13 འོ་རེ་བྱས་རེ་གཙོ་བོ་ཡེ་ཤུ་ཁོང་པ་ཡི་དམ་པའི་མི་ཀྱ་མུ་ལ་ཕེབས་བའི་གང་ལ། འོ་རི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱེད་ཀྱ་ཡི་སེམས་བརྟན་པོ་དང་། དམ་པ་དང་། སྐྱོན་མེད་ཀྱིན་མཛད་ད་ཤོག །།
ད་ཞི་བདེའི་དཀོན་མཆོག་གིས་རང་ཁྱེད་ཀྱ་ནང་འོད་ཀྱིན་གི་རི་དམ་པ་མཛད་ད་ཤོག དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་བའི་གང་ལ། ཁྱེད་ཀྱ་ཡི་སེམས་ཉིད་དང་། སེམས་དང་། ལུས་གི་རི་སྐྱོན་མེད་ཀྱིན་སྲུང་བར་ཤོག
ཡིན་ནའང་ཁོང་གི་དྲུང་དུ་ཁྱེད་ཀྱ་དམ་པ་དང་། སྐྱོན་མེད་ཀྱིན་དང་། སྐྱོན་བརྗོད་མེད་ཀྱིན་སྟོན་ཡས་ཀྱི་ཕྱིར་ལ། ད་ལྟ་མཱ་ཤི་ཀའི་སྐུ་གྲོངས་ཀྱིན་གྱི་སྒོ་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་རང་མུ་ལ་སྡུམ་མ་མཛད་པ་ལགས།
དེ་རེ་མཛད་དེ་ཆོས་ཚོགས་གོ་རྨེ་བ་དང་གཉེར་མ་མེད་ཀྱིན། ཡང་ན་དེ་རེ་སྐྱོན་གིའང་མེད་ཀྱིན། ཡིན་ནའང་དམ་པ་དང་སྐྱོན་མེད་ད། དམི་ཅིག་གི་གཟི་བརྗིད་ཆེའི་སྒོ་ནས་རང་གི་དྲུང་དུ་འབུལ་ཡས་ལ་ལགས།
གཙོ་བོ་ཡེ་ཤུ་ཕེབས་བའི་གང་ལ། ཁོང་པ་ཡི་དྲུང་དུ་འི་ཀི་རེ་བ་དང་། དགའ་སྤྲོ་དང་། དབུ་རྒྱན་གྱི་ངོམ་སོ་གོ་ཁྱེད་ཀྱ་རང་མ་ལགས་སེ།
ཨ་དམ་ནས་མི་རབས་བདུན་པའི་མངོན་ཤེས་མཁན་ཧེ་ནོག་གིས་འང་དེ་མི་ཀྱ་ཡི་སྐོར་ལ་དེ་རེ་མངོན་ཤེས་སྟོན་འོད་ད་ལགས། ལྟོས་དང་། གཙོ་བོ་རང་གི་དམ་པའི་བང་ཆེན་སྟོང་ཕྲག་མང་ང་མུ་ལ་ཕེབས་ཀྱི་ལགས།
ད་ཁྱེད་ཀྱ་ལ་སྡིག་པའི་ནང་དུ་ཆུད་ཡས་ནས་སྐྱོབ་མཛད་ཐུབ་ཀྱིན་དང་། ཁྱེད་ཀྱ་ལ་དགའ་སྤྲོ་ཆེའི་ཐོག་ནས་ཁོང་པའི་གཟི་བརྗིད་ཀྱི་དྲུང་དུ་ཁྱེད་ཀྱ་ལ་སྐྱོན་མེད་ཀྱིན་སྟོན་མཛད་མཁན།
འེ་ཀྱ་ཁྱེད་ཀྱ་ལ་གཙོ་བོའི་བཀའ་ནས་དེ་རེ་སྨྲ་ཡིན། གཙོ་བོ་ཕེབས་བའི་གང་ལ། གསོན་པོ་འོད་མཁན་ཀྱ་གྲོངས་ཚར་མཁན་ཀྱ་ལས་ཨེན་ལ་དཀོན་མཆོག་གི་དྲུང་དུ་མེད་འགྲོ་གི་ལགས།
ད་འོ་རི་ཡབ་དཀོན་མཆོག་དང་། འོ་རི་གཙོ་བོ་ཡེ་ཤུ་ཡིས་རང་འེ་ལ་ཁྱེད་ཀྱ་རྩ་རུ་འགྲོ་ཡས་ལ་ལམ་གྲ་སྒྲིག་གནང་བར་ཤོག
ཁྱེད་ཀྱ་ཡི་བཟང་ང་གི་ཡིན་གྱིན་གོ་འདམ་ཐུབ་བ་དང་། མཱ་ཤི་ཀའི་ཉིན་མ་ཐུག་པའི་གཙང་མ་དང་སྐྱོན་མེད་ཀྱིན་འོང་བར་ཤོག།
སྤུན་ཟླ་ཀྱ་བོ། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་དང་། འོ་རང་ཁོང་པ་མུ་ལ་མཇལ་ཡས་ཀྱི་སྐོར་ལ་འེ་ཀྱ་ཞུ་བ་ཡིན།
འདི་ནི་གཙོ་བོ་ཕེབས་ཀྱིན་ཉིན་མ་ལ་འབྱུང་གི་ལགས། འོ་དེ་ཉིན་མོ་ཁོང་པ་ལ་རང་གི་དམ་པའི་མི་ཀྱ་ནས་གཟི་བརྗིད་འཐོབ་ཀྱི་ལགས། དེ་ནས་དད་པ་བྱེད་མཁན་གི་རི་ནས་བསྟོད་པ་རག་གི་ལགས། མི་འདི་ཀྱ་ནང་ཁྱེད་ཀྱ་ཆུད་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་འི་ཀིས་སྟེར་ཏ་དཔང་པོ་ཀྱ་ལ་དད་པ་བྱས་བ་ལགས།
ད་དཀོན་མཆོག་གི་གཟི་བརྗིད་འོང་བར་ཤོག། དེ་ནས་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་ངས་བཤད་ཀྱིན་གཏམ་བཟང་གི་ཐོག་ནས་དང་། དུས་ཐོག་མ་ནས་གསང་རེ་བཞག་ཞ་གསང་བ་མངོན་གྱིན་གྱི་ཐོག་ནས། ཁོང་པ་ཡིས་ཁྱེད་ཀྱ་ལ་ཤུགས་ཆེ་མཛད་ཐུབ་བ་ལགས།
མི་གཞན་མ་ཡི་གཡོག་པོ་ལ་སྐྱོན་བཙུགས་མཁན་ཁྱོད་སུ་ལེ། ཁོ་ཁོ་རི་བདག་པོའི་གདོང་དུ་རང་ཡར་ལངས་ང་ལགས། ཡང་ན་མ་ལྷིམ་མ་ལགས། དེ་ནས་ཁོ་ལ་ཡར་བསླངས་ཀྱི་ལགས། གི་བྱས་རེ་སྨྲ་ན་གཙོ་བོ་ཡིས་ཁོ་ལ་བསླངས་མཛད་ཐུབ་བ་ལགས།
དེ་ནས་ཁྱེད་ཀྱ་ཡིས་དུས་ཏི་ཏེ་གཅིག་སྡུག་པོ་མྱངས་ཀྱིན་གཤམ་ལ། མཱ་ཤི་ཀའི་ནང་མཐའ་མེད་པའི་གཟི་བརྗིད་ལ་ཁྱེད་ཀྱ་ལ་འབོད་གནང་མཁན་དང་། ཐུགས་རྗེ་ཆེན་པོ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་སླར་གསོ་ཡས་དང་། བརྟན་པོ་མཛད་ཡས་དང་། སྟོབས་ཤུགས་གནང་ཡས་དང་། ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་མཛད་ཀྱི་ལགས།
ཡིན་ནའང་དེ་ནི་རེ་མོས་ལ་འབྱུང་གི་ལགས། འབྲས་བུ་དང་པོ་གོ་མཱ་ཤི་ཀ་ལགས། དེ་ནས་མཱ་ཤི་ཀ་ལྡབ་ལེ་ཕེབས་བའི་གང་ལ་ཁོང་གི་ཡིན་མཁན་ཀྱ་འཆི་བ་ནས་གསོན་གྱི་ལགས།
མིའི་བུ་རང་གི་བང་ཆེན་ཀྱ་མུ་ལ་རང་གི་གཟི་བརྗིད་ལ་ཕེབས་བའི་གང་ལ། རང་གི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ལ་བཞུགས་ཀྱི་ལགས།
དེ་ལོག་གཡེམ་དང་སྡིག་ཅན་གྱི་མི་རབས་གདོང་ལ་སུས་ང་དང་ངའི་བཀའ་ལ་ངོ་ཚ་བྱེད་འདིག། འོ་དེ་ཀྱ་ལ་མིའི་བུ་རང་གི་ཡབ་ཀྱི་གཟི་བརྗིད་ཀྱི་ནང་ནས། དམ་པའི་བང་ཆེན་ཀྱ་མུ་ལ་ཕེབས་བའི་གང་ལ་ཁོས་འང་ངོ་ཚ་བྱེད་ཀྱི་ལགས།།
ཁོང་གཉིས་ཀ་ར་དཀོན་མཆོག་གི་དྲུང་དུ་དྲང་པོ་འོད་ད་ལགས། དེ་ནས་དཀོན་མཆོག་གི་བཀའ་དང་ཁྲིམས་གི་རི་ནོར་བ་འཕྱུག་བ་མི་བྱེད་ད་བརྩིས་ལ་ལགས།
འོ་རི་དཀོན་མཆོག་དང་ཡབ་ཀྱི་ཐུགས་དགོངས་སྒྲུབ་ཡས་ལ། ཡེ་ཤུ་མཱ་ཤི་ཀ་ཡིས་འོ་རང་ལ་ད་ལྟ་ཡི་དུས་ངན་པ་ནས་ཐར་དུ་བཅུག་ཡས་ལ། འོ་རི་སྡིག་པ་ཀྱ་ཡི་ཕྱིར་ལ་རང་གི་སྐུ་སྲོག་བློ་བཏང་བ་ལགས།
ཁྱེད་ཀྱ་ཡི་དད་པ་བརྟན་པོ་བཟོ་ཡས་དང་སེམས་ཤུགས་སྤར་ཡས་ལ། དེ་ནས་མཱ་ཤི་ཀའི་གཏམ་བཟང་བཤད་ཡས་ལ་དཀོན་མཆོག་གིས་བསྐོས་ཀ་ལས་བྱེད་པ་དང་། འི་ཀི་སྤུན་ཏི་མོ་ཐེའུ་ལ་ཁྱེད་ཀྱ་རྩ་རུ་བརྫངས་བའི།
དེ་ནས་འོ་རང་གསོན་པོ་འོད་མཁན་དང་། ལས་མཁན་ཀྱ་གཙོ་བོ་ལ་གནམ་ལ་མཇལ་ཡས་ལ། ཁོང་ཀྱ་མུ་ལ་སྲིང་གི་ནང་དུ་འཁྲིད་མཛད་ཀྱི་ལགས། དེ་ནས་འོ་རང་ཀྱ་གཙོ་བོ་མུ་ལ་ཙོག་བའི་གནས་ཀྱི་ལགས།
དེ་ནས་ཁྱེད་སྡུག་པོ་མྱངས་མཁན་ཀྱ་ལ། འི་ཀི་མུ་ལ་ཁོང་པ་ཡིས་ངལ་གསོ་གནང་གི་ལགས། གཙོ་བོ་ཡེ་ཤུ་རང་གི་སྟོབས་ཤུགས་ཅན་གྱི་བང་ཆེན་ཀྱ་མུ་ལ། ནམ་མཁའི་ཞིང་ཁམས་ནས་མེ་ལྕེ་འབར་གྱིན་ནང་ནས་མཇལ་ལི་གང་ལ་དེ་འབྱུང་གི་ལགས།
ཁྱེད་ཀྱའང་བཟོད་པ་བྱེད། གཙོ་བོ་ལྡབ་ལེ་ཕེབས་ཀྱིན་གྱི་དུས་ཉེ་སླེབས་འོད་ཀྱིན་བྱས་རེ་རང་གི་སེམས་ལ་བརྟན་པོ་བཟོས།