8 ཁྱེད་ཀྱ་རང་ཚོད་ཟིམ་ཏེ་སྤྱང་རྫེ་བྱེད། ཁྱེད་ཀྱ་ཡི་དགྲ་ཡིན་གྱིན་བདུད་ནི་ངར་སྐད་སྟོན་གྱིན་སེང་གེ་ཅོག་རེ། སུ་ལ་རྙེད་དེ་ཟ་གུ་ནུང་སྨྲས་རེ་བཙལ་རེ་རྒྱུག་བ་ལགས།
དེ་ནས་ཡུགས་སྤུ་བཏབ་ཀྱིན་དགྲ་གོ་བདུད་ལགས། ལོ་ཐོག་སྡུད་ཀྱིན་དུས་ཚོད་གོ་མཐའ་མའི་དུས་ཚོད་ལགས། དེ་ནས་རྔ་མཁན་ཀྱ་ནམ་མཁའི་བང་ཆེན་ཀྱ་ལགས།
འོ་བྱས་རེ་ཁྱེད་ཀྱི་གཙོ་བོ་ནམ་ཕེབས་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་མེད་ཤེས་ཀྱིན་བྱས་རེ་སྤྱང་ཛེ་སྡོད།
དེ་ནས་རྒྱལ་བོ་ཡིས་ཁོ་རི་གཡོན་ཕྱོགས་ཀྱི་མི་ཀྱ་ལ་དེ་རེ་གསུངས་ཀྱི་ལགས། དམོད་མོ་ཕོག་པ་ཁྱེད་ཀྱ། བདུད་དང་ཁོའི་བང་ཆེན་ཀྱ་ཡི་ཕྱིར་ལ་བཤམས་ཏེ་བཞག་ཞ་མཐའ་མེད་ཀྱིན་མེ་ལ་ང་ནས་འབྲལ་རེ་སོང་།
ད་བདུད་ཀྱིས་ཡེ་ཤུ་ལ་ཚོད་ལྟ་ལེན་ཡས་ཀྱི་ཕྱིར་ལ་དམ་པའི་ཐུགས་ཉིད་ཀྱིས་ཡེ་ཤུ་ལ་རི་སྟོང་དུ་ཁྲིད་མཛད་པ་ལགས།
དེ་ནས་བདུད་གོ་ཁོང་པ་ཡི་དྲུང་ནས་སོང་བ་ལགས། དེ་ནས་གཙོ་བོའི་བང་ཆེན་ཀྱ་ཕེབས་ཏེ་ཁོང་པ་ཡི་ཞབས་ཕྱི་ཞུས་བ་ལགས།
མི་རིང་འགའ་ལམ་ཁ་ལ་གཏོར་ད་ས་ང་ཀྱ་ཅོག་རེ་འོང་ང་ལགས། ཁོང་ཀྱ་ཡིས་བཀའ་གོ་ཉན་ལུང་མེད་ད་ལ་བདུད་འོངས་རེ་ཁོང་ཀྱ་ནང་དུ་བཏབ་ཏ་བཀའ་གོ་ཕྲོགས་ཏེ་འགྲོ་གི་ལགས།
ཡིན་ནའང་ཁྱེད་ཀྱ་སྤྱང་རྗེ་བྱས་རེ་སྡོད། མིན་ན་ཁྱིད་ཀྱི་སེམས་ཉམ་བཏང་ཡས་དང་བཟི་རེ་བསྡད་ཡས་དང་མི་ཚེའི་སྡུང་ང་ཡིས་བསྣེམ་གྱི་ལགས། དེ་ནས་འོ་དེ་ཉིན་མ་གོ་ཧ་ཏག་པ་ལ་རྙི་ལ་འཐེམ་གྱིན་ཅོག་རེ་འོང་གི་ལགས།
ཡིན་ནའང་འོང་ཡས་བྱེད་ཀྱིན་དེ་གི་རི་ནས་ཐར་ཡས་དང་། མིའི་བུའི་དྲུང་དུ་ལངས་རེ་བསྡད་ཐུབ་ཡས་ཀྱི་ཕྱིར་ལ་ཙོག་བའི་གསོལ་བ་བརྒྱབ་སྟེ་སྤྱང་རྗེ་བྱས་རེ་སྡོད།
འོ་དེ་གཤམ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སི་མོན། སི་མོན། དུ་རུ་ཉན། སཱ་ཏན་གྱིས་ཁྱོད་ལ་གྲོ་ཅོག་རེ་འོ་འཕྱར་ཡས་ལ་ཞུས་འདུག།
ཁྱེད་ཀྱ་ཁྱེད་རི་ཡབ་བདུད་ཀྱི་ལགས། དེ་ནས་ཁྱེད་ཀྱི་ཡབ་ཀྱི་འདོད་པ་བྱེད་ཡས་ལ་ཁྱེད་ཀྱ་འདོད་ད་ལགས། བདུད་ནི་ཐོག་མ་ནས་རང་སྲོག་བཅད་མཁན་དང་བདེན་པ་ལ་འབྲལ་བ་གིའང་མེད་ད་ལགས། གི་བྱས་རེ་སྨྲ་ན་ཁོའི་ནང་བདེན་པ་མེད་ད་ལགས། དེ་ནས་ཁོ་ཟོག་བཤད་མཁན་དང་ཟོག་གི་ཡབ་བྱས་རེ། ཁོས་ཟོག་བཤད་དེ་གང་ལ་རང་གི་གཤིས་ཀ་ལ་བརྟེན་ཏེ་བཤད་ད་ལགས།
དེ་ནི་བདུད་སཱ་ཏན་གྱིས་འོ་རང་ལ་མགོ་སྐོར་མེད་བཏང་ཡས་ཀྱི་ཆེད་དུ་བྱས་བ་ལགས། གི་བྱས་རེ་སྨྲ་ན་ཁོའི་ཇུས་ཀྱ་ཡི་སྐོར་ལ་འོ་རང་གིས་མེད་ཤེས་ཀྱིན་མ་ལགས།
དེ་ནས་བདུད་ལ་གོ་སྐབས་མ་སྟེར།
དེ་ནས་བདུད་ཀྱི་གཡོ་ཇུས་ཀྱ་ནས་བརྟན་པོ་གནས་ཐུབ་ཡས་ལ་ཁྱེད་ཀྱ་དཀོན་མཆོག་གི་གོ་ཁྲབ་ཚང་པོ་གོན།
གི་ཡིན་ན་སྐྱེས་དམན་ཀྱ་ཉམ་ཆུང་ང་བྱས་རེ་དད་པ་དང་། བྱམས་པ་དང་། དམ་པ་ལ་གནས་རེ་བསྡད་ན། མོ་ཕྲུ་སྐྱེས་ལི་གང་ལ་སྐྱོབ་ཀྱི་ལགས།།
འོ་བྱས་རེ་རང་སྐྱེས་དམན་ཀྱ་ཡིས་རང་གི་སྐྲ་ལྷས་མ་སྣ་ཚོགས་ལྷས་རེ་གསེར་དང་། མུ་ཏིག་དང་། གོང་ཆེ་གོས་གོན་ཏེ་མིན་ད། རང་ལ་ལེན་ད་མཐོང་གིན་སྟབས་བདེ་དང་ཡ་རབས་ཅན་གྱི་གོས་གོན་དགོས།
ཁོང་ཀྱ་ཡི་སྐྱེས་དམན་ཀྱ་འོ་བྱས་རེ་རང་ཡ་རབས་དང་། ཕྲ་མ་མི་བྱེད་ཀྱིན་དང་། བསམ་བློ་མཐོང་ང་དང་། གི་རི་ལ་དྲང་པོ་འོང་དགོས་ཀྱི་ལགས།
འོ་བྱས་རེ་ཆོས་ཚོགས་ཀྱི་ལྟ་རྟོག་པ་གོ་སྐྱོན་འཛུགས་གིའང་མེད་ཀྱིན་དང་། སྐྱེས་དམན་གཅིག་གི་ཁྱོ་ག། བསམ་བློ་མཐོང་ང་། ཚོད་ཟིམ་གྱིན་དང་། ཡ་རབས་བཟང་ང་དང་། མགྲོན་པོ་བསུ་ཡས་ལ་དགའ་གིན། དེ་ནས་སློབ་དཔོན་བྱེད་ཡས་ལ་མཁས་བ་འོད་ཀྱིན།
ཡིན་ནའང་ངའི་ཐོག་ནས་གཏམ་བཟང་ཚང་པོ་བཤད་ཡས་ལ། དེ་ནས་ཡ་ཧུ་དཱ་པ་མིན་གྱིན་མི་རིགས་གི་རི་ཡིས་ཧ་གོ་ཡས་ཀྱི་ཕྱིར་ལ། གཙོ་བོ་ངའི་མུ་ལ་བཞུགས་ཏེ་ང་ལ་ཤུགས་གནང་སོང་། དེ་ནས་འཆི་བའི་ཁ་ནས་ང་ལ་སྐྱོབ་མཛད་སོང་།
ཡིན་ནའང་ཁོ་མགྲོན་ལ་ཕེབས་བསུ་ཞུ་ཡས་ལ་དགའ་གིན་དང་། ལས་བཟང་པོ་བྱེད་ཡས་ལ་དགའ་གིན་དང་། རང་ཚོད་ཟིམ་གྱིན་དང་དྲང་པོ་དང་། དམ་པ་དང་སྤྱོད་པ་དྲུང་ང་འབྱུང་དགོས་ཀྱི་ལགས།
འོ་དེ་ཐུགས་རྗེ་ཡིས་འོ་རང་ལ་ཆོས་ལ་མི་མཐུན་གྱིན་དང་། འཇིག་རྟེན་གྱི་འདོད་པ་ཀྱ་སྤངས་ཏེ། འདི་འཇིག་རྟེན་དུ་བསམ་བློ་མཐོང་ང་དང་། དྲང་པོ་དང་། དཀོན་མཆོག་ལ་ཐུགས་མཉེས་པོ་མི་ཚེ་པུད་ཡས་ལ་བསླབ་བྱ་གནང་ང་ལགས།
མི་རྒན་པ་ཀྱ་རང་ཚོད་ཟིམ་གྱིན་དང་། ཡ་རབས་དང་། བསམ་བློ་མཐོང་ང་དང་། དེ་ནས་དད་པ་དང་། བྱམས་པ་དང་། བཟོད་པ་ལ་བརྟན་པོ་འོང་དགོས་ཀྱི་ལགས་སྨྲས་རེ་ཤོད།
དེ་རེ་བྱེད་ན་ཁོང་ཀྱ་ཡི་སྐྱེས་དམན་ན་ཆུང་མ་ཀྱ་ལ་རང་ཁྱོ་ག་དང་ཕྲུ་བ་ཀྱ་ལ་བརྩེ་བ་བྱེད་ཡས་དང་།
དེ་ཅོག་རེ་གཞོན་པ་ཀྱ་ལ་བསམ་བློ་མཐོང་ང་འབྱུང་ཡས་ལ་སློབ་སྦྱོང་བརྒྱབ་དགོས་ཀྱི་ལགས།
འོ་བྱས་རེ་རང་ལ་དཀོན་མཆོག་གི་ཕྱག་འོག་ལ་ཕུལ། བདུད་ལ་ངོ་ལོག་བྱེད། དེ་ནས་ཁོ་ཁྱེད་ཀྱ་ནས་འབྲོས་རེ་འགྲོ་གི་ལགས།
འོ་བྱས་རེ་ཁྱེད་ཀྱ་རང་གི་སེམས་གྲ་སྒྲིག་བྱེད། དེ་ནས་སྤྱང་རྫེ་བྱས་རེ་སྡོད། དེ་ནས་ཡེ་ཤུ་མཱ་ཤི་ཀ་མངོན་ཏེ་གང་ལ། ཁྱེད་ཀྱ་ལ་གནང་ཡས་ཡིན་གྱིན་ཐུགས་རྗེ་གོ་ལ་རེ་བ་ཚང་གོ་བྱས་རེ་སྡོད།
དོན་གི་རིའི་མཐའ་གོ་ཉེ་སླེབས་འདུག། འོ་བྱས་རེ་ཁྱེད་ཀྱ་སྨོན་ལམ་བརྒྱབ་ཡས་ཀྱི་ཆེད་དུ་རང་ཚོད་ཟིམ་གྱིན་དང་གཟབ་གཟབ་འབྱུང་དགོས།
དེ་ནས་ངས་ནམ་མཁའི་ཞིང་ཁམས་དུ་དེ་རེ་གསུངས་ཀྱིན་གསུང་སྐད་ཆེ་གོ་སོང་། ད་འོ་རི་དཀོན་མཆོག་གི་ཐར་པ་དང་ནུས་མཐུ་དང་རྒྱལ་སྲིད། དེ་ནས་ཁོང་པ་ཡི་མཱ་ཤི་ཀའི་དབང་ཆ་གོ་ཕེབས་འདུག། གི་བྱས་རེ་སྨྲ་ན་འོ་རི་དཀོན་མཆོག་གི་དྲུང་དུ་འོ་རི་སྤུན་ཀྱ་ལ་ཉིན་མཚན་སྐྱོན་འཛུགས་ཀྱིན། འོ་དེ་སྐྱོན་འཛུགས་མཁན་གོ་ལ་མ་ལ་གཡུགས་འདུག
འོ་བྱས་རེ་ནམ་མཁའི་ཞིང་ཁམས། དང་འོ་དུ་རུ་བཞུགས་ཀྱིན་ཁྱེད་ཀྱ་དགའ་སྤྲོ་བྱེད། ཡིན་ནའང་ས་གཞི་དང་རྒྱ་མཚོ་དེ་མྱངས་བ་ལི། གི་བྱས་རེ་སྨྲ་ན་རང་གི་དུས་ཚོད་ཉུང་ང་འོད་ཀྱིན་གོ་ཤེས་རེ། བདུད་གོ་ཁོང་ཁྲོ་ཆེ་ལངས་རེ་ཁྱེད་ཀྱི་རྩ་རུ་མ་ལ་འོངས་འོད་ད་ལགས།
འོ་དེ་འབྲུག་ཆེ་གོ་མ་ལ་གཡུགས་པ་ལགས། དེ་ནི་འཇིག་རྟེན་གྱི་མི་གི་རི་ལ་བསླུ་གིན་བདུད་ཡང་ན་སཱ་ཏན་སྨྲས་རེ་སྨྲ་མཁན་ཨེན་མ་ཨེན་མའི་སྦྲུལ་གོ་ལགས། འོ་དེ་ལ་ས་གཞི་རུ་གཡུགས་པ་ལགས། དེ་ནས་འོ་དེ་མུ་ལ་ཁོའི་བང་ཆེན་ཀྱའང་གཡུགས་པ་ལགས།
དེ་ནས་ཁོང་ཀྱ་ལ་བསླུ་གིན་འོ་དེ་འདྲེ་གོ་སེམས་ཅན་དང་མངོན་ཤེས་མཁན་ཟོག་པོ་གོའང་། འོད་ས་མེ་དང་མུ་ཟིའི་མཚོ་ནང་དུ་གཡུགས་པ་ལགས། འོ་དུ་རུ་ཁོང་ཀྱ་རྒྱུན་ནས་རྒྱུན་དུ་ཉིན་མཚན་སྡུག་པོ་མྱངས་ཀྱི་ལགས།
ཁོང་པ་ཡིས་འོ་དེ་འབྲུག། ཡང་ན་ཨེན་མ་ཨེན་མའི་སྦྲུལ། ཡང་ན་འདྲེ། ཡང་ན་བདུད་སཱ་ཏན་གོ་ལ་ཟིམ་པ་ལགས། དེ་ནས་ལོ་གཅིག་སྟོང་གི་ཆེད་དུ་བཀྱིགས་ཏེ་བཞག་པ་ལགས།