Biblia Todo Logo
Bìoball air-loidhne

- Sanasan -




༡ ཐེ་ས་ལོ་ནི་ཀེ་པ། 1:10 - གློ་བ།

10 འཆི་བ་ནས་གསོན་པོ་མཛད་མཁན་ཁོང་པ་ཡི་སྲས་ཡེ་ཤུ་ནམ་མཁའི་ཞིང་ཁམས་ནས་ཕེབས་ཡས་ལ་ཁྱེད་ཀྱ་སྒུག་སྟེ་བསྡད་ཀྱིན་གོ། མི་མང་ཀྱ་རང་འེ་ཀྱ་ལ་བཤད་འདིག། མ་འོངས་པ་ལ་དཀོན་མཆོག་གི་ཐུགས་ཕྲོ་ནས་འོ་རང་ཀྱ་ལ་ཡེ་ཤུ་ཡིས་རང་ཐར་པ་མཛད་ཀྱི་ལགས།།

Faic an caibideil Dèan lethbhreac




༡ ཐེ་ས་ལོ་ནི་ཀེ་པ། 1:10
46 Iomraidhean Croise  

མོ་ནས་སྲས་གཅིག་འཁྲུང་གི་ལགས། དེ་ནས་ཁྱོས་ཁོང་པ་ཡི་མཚན་ལ་ཡེ་ཤུ་བཏགས་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་རང་གི་མི་ཀྱ་ལ་ཁོང་ཀྱ་ཡི་སྡིག་པ་ཀྱ་ནས་སྐྱོབ་ཀྱི་ལགས།


གི་བྱས་རེ་སྨྲ་ན་མིའི་བུ་ནི་རང་གི་བང་ཆེན་ཀྱ་མུ་ལ་རང་གི་ཡབ་ཀྱི་གཟི་བརྗིད་ལ་ཕེབས་ཀྱི་ལགས། དེ་ནས་མི་རེ་རེ་ལ་རང་གི་བྱ་བ་ལ་མཐུན་གྱིན་ལན་གནང་གི་ལགས།


ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དུ་རུ་ལངས་རེ་བསྡད་ད་མི་རིང་འགའ་ཡིས། མིའི་བུ་རང་གི་རྒྱལ་སྲིད་དབང་བསྒྱུར་ལ་ཕེབས་ཀྱིན་གོ་མ་མཐོང་གིན་ཐུག་པའི་འཆི་བ་མྱངས་དགོས་གུ་མ་ལགས།།


ཡིན་ནའང་ཕཱ་རུ་ཤི་པ་ཀྱ་དང་སཱ་དུ་ཀི་པ་ཀྱ་ནས་མི་མང་ཆེ་ཁྲུས་གསོལ་ལེན་དུ་འོང་གིན་གོ་གཟིགས་ཏེ་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། དུག་སྦྲུལ་གྱི་བརྒྱུད་པ་ཁྱེད་ཀྱ། མ་འོངས་པར་གྱི་ཐུགས་ཁྲོ་ནས་ཁྱེད་ཀྱ་འབྲོས་ཡས་ལ་སུས་ཉེན་བརྡ་བཏང་སོ།


ད་སི་མེ་ཡོན་སྨྲ་གིན་མི་དྲང་པོ་དང་དཀོན་མཆོག་ལ་རྩི་གིན་གཅིག་ཡེ་རུ་ཤ་ལེམ་དུ་འོད་ད་ལགས། ཁོ་ནི་ཡིས་ར་ཨེལ་པ་ཀྱ་ལ་སེམས་གསོ་གནང་མཁན་གོ་ཕེབས་ཡས་དུས་ལ་གུག་སྟེ་བསྡད་འོད་ད་ལགས། དེ་ནས་དམ་པའི་ཐུགས་ཉིད་ཁོའི་མུ་ལ་འོད་ད་ལགས།


ཡོ་ཧ་ནན་གྱི་ལག་པ་ནས་ཁྲུས་གསོལ་ལེན་དུ་འོང་མཁན་མི་མང་ཀྱ་ལ་ཁོས་སྨྲས་བ་ལགས། ཁྱེད་དུག་སྦྲུལ་གྱི་ཕྲུ་བ་ཀྱ་བོ། འོང་ཡས་ཡིན་གྱིན་དཀོན་མཆོག་གི་ཐུགས་ཁྲོ་ནས་འབྲོས་རེ་འགྲོ་ཡས་ལ་ཁྱེད་ཀྱ་ལ་སུས་ཉེན་བརྡ་བཏང་སོ།


འོ་དེ་མི་གཉིས་བོ་ཡིས་སྨྲས་བ་ལགས། ཁྱེད་ག་ལིལ་གི་མི་ཀྱ་བོ། ཁྱེད་ཀྱ་གི་བྱས་རེ་ལངས་རེ་གནམ་ཕྱོགས་ལ་བལྟས་རེ་བསྡད་ད་ལེ། ཁྱེད་ཀྱ་ཡི་ཁོག་ནས་ཁྲིད་བ་མཛད་ཛ་ཡེ་ཤུ་ནི་ད་ལྟ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཀྱིན་གོ་ཁྱེད་ཀྱ་ཡིས་མཐོང་ཐ་ཅོག་རེ། ཡང་ཁོང་པ་ཁྱེད་ཀྱ་རྩ་རུ་དེ་རེ་རང་བྱས་རེ་ཕེབས་ཀྱི་ལགས།


གི་བྱས་རེ་སྨྲ་ན་ཁོང་པ་ཡིས་བསྐོས་གནང་མཁན་མི་དེའི་ཕྱིར་ནས་འཛམ་བུ་གླིང་གི་མི་གི་རི་ཡིས་ཁྲིམས་གོ་དྲང་པོ་གཅོད་ཡས་སྨྲས་རེ་ཁོང་པ་ཡིས་ཁྲིམས་རྩི་གིན་ཉིན་མ་དེ་བསྐོས་མཛད་འོད་ད་ལགས། དེའི་དཔང་པོ་གོ་ཁོང་པ་ཡིས་ཁོང་ལ་འཆི་བ་ནས་ཡང་གསོན་པོ་བཞེངས་ང་མཛད་དེ་མི་གི་རི་ལ་སྟོན་མཛད་འོད་ད་ལགས།


ཡོན་ནའང་དཀོན་མཆོག་གིས་ཁོང་པ་ལ་འཆི་བ་ནས་གསོན་པོ་བཞེངས་ང་མཛད་པ་ལགས། དཀོན་མཆོག་གིས་ཁོང་པ་ལ་འཆི་བའི་ཤུགས་ནས་ཁ་བྲལ་མཛད་པ་ལགས། གི་བྱས་རེ་སྨྲ་ན་འཆི་བའི་ཤུགས་ཀྱིས་ཁོང་པ་ལ་ཙོག་བའི་ཟིམ་ཏེ་བཞག་མི་ཐུབ་བ་ལགས།


ད་ཁོང་རང་ཡེ་ཤུ་ལ་དཀོན་མཆོག་གིས་འཆི་བ་ནས་གསོན་དུ་བཅུག་པ་ལགས། དེ་ནས་དེ་ལབ་ཀྱི་དཔང་པོ་གོ་འོ་རང་གི་རི་འོད།


ཚེ་སྲོག་གནང་མཁན་གོ་ལ་ཁྱེད་རང་ཀྱ་ཡིས་བསད་སོང་། ཡིན་ནའང་དཀོན་མཆོག་གིས་ཁོང་པ་ལ་འཆི་བ་ནས་གསོན་པོ་བཞེངས་བ་མཛད་སོང་། དེ་ལབ་ཀྱི་དཔང་པོ་འེ་ཀྱ་ཡིན།


ཡིན་ནའང་ཨེན་མ་ནས་ཧ་ལ་དམ་པ་མངོན་ཤེས་མཁན་ཀྱ་ཡིས་གསུངས་ཀྱིན་ཅོག་རེ། དཀོན་མཆོག་ནས་གི་རི་གསར་པ་མཛད་ཀྱིན་དུས་ཚོད་མ་ཡོང་ཐུག་པའི། ཡེ་ཤུ་ནམ་མཁའི་ཞིང་ཁམས་དུ་རང་བཞུགས་དགོས་ཀྱི་ལགས།


ཁྱེད་ཀྱ་དང་ཡིས་ར་ཨེལ་གྱི་མི་ཀྱ་གི་རི་ཡིས་ཧ་གོ་ར་ཤོག འདི་མི་ཞ་ཀྱོག་བ་འདི་ན་ཙ་རེད་ཀྱི་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་བཅོས་ག་བྱུང་བ་ལགས། ཁྱེད་རང་ཀྱ་ཡིས་ཁོང་པ་ལ་རྒྱང་ཤིང་ཁར་ལ་བརྐྱངས་པ་ལགས། ཡིན་ནའང་དཀོན་མཆོག་གིས་ཁོང་པ་ལ་འཆི་བ་ནས་གསོན་པོ་བཞེངས་བ་མཛད་པ་ལགས།


ཡེ་ཤུ་མཱ་ཤི་ཀ་འོ་རི་གཙོ་བོ་ནི་འཆི་བ་ནས་སླར་གསོན་པོ་བཞེངས་ང་མཛད་དེ། དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ནུས་མཐུའི་ནང་དཀོན་མཆོག་གི་སྲས་བཀོས་བ་ལགས།


དེ་ནས་བཟོད་པའི་སྒོ་ནས་ལས་བཟང་ང་བྱས་རེ་གཟི་བརྗིད་དང་། བཀུར་སྟི་དང་། འཆི་བ་མེད་ཀྱིན་ཚེ་བཙལ་མཁན་མི་ཀྱ་ལ་ཁོང་གིས་མཐའ་མེད་པའི་ཚེ་སྲོག་གནང་གི་ལགས།


འོ་རི་སྡིག་པ་ཀྱ་ཡིས་བྱས་རེ་ཡེ་ཤུ་འཆི་བ་ལ་སྟེར་པ་ལགས། དེ་ནས་འོ་རང་ལ་དྲང་པོ་མཛད་ཡས་ཀྱི་ཆེད་དུ་ཁོང་སྐུ་གསོན་པོ་བཞེངས་དུ་བཅུག་པ་ལགས།།


ད་ཧ་ན་འོ་རང་ལ་སུས་ཁྲིམས་གཅོད་བྱེད་ཀྱི་ལེ། སུས་འང་བྱེད་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུ་ནི་འོ་རི་ཆེད་དུ་གྲོངས་ང་མཛད་པ་ལགས། དེ་ནས་ཡང་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས། དེ་ནས་ཁོང་དཀོན་མཆོག་གི་ཕྱག་གཡས་རུ་བཞུགས་བ་མཛད་དེ། འོ་རི་ཆེད་དུ་ཞུ་བ་འབུལ་ལི་འོད་ད་ལགས།


འོ་བྱས་རེ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་མཇལ་ཡས་ལ། ཁྱེད་ཀྱ་གུག་སྟེ་བསྡད་ད་རང་། ཁྱེད་ཀྱི་ནང་སེམས་ཉིད་ཀྱི་གནང་སྦྱིན་གིའང་མེད་ཚང་གིན་མེད་ཡོང་གི་ལགས།


མཱ་ཤི་ཀ་ཡིས་འོ་རི་ཚབ་ལ་ཆད་པ་བྱུང་རེ་འོ་རང་ལ་ཆོས་ཁྲིམས་ཀྱི་ཆད་པ་ནས་བླུས་བ་ལགས། གི་བྱས་རེ་སྨྲ་ན་ཤིང་ཁར་ལ་བརྐྱངས་མཁན་གི་རི་ཆད་པ་ཕོག་པ་ལགས་སྨྲས་རེ་བྲིས་འོད་ད་ལགས།


ཡིན་ནའང་འོ་རི་ཕ་ཡུལ་ནི་ནམ་མཁའི་ཞིང་ཁམས་ལགས། དེ་ནས་འོ་དེ་ནས་ཕེབས་ཡས་ཡིན་གྱིན་སྐྱབས་མགོན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་འོ་རང་གུག་སྟེ་བསྡད་ད་ལགས།


ཁོང་རང་གི་སྐུ་སྲོག་ཡིན་གྱིན་ཆོས་ཚོགས་ཀྱི་དབུ་ལགས། ཁོང་ཐོག་མ་གོ་ལགས། དེ་ནས་གི་རིའི་ཐོག་ལ་ཁོང་མཐོ་ཤོས་འབྱུང་ཡས་ལ་ཁོང་འཆི་བ་ནས་གསོན་གྱིན་འགོ་མ་གོ་ལགས།


འོ་བྱས་རེ་མ་ཀེ་དོན་ཡཱ་དང་ཨ་ཀ་ཡི་ཡཱ་རུ་འོད་མཁན་དད་པ་བྱེད་མཁན་གི་རིའི་ཕྱིར་ལ་ཁྱེད་ཀྱ་དཔེ་བྱུང་འདུག


དེ་ནས་མི་རིགས་གཞན་མ་ཀྱ་ལ་ཐར་པའི་ལམ་གྱི་སྐོར་ལ་བཤད་ཡས་ལ། དེ་ཀྱ་ཡིས་འོ་རང་ལ་བཀག་ཡས་ཐབས་ཤེས་བྱས་རེ་རང་གི་སྡིག་པའི་ཚད་གོ་བསགས་བའི། ཡིན་ནའང་མཐའ་ལ་དཀོན་མཆོག་གི་ཐུགས་ཁྲོ་ཁོང་ཀྱ་ཁར་ལ་བབས་པ་ལགས།


ཡིན་ནའང་ཨ་མས་རང་གི་ཕྲུ་སྐྱོང་གིན་ཅོག་རེ་ཁྱེད་ཀྱ་ཡི་ཁོག་ལ་འེ་ཀྱ་འཇམ་པོ་བྱས་རེ་བསྡད་པའི།


གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་འོ་རང་ལ་ཁོང་པ་ཡི་ཐུགས་ཁྲོ་མྱངས་ཡས་ལ་བདམས་མ་མ་མཛད་པ་ལགས། ཡིན་ནའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐར་པ་འཐོབ་ཡས་ཀྱི་ཕྱིར་ལ་བདམས་མ་མཛད་པ་ལགས།


དཀོན་མཆོག་གི་གདོང་དུ་དང་། གསོན་པོ་དང་གཤིན་པོ་གཉིས་ཀྱི་ཁྲིམས་གཅོད་མཛད་ཀྱིན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ། དེ་ནས་ཁོང་པ་ཡི་ལྡབ་ལེ་ཕེབས་བསུ་དང་རྒྱལ་སྲིད་ལ་རྟེན་ཏེ་ང་ཁྱོད་ལ་འདི་རེ་ལྕག་བརྒྱབ་བ་ཡིན།


དེ་ནས་འོ་རི་ཁག་ཆེ་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་ཡས་ཡིན་གྱིན་ཉིན་མ་བྱིན་རླབས་ཆེ་གོ་ལ། འོ་རང་རེ་བ་བྱས་རེ་སྒུག་སྟེ་བསྡད་ད་ལགས།


ཡིན་ནའང་དཀོན་མཆོག་གི་ཁྲིམས་གཅོད་ཕོག་ཡས་ལ་སྒུག་སྟེ་བསྡད་ཡས་ཀྱི་འཇིགས་སྐྲག་དང་། ཁོང་གི་དགྲ་ཀྱ་ལ་མེད་ད་ལ་མཛད་ཡས་ཡིན་གྱིན་ཐུགས་ཁྲོའི་མེའི་ཉེན་ཁ་གཅིག་ཀ་འོད་ད་ལགས།


མཱ་ཤི་ཀ་མི་མང་ང་ཡི་སྡིག་པ་འཁུར་ཡས་ལ་ཐེངས་གཅིག་ལ་རང་དམར་མཆོད་བྱུང་བ་ལགས། དེ་ནས་སྡིག་པ་འཁུར་ཡས་ཀྱི་ཆེད་དུ་མིན་ད། ཡིན་ནའང་ཁོང་པ་ལ་སྒུག་སྟེ་བསྡད་ད་ཀྱ་ལ་སྐྱོབ་ཡས་ཀྱི་ཆེད་དུ། ཁོང་པ་ཡང་ཐེངས་གཉིས་བ་མངོན་མཛད་ཀྱི་ལགས།།


དེ་ནས་ཁྱེད་ཀྱ་ཁོང་པ་ཡི་སྒོ་ནས་རང་དཀོན་མཆོག་ལ་དད་པ་སྐྱེས་བ་ལགས། དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་གསོན་པོ་མཛད་དེ་ཁོང་ལ་གཟི་བརྗིད་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་ལ་དད་པ་བྱས་རེ་རེ་བ་བྱེད་ད་ལགས།


དཀོན་མཆོག་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ལ་བསྟོད་པ་འབུལ་ལོ། ཁོང་པ་ཡི་སྙིང་རྗེ་ཆེན་པོས་ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་གསོན་པོ་མཛད་དེ། འདིའི་ཐོག་ནས་འོ་རང་ཀྱ་ལ་རེ་བ་གསོན་པོ་འཐོབ་ཡས་ཀྱི་ཆེད་དུ། འོ་རང་ཀྱ་ལ་ཚེ་གསར་པ་གནང་འོད་ད་ལགས།


ཁྱེད་ཀྱ་དོན་འདིའི་ཕྱིར་ལ་རང་བོས་བ་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་གཤམ་ལ་འབྲང་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཁྱེད་ཀྱི་དོན་དུ་སྡུག་པོ་མྱངས་རེ་ཁོང་གིས་ཁྱེད་ཀྱ་ཡི་ཕྱིར་ལ་དཔེ་གཅིག་བཞག་མཛད་པ་ལགས།


གི་བྱས་རེ་སྨྲ་ན་འོ་རང་ལ་དཀོན་མཆོག་དྲུང་དུ་འཁྲིད་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀའང་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ་གྲོངས་བ་ལགས། དྲང་བདེན་གོ་མེད་དྲང་ང་ཡི་ཆེད་དུ་གྲོངས་པ་ལགས། ཁོང་པ་ལུས་ལ་བསད་པ་ལགས། ཡིན་ནའང་ཐུགས་ཉིད་ཀྱི་ཐོག་ནས་ཁོང་སྐུ་གསོན་པོ་མཛད་པ་ལགས།


འོ་བྱས་རེ་གཅེས་བའི་ཀྱ་བོ། ཁྱེད་ཀྱ་དོན་དེ་ཀྱ་ལ་སྒུག་སྟེ་བསྡད་ཀྱིན་བྱས་རེ། དཀོན་མཆོག་གི་དྲུང་དུ་དྲི་མ་མེད་ཀྱིན་དང་། སྐྱོན་མེད་ཀྱིན་དང་། ཞི་བདེ་ལ་ཐུག་ཡས་ཀྱི་ཆེད་དུ་གི་ཐུབ་ཐུབ་ཐབས་ཤེས་བྱེད།


ང་ནི་གསོན་པོ་གོ་ཡིན། ཨེན་མ་ང་ཤི་བ་ལགས། དེ་ནས་ད་ལྟ་ལྟོས་དང་། ང་དུས་གཏན་གྱི་ཆེད་དུ་གསོན་པོ་འོད། དེ་ནས་ང་ལ་འཆི་བ་དང་གཤིན་པོ་ཀྱ་བསྡད་སའི་ལྡེ་མིག་ཀྱ་འོད།


ལྟོས་དང་། ཁོང་པ་སྲིང་པ་ཀྱ་ཡི་ཁོག་ནས་ཕེབས་བའི། དེ་ནས་མིག་གི་རི་ཡིས་ཁོང་ལ་མཇལ་གྱི་ལགས། དེ་ནས་ཁོང་པ་ལ་མདུང་བཙུགས་མཁན་ཀྱ་ཡིས་འང་མཇལ་གྱི་ལགས། དེ་ནས་འཇིག་རྟེན་གྱི་མི་གི་རི་ཁོང་པ་ཡི་དོན་དུ་ངུ་བརྡ་བརྒྱབ་ཀྱི་ལགས། གཏམ་དེ་བདེན་པ་འབྱུང་བར་ཤོག། ཨ་མེན།


Lean sinn:

Sanasan


Sanasan