6 མཱ་ཤི་ཀའི་སྐུ་ཚབ་བྱུང་རེ་འེ་ཀྱ་ཡིས་ཁྱེད་ཀྱ་ལ་དབང་ཆ་བྱེད་ཐུབ་ཡས་འོད། ཡིན་ནའང་མི་སུ་ནས་འང་འི་ཀིས་བསྟོད་སྒྲ་མ་བཙལ། ཁྱེད་ཀྱ་ནས་མིན། དེ་ནས་གཞན་མ་ཀྱ་ནས་མིན།
གི་བྱས་རེ་སྨྲ་ན་ཁོང་ཀྱ་དཀོན་མཆོག་གིས་བཀུར་སྟི་ལས་ལྷག་མིས་བཀུར་སྟི་ལ་ཆགས་པ་ལགས།
ངའི་མི་ཀྱ་ནས་བཀུར་སྟི་བཙལ་ལ་མིན།
དཀོན་མཆོག་གཅིག་པོ་ནས་འབྱུང་གིན་བཀུར་སྟི་གོ་མེད་བཙལ་ལ། ཁྱེད་ཀྱ་ཕན་ཚུན་གྱི་ནང་དུ་བཀུར་སྟི་བཙལ་གྱིན་བྱེད་རེ། ཁྱེད་ཀྱ་གང་གི་བྱས་རེ་དད་པ་བྱེད་ཐུབ་ཀྱི་ལེ།
རང་ལ་བརྟེན་ཏེ་བཤད་ཀྱིན་དེ་རང་གི་སྙན་གྲགས་བཙལ་ལ་ལགས། ཡིན་ནའང་རང་ལ་མངགས་མཁན་གྱི་སྙན་གྲགས་བཙལ་གྱིན་དེ་བདེན་པ་ལགས། དེ་ནས་ཁོའི་ནང་དུ་ཟོག་མེད་ཡོང་ང་ལགས།
དེ་ནས་ཡང་སྐྱེས་བའི་བུ་མོའི་ཆེད་དུ་སྐྱེས་བའི་བུ་བཀོད་བ་མིན་ད། སྐྱེས་བའི་བུ་མོ་སྐྱེས་བའི་བུའི་ཆེད་དུ་བཀོད་བ་ལགས།
གཙོ་བོས་ང་ལ་གནང་ན་དབང་ཆ་དེ་ང་ཁྱེད་ཀྱི་རྩ་རུ་འོང་ང་རང་། རྩུབ་བ་བྱས་རེ་བེད་སྤྱོད་བྱེད་མེད་དགོས་ཡས་ཀྱི་ཕྱིར་ལ། ང་ཁྱེད་ཀྱ་གུང་དུ་མེད་ད་རང་། དེ་ལབ་ཀྱ་འབྲི་བ་ཡིན། དབང་དེ་ནི་ཁྱེད་ཀྱ་ལ་གཏོར་ཡས་ལ་མིན་ད། ཁྱེད་ཀྱ་ལ་ཡར་རྒྱས་བཏང་ཡས་ཀྱི་ཆེད་དུ་ང་ལ་གནང་བ་ལགས།
གི་བྱས་རེ་སྨྲ་ན་འེ་ཀྱ་རང་གི་སྐོར་ལ་མིན་ད། ཡིན་ནའང་འེ་ཀྱ་ཡེ་ཤུའི་ཆེད་དུ་ཁྱེད་ཀྱ་ཡི་ཞབས་ཕྱི་པ་བྱུང་རེ། ཡེ་ཤུ་མཱ་ཤི་ཀ་རང་གཙོ་བོ་ཡིན་སྨྲས་རེ་གསལ་བསྒྲགས་བྱེད་ད་ཡིན།
ད་ང་མི་ཀྱ་ནས་ངོས་ལེན་བཙལ་ལི་བོ། ཡང་མེད་ན་དཀོན་མཆོག་ནས་བཙལ་ལི་བོ། ཡང་ང་མི་ཀྱ་ལ་དགའ་རུ་བཅུག་ཡས་ལ་ཐབས་ཤེས་བྱེད་འདིག་བའི། ངས་ད་ལྟ་ཐུག་པའི་མི་ཀྱ་ལ་དགའ་རུ་བཅུག་ཡས་ཐབས་ཤེས་བྱས་འོད་ན། ང་མཱ་ཤི་ཀའི་ཞབས་ཕྱི་འོངས་ཡས་མེད།
འོ་རང་ཀྱ་རང་མཐོང་དང་གཞན་མ་ལ་དཀྲུག་གིན་དང་། གཅིག་གིས་གཅིག་ལ་ཕྲག་དོག་བྱེད་ཀྱིན་ལས་ཀ་བྱེད་ཡས་མེད་ད་ལགས།།
ཡ་ཧུ་དཱ་པ་ལྤགས་བོ་བཅད་ཀྱིན་སྲོལ་སྲུང་མཁན་ཀྱ་ཡིས་འང་ཆོས་ཁྲིམས་མི་སྲུང་ང་ལགས། ཡིན་ནའང་ཁོང་ཀྱ་ཁྱེད་ཀྱི་དོན་ནས་རང་ལ་བསྟོད་སྒྲ་རག་ཡས་ལ། ཁྱེད་ཀྱ་ཡིས་ལྤགས་བོ་བཅད་ཀྱིན་སྲོལ་སྲུང་ཡས་འདོད་པ་བྱེད་ད་ལགས།
སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།
ཆོས་ཚོགས་ཀྱི་རྒན་པ་ལྟ་རྟོག་དགའ་བྱེད་མཁན། དེ་ནས་དམིགས་གསལ་དུ་ཆོས་བཤད་ཡས་དང་། བསླབ་བྱ་བསླབས་ཀྱིན་ལས་ཀ་ལ་དཀའ་ལས་བརྒྱབ་མཁན་རྒན་པ་ཀྱ་ལ། བཀུར་སྟི་ལྡབ་གཉིས་ཐོབ་དགོས་བ་ལགས།