི་གཙོ་བོ་དཀོན་མཆོག་གིས་རང་གི་བང་ཆེན་ལ་བརྫངས་ང་མཛད་འདུག།


དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གསར་པ་གཅིག་ལེན་ཏེ་སྨྲས་བ་ལགས། ཁྱེད་རང་ལ་ཤོག་སྒྲིལ་འདི་བསྣུམ་ཡས་དང་འོ་དེའི་ཐེལ་ཙེ་ཀྱ་བཀོག་ཐུབ་ཀྱིན་དབང་ཆ་འོད་ད་ལགས། གི་བྱས་རེ་སྨྲ་ན་ཁྱེད་རང་ལ་བསད་པ་ལགས། དེ་ནས་ཁྱེད་རང་གི་སྐུ་ཁྲག་གིས་དཀོན་མཆོག་གི་ཆེད་དུ། རྒྱུད་པ་དང་སྐད་རིགས་དང་མི་དང་མི་རིགས་ཀྱ་ནས་མི་ཀྱ་ཉོས་བ་ལགས།


Lean sinn:

Sanasan


Sanasan