7 འོ་བྱས་རེ་སྤུན་ཟླ་ཀྱ་བོ། ཁྱེད་ཀྱི་དད་པའི་བྱས་རེ། འི་ཀི་སྡུག་བསྔལ་དང་སྡུག་སྦྱོང་གང་ལ། འེ་ལ་སེམས་གསོ་འབྱོར་སོང་།
ཁོང་པ་ཡིས་འོ་རང་ཀྱ་ཡི་སྡུང་ང་གི་རི་ལ་སེམས་གསོ་མཛད་ད་ལགས། དེ་ནས་དཀོན་མཆོག་ནས་འོ་རང་ལ་ཐོབ་ཐ་སེམས་གསོ་དེ་ནས་རང་། འོ་རང་ཀྱ་ཡིས་འང་སྡུག་པོ་མྱངས་མཁན་ཀྱ་ལ་སེམས་གསོ་སྤོར་ཐུབ་ཀྱི་ལགས།
འོ་བྱས་རེ་འེ་ཀྱ་ལ་སེམས་གསོ་ཐོབ་སོང་། དེ་ནས་འེ་ཀྱ་ལ་འེ་རི་རང་གི་སེམས་གསོ་གཅིག་ཀ་མིན་ད། ཏི་ཏོས་ཀྱི་དགའ་སྤྲོ་ལ་འེ་ཀྱ་ཡོལ་ལེ་མང་ང་ཉམ་མོ་དགྱེས་སོང་། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་གི་རིའི་ཐོག་ནས་ཁོའི་སེམས་ལ་ཞི་བདེ་ཐོབ་འདུག།
ཡིན་ནའང་ད་ལྟ་ཏི་མོ་ཐེའུ་ཁྱེད་ཀྱ་རྩ་ནས་འོངས་རེ། ཁྱེད་ཀྱི་དད་པ་དང་བརྩེ་བ་ཡི་སྐོར་ལ་གཏམ་བཟང་ང་འེ་ཀྱ་ལ་བཤད་སོང་། དེ་ནས་འེ་ཀྱ་ཁྱེད་ཀྱ་ལ་ཐུག་འདོད་འོད་ཀྱིན་ཅོག་རེ། ཁྱེད་ཀྱ་འེ་ལ་ནམ་ཡིན་ན་དྲན་ཡས་དང་འེ་ལ་ཐུག་ཡས་ལ་འདོད་པ་འོད་ཀྱིན་གོའང་གོ་སོང་།
ཁྱོའི་ཕྲུ་བ་ཀྱ་ནས་རིང་འགའ་ཡབ་ཀྱིས་འོ་རང་ལ་གནང་ན་བཀའ་ཅོག་རེ། བདེན་པའི་ལམ་ལ་རྒྱུག་གིན་གོ་མཐོང་རེ་ང་དམི་ཅིག་གི་ཉམ་མོ་དགྱེས་སོང་།