Biblia Todo Logo
Bìoball air-loidhne

- Sanasan -




༡ ཐེ་ས་ལོ་ནི་ཀེ་པ། 5:12 - གློ་བ།

12 སྤུན་ཟླ་ཀྱ་བོ། ཁྱེད་ཀྱི་ཁོག་ཏུ་དཀའ་ལས་བརྒྱབ་མཁན་དང་། གཙོ་བོའི་ཕྱིར་ལ་ཁྱེད་ཀྱ་ཡི་འགོ་ཁྲིད་བྱུང་རེ་ཁྱེད་ཀྱ་ལ་བསླབ་བྱ་གནང་མཁན་ཀྱ་ལ་གུས་ཞབས་བྱེད།

Faic an caibideil Dèan lethbhreac




༡ ཐེ་ས་ལོ་ནི་ཀེ་པ། 5:12
42 Iomraidhean Croise  

དེ་ནས་འོ་དེ་ནང་དུ་རང་གི་སྟེར་གྱིན་གོ་ཟ་འཐུང་བྱས་རེ་སྡོད། གི་བྱས་རེ་སྨྲ་ན་ལས་ཀ་བྱེད་མཁན་ལ་ཁོ་རི་གླ་ཆ་ཐོབ་དགོས་ཀྱི་ལགས། དེ་ནས་ཁང་པ་གཅིག་ནས་གཞན་མ་ལ་མ་འགྲོ།


ཁྱེད་ཀྱ་ཡིས་དཀའ་ལས་མ་བརྒྱབ་ཀྱིན་ཞིང་སྟོན་སྡུད་རུ་ངས་ཁྱེད་ཀྱ་ལ་བརྫངས་བའི། གཞན་མ་ཀྱ་ཡིས་དཀའ་ལས་བརྒྱབ་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་འབྲས་བུ་གོ་ཁྱེད་ཀྱ་ལ་ཐོབ་པ་ལགས།


ད་ཁྱེད་རང་ཀྱ་རང་སྤྱང་རྫེ་བྱས་རེ་སྡོད། དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་རྩིས་བརྒྱབ་སྟེ་བཞག་ཞ་ལུག་ཀྱ་ལ་ག་མོ་མ་སྲུངས། དཀོན་མཆོག་གི་ཆོས་ཚོགས་ཀྱི་ལུག་རྫི་བཟང་པོ་གཅིག་འབྱུང་རེ་སྡོད། གི་བྱས་རེ་སྨྲ་ན་འོ་དེ་མི་ཀྱ་གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་གིས་བླུས་རེ་ཉོས་མཛད་པ་ལགས།


དེ་རེ་བྱས་རེ་ལེན་མཁན་ཀྱ་ནས་སྟེར་མཁན་ཀྱ་ལ་མང་ང་བྱིན་རླབས་འོད་ད་ལགས་སྨྲས་རེ་གཙོ་བོ་ཡེ་ཤུ་ཁོང་པ་རང་གིས་གསུངས་ས་ལབ་དེ་ལ་དྲན་གསོ་བྱས་རེ། མི་སྐྱོ་བ་ཀྱ་ལ་དཀའ་ལས་བྱས་རེ་རོགས་བ་བྱེད་ཐུབ་ཀྱིན་གོ་བྱེད་དགོས་ཡས་ལབ་དེ། ངས་ལས་ཀ་གི་རི་ལ་སྟོན་འོད།


གཙོ་བོའི་ནང་དཀའ་ལས་བརྒྱབ་ཀྱིན་བུ་མོ་ཏི་རུ་ཕེ་ནཱ་དང་ཏི་རུ་ཕོ་སཱ་ལ་འཚམས་འདྲི་ཞུས། གཙོ་བོའི་ནང་དམི་ཅིག་གི་དཀའ་ལས་བརྒྱབ་ཀྱིན་ངའི་གཅེས་བའི་རོགས་བ་པེར་སི་ལ་འཚམས་འདྲི་ཞུས།


དེ་ནས་ཁྱེད་ཀྱི་ཆེད་དུ་དམི་ཅིག་གི་དཀའ་ལས་བརྒྱབ་གྱ་མིར་ཡམ་ལ་འཚམས་འདྲི་ཞུས།


དཀོན་མཆོག་གི་ཆོས་ཚོགས་ནང་ལ་དང་པོ་སྐུ་ཚབ་ཀྱ། གཉིས་བ་མངོན་ཤེས་མཁན་ཀྱ། གསུམ་པ་སློབ་དཔོན་ཀྱ། དེ་ནས་ཧང་སང་གིན་ལས་ཀ་བྱེད་མཁན་ཀྱ། དེ་ནས་ནད་པ་གསོ་གིན་གནང་སྦྱིན་ཐོབ་ཐ་ཀྱ། དེ་ནས་རོགས་རམ་བྱེད་མཁན་ཀྱ། དེ་ནས་མགོ་ཁྲིད་བྱེད་མཁན་ཀྱ། དེ་ནས་སྐད་རིགས་འདྲ་མི་འདྲ་བཤད་མཁན་ཀྱ་བཀོད་མཛད་འོད་ད་ལགས།


ཡིན་ནའང་ང་ག་རེ་འོད་ཀྱིན་གོ་དཀོན་མཆོག་གི་ཐུགས་རྗེ་སྒོ་ནས་ཡིན། དེ་ནས་ང་ལ་ཐོབ་ཐ་ཁོང་པ་ཡི་ཐུགས་རྗེ་དེ་དོན་མེད་དུ་མ་བྱུང་སོང་། ཡིན་ནའང་ཁོང་ཀྱ་གི་རི་ནས་ལྷག་ངས་དཀའ་ལས་མང་ང་བརྒྱབ་པའི། གི་ཡིན་ན་ངས་ང་རང་གི་བྱས་རེ་མ་ལགས། ཡིན་ནའང་ངའི་མུ་ལ་བཞུགས་ཀྱིན་དཀོན་མཆོག་གི་ཐུགས་རྗེའི་ཐོག་ནས་ལགས།


དེ་རེ་མི་ཀྱ་དང་དེ་རེ་རང་བྱས་རེ་དཀའ་ལས་བརྒྱབ་ཀྱིན་ལས་རོགས་ཀྱ་ཡི་ཁར་ལ་ཉན་སྨྲས་རེ། ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན།


དེ་ནས་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་སེམས་གསོ་སྤོར་གྱིན་ཅོག་རེ་ང་ལ་སེམས་གསོ་སྤར་སོང་། འོ་བྱས་རེ་དེ་རེ་མི་ཀྱ་ལ་བརྩི་བཀུར་བྱེད།


གི་བྱས་རེ་སྨྲ་ན་འེ་ཀྱ་ནི་དཀོན་མཆོག་གི་ལས་རོགས་ཀྱ་ཡིན། དེ་ནས་ཁྱེད་ཀྱ་གོ་དཀོན་མཆོག་གི་ཞིང་དང་བཞུགས་ཁང་ལགས།


ཁོང་ཀྱ་མཱ་ཤི་ཀ་ཡི་ཞབས་ཕྱི་པ་ལེ། ང་ཡོལ་ལེ་ཞབས་ཕྱི་བཟང་ང་ཡིན། ང་སྨྱོན་པ་ཅོག་རེ་ལབ་བཏང་བའི་འོད། ངས་དམི་ཅིག་གི་དཀའ་ལས་བརྒྱབ་པའི། ང་བཙོན་ཁང་དུ་ཐེངས་མང་ང་ཆུད་སོང་། ང་ལ་རྟ་ལྕག་གིས་རྡུང་དག་མང་ང་ཕོག་སོང་། དེ་ནས་ཐེངས་མང་ང་ང་རི་སྲོག་ཉེན་ཁ་ལ་ཆུད་སོང་།


འོ་བྱས་རེ་འེ་ཀྱ་ལུས་ལ་འོད་ན་ཡང་ན་ཁ་བྲལ་ན། ཁོང་པ་ལ་ཐུགས་དགྱེས་རུ་བཅུག་ཡས་གོ་རང་འི་ཀི་དམིགས་ཡུལ་ལགས།


འེ་ཀྱ་དཀོན་མཆོག་གི་ལས་རོགས་ཡིན་གྱིན་བྱས་རེ། འེ་ཀྱ་ཁྱེད་ཀྱ་ལ་དཀོན་མཆོག་གི་ཐུགས་རྗེ་གོ་དོན་མེད་དུ་མ་ལེན་སྨྲས་རེ་ཞུ་བ་འབུལ་ལ་ཡིན།


ངས་ཁྱེད་ཀྱ་ཡི་ཕྱིར་ལ་དཀའ་ལས་བྱེད་ཀྱིན་གོ་དོན་མེད་ཀྱིན་བྱུང་བ་ཡིན་གྲོ་སྨྲས་རེ་ང་ལ་སྡུག་ང་འོང་བའི།


ཚེ་སྲོག་གི་བཀའ་ལ་བརྟན་པོ་བྱས་རེ་ཟིམ་ཏེ་སྡོད། དེ་ནས་ང་ཧ་ལ་ཚུར་ལ་རྒྱུག་གིན་དང་། དཀའ་ལས་བརྒྱབ་ཀྱིན་གོ་དོན་མེད་དུ་མ་སོང་བྱུང་སྨྲས་རེ། ང་མཱ་ཤི་ཀའི་ཉིན་མ་ལ་ངོམ་གསོ་བྱེད་ཡས་རག་གི་ལགས།


ཁྱེད་ཀྱ་ཡི་གནས་ཚུལ་གོ་སྟེ་ངའང་ཉམ་མོ་དགའ་ཡས་ཀྱི་ཆེད་དུ། ང་ཏི་མོ་ཐེའུ་ལ་ཁྱེད་ཀྱ་རྩ་རུ་མགྱོགས་སེ་བཏང་ཡས་ཀྱི་རེ་བ་དེ་གཙོ་བོ་ཡེ་ཤུ་ལ་བྱེད་འདིག་འོད།


དོན་དེའི་ཕྱིར་ལ་མཱ་ཤི་ཀ་ཡིས་ངའི་ནང་དུ་ཤུགས་མཛད་ཀྱིན་ནུས་མཐུ་ཆེའི་ཐོག་ནས་རང་། ང་དམི་ཅིག་གི་དཀའ་ལས་བརྒྱབ་བ་ཡིན།།


སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།


སྤུན་ཟླ་ཀྱ་བོ། དཀོན་མཆོག་ལ་ཐུགས་མཉེས་བོ་མི་ཚེ་པུད་ཡས་ལ། འི་ཀིས་ཁྱེད་ཀྱ་ལ་བསླབ་བྱ་བརྒྱབ་པའི། དེ་ནས་ཁྱེད་ཀྱ་འོ་དེ་ཅོག་རེ་མི་ཚེ་བསྐྱལ་ལི། ད་དེ་ལ་ལྷག་བྱེད་རོགས་བྱེད་སྨྲས་རེ་གཙོ་བོ་ཡེ་ཤུ་ཡི་ཕྱོགས་ནས་འེ་ཀྱ་ཁྱེད་ཀྱ་ལ་ཞུ་བ་འབུལ་ལི་འོད།


སྤུན་ཀྱ་བོ། ལས་མེད་ལམ་མཁན་ཀྱ་ལ་བསླབ་བྱ་སྟེར། སྙིང་ཆུང་བ་ཀྱ་ལ་སེམས་གསོ་སྤོར། སྐྱོ་བ་ཀྱ་ལ་རོགས་བ་བྱེད། དེ་ནས་གི་རི་མུ་ལ་བཟོད་པ་སྒོམ་སྨྲས་རེ་ཁྱེད་ཀྱ་ལ་སྐུལ་ལ་ཡིན།


མི་རྒས་པོ་ལ་ཚིག་རྩུབ་བ་མ་སྨྲ། ཡིན་ནའང་རང་གི་ཨ་རྒས་ཅོག་རེ་བརྩིས་རེ་ཞུ་འབོད་རྒྱོབ། དེ་ནས་གཞོན་པ་ཀྱ་ལ་ནུ་བོ་ཀྱ་ཅོག་རེ།


སྡིག་པ་བྱེད་མཁན་ཀྱ་ལ་མི་གི་རིའི་གདོང་དུ་ཨང་ཇི་གཏོང་། དེ་རེ་བྱེད་ན་གཞན་མ་ཀྱ་འཇིགས་ཀྱི་ལགས།


དཀའ་ལས་བརྒྱབ་ཀྱིན་ཞིང་པ་གོ་ལ་སྟོན་ཐོག་གི་སྐལ་ད་དང་པོ་གོ་ཐོབ་དགོས་ལ་ལགས།


དེ་ནས་དུས་ཚོད་ཏག་ཏག་གོ་ལ་ཁོང་པ་ཡིས་བཀའ་དེ་སྟོན་ད་མཛད་སོང་། དེའི་འགན་གོ་ང་ལ་གནང་སོང་། དེ་ནས་འོ་རི་སྐྱབས་མགོན་དཀོན་མཆོག་གི་བཀའ་ལ་བལྟས་རེ་ང་འདི་བཤད་ད་ཡིན།


ལས་ཀ་ལས་རེ་བསྡད་ད་གོ་འགྲུབ་ཏ་བཅུག་ཡས་དང་། རྒྱལ་ས་གི་རི་རུ་ངས་སྨྲས་ན་ཅོག་རེ་འགོ་ཁྲིད་ཀྱ་འདམ་ཡས་ལ། ངས་ཁྱོད་ལ་ཀེ་རེད་དུ་བོར་པའི།


དེ་བསླབ་བྱ་ཀྱ་སློབས། ཁྱོད་རི་དབང་ཆ་གི་རི་ནས་བསླབ་བྱ་ཤུགས་ཆེ་སྟེར། དེ་ནས་ཨང་ཇི་གཏོང་། རང་ལ་སུས་འང་ང་འཇིན་བྱེད་དུ་མ་ཆུག །།


རང་གི་འགོ་ཁྲིད་ཀྱ་ཡི་བཀའ་ལ་ཉན། དེ་ནས་ཁོང་ཀྱ་ཡི་འོག་ལ་སྡོད། གི་བྱས་རེ་སྨྲ་ན་དཀོན་མཆོག་ལ་རྩིས་འབུལ་དགོས་གུ་ལགས་སྨྲས་རེ། ཁོང་ཀྱ་ཡིས་ཤེས་ཡས་བྱས་རེ་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ལྟ་རྟོག་བྱེད་ད་ལགས། དེ་ནས་སེམས་སྐྱོ་རེ་མིན་ད། ཡིན་ནའང་དགའ་སྤྲོ་ཀྱི་སྒོ་ནས་ཁོང་ཀྱ་ཡིས་འདི་ལས་ཀ་དེ་བྱེད་དགོས། དེ་རེ་མིན་ན་འོ་དེ་ནས་ཁྱེད་ཀྱ་ལ་གིའང་ཕན་ཐོག་མེད་ད་ལགས།


ཁྱེད་ཀྱ་ལ་དཀོན་མཆོག་གི་བཀའ་བཤད་ཀྱིན་ཁྱེད་རི་འགོ་ཁྲིད་ཀྱ་ལ་དྲན་པ་མ་བརྗེད། ཁོང་ཀྱ་ཡི་མི་ཚེའི་འབྲས་བུ་ལ་བསམ་བློ་གཏོང་། དེ་ནས་ཁོང་ཀྱ་ཡི་དད་པའི་དཔེ་ལེན།


ད་ཁྱོས་ངའི་ལག་པ་གཡས་ཕྱོགས་ལ་མཐོང་གིན་སྐར་མ་བདུན་དང་། གསེར་གྱི་ཀྱུང་བདུན་གྱི་གསང་བ་གོ་ནི་དེ་ལགས། སྐར་མ་བདུན་ཀྱ་ཆོས་ཚོགས་བདུན་གྱི་བང་ཆེན་ཀྱ་ལགས། དེ་ནས་ཀྱུང་བདུན་གོ་ཆོས་ཚོགས་བདུན་པོ་གོ་ལགས།།


དེ་ནས་པེར་ག་མོན་གྱི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཁ་གཉིས་ཀ་ར་རྣོ་བ་བྱས་བྱ་རལ་གྲི་འོད་ཀྱིན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི།


དེ་ནས་ཐི་ཡ་ཏི་རཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། སྤྱན་གོ་མེ་ལྕེ་ཅོག་རེ་དང་། ཞབས་གོ་མེ་ཐབ་ནང་ལ་འོད་སྟོན་ཏེ་བཞག་ཞ་ལི་དིང་ཅོག་རེ་འོད་ཀྱིན་ཁོང་དཀོན་མཆོག་གི་སྲས་ཀྱིས་དེ་བཀའ་ཀྱ་གསུངས་བའི།


དེ་ནས་ངའི་མིང་གི་དོན་དུ་ཁྱེད་ཀྱ་ཡིས་བཟོད་པ་སྒོམ་གྱིན་དང་སྡུག་པོ་མྱངས་ཀྱིན་གོ་ང་ལ་ཤེས་ཡས་འོད། དེ་ནས་ཁྱེད་ཀྱ་དོ་རང་འང་ཐང་མ་ཆད་འདུག།


དེ་ནས་སི་མིར་ནཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཨེན་མ་གྲོངས་ང་མཛད་དེ་ཡང་སྐུ་གསོན་པོ་བཞེངས་ང་མཛད་ཛ་ཁོང་པ་ཐོག་མ་དང་མཐའ་མ་ཡིན་གྱིན་གྱིས་དེ་བཀའ་ཀྱ་གསུངས་བའི།


སར་དཱིའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། དཀོན་མཆོག་གི་ཐུགས་ཉིད་བདུན་དང་སྐར་མ་བདུན་འོད་ཀྱིན་གྱིས་དེ་བཀའ་ཀྱ་གསུངས་བའི། ཁྱོའི་ལས་ཀ་ཀྱ་ང་ལ་ཤེས་ཡས་འོད། དེ་ནས་མིང་གི་ཆ་ནས་ཁྱེད་ཀྱ་གསོན་པོ་འོད་ན་ཁྱེད་ཀྱ་ཤི་འོད་ད་ལགས།


ལའོ་དི་ཀེ་ཡཱའི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། ཨ་མེན་དང་། བློ་གཏད་ཆོག་པ་དང་། དཔང་པོ་བདེན་པ་དང་། དཀོན་མཆོག་གིས་བཀོད་པའི་དཔོན་པོ་ཡིས་དེ་བཀའ་ཀྱ་གསུངས་བའི།


ཕི་ལ་དེལ་ཕི་ཡཱ་ཡི་ཆོས་ཚོགས་ཀྱི་བང་ཆེན་ལ་དེ་རེ་བྲིས། དམ་པ་དང་བདེན་པ། དེ་ནས་དཱ་བིད་ཀྱི་ལྡེ་མིག་འོད་ཀྱིན་ཁོང་པ་ཡིས་དེ་བཀའ་ཀྱ་གསུངས་བའི། ཁོང་པ་ཡིས་པེ་ཀྱིན་སྒོ་གོ་སུས་འང་བརྒྱབ་མི་ཐུབ་ཀྱི་ལགས། དེ་ནས་ཁོང་པ་ཡིས་བརྒྱབ་ཀྱིན་སྒོ་གོ་སུས་འང་པེ་མི་ཐུབ་ཀྱི་ལགས།


Lean sinn:

Sanasan


Sanasan